ArchiveAboutContact

Archive

Browse by month

11257 stories

National News

འབྲུག་རྒྱལ་ཁབ་ནང་ འཕགས་པའི་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་སྟེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན།

ཡིག་ཚང་ལས་བྱེདཔ།རང་ཟླ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ ཞབས་དྲུང་སྐུ་མཆོད་དང་བསྟུན་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ རྒྱལ་ཁབ་འདི་ནང་ དགེ་འདུན་གྲྭ་ཚང་ འགོ་དང་པ་ གཞི་བཙུགས་གནང་སྟེ་ མི་ལོ་ ༤༠༠ འཁོར་བའི་ དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུ་ནི་ཨིན་པས།དེ་ཡང་ སྤྱི་ལོ་ ༡༦༢༡ གི་ལོར་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་ལུ་ དགེ་སློང་ཞལ་གྲངས་ ༣༠ དང་བཅསཔ་སྦེ་ གཞི་བཙུགས་གནང་པའི་ བཀྲིན་རྗེས་དྲན་ལུ་ བརྩི་སྲུང་ཞུཝ་ཨིན་ཟེར་ ཐིམ་ཕུ་རྟ་མགོ་རྡོར་གདན་ནང་པའི་མཐོ་རིམ་སློབ་གྲྭའི་ དབུ་འཛིན་འོགམ་ མཁན་པོ་ཉི་མ་གིས་ བཤདཔ་ཨིན་པས།ད་རེས་ནངས་པ་ར་ གཞུང་དགེ་འདུན་གྲྭ་ཚང་གིས་གཙོས་པའི་ རབ་སྡེ་ཁག་དང་ བཤད་གྲྭ་ སྒྲུབ་སྡེ་ སྒོམ་སྡེ་ལ་སོགས་པ་ཚུ་བསྡོམས་ཏེ་ དགེ་སློང་ཞལ་གྲངས་ ༡༩,༠༠༠ དེ་ཅིག་ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ མཁན་པོ་ཉི་མ་གིས་ བཤདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

མོང་སྒར་དང་ རྒྱལ་པོའི་ཞིང་ལུ་ རྒྱལ་འཛིན་མེ་ཏོག་འགྲེམ་སྟོན།

ཨྱོན་ཚེ་རིང་།སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ ཨ་ཞེ་ཡིད་མཚོ་ཚུ་ མོང་སྒར་རྒྱལ་པོའི་ཞིང་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ ཐེངས་ ༧ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ ཆིབས་བསྐྱོད་གནང་ནུག།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢ ལས་ འགོ་བཙུགས་ཡོདཔ་ད་ མཐར་འཁྱོལ་ཅན་གྱི་ མེ་ཏོག་འགྲེམ་སྟོན་དེ་ མཇུག་བསྡུ་བའི་ཤུལ་ལུ་ སོ་ནམ་དང་ ནགས་འཚལ་ལྷན་ཁག་གིས་ མེ་ཏོག་ལྡུམ་ར་དེ་ གཏན་འཇགས་ཀྱི་དོན་ལས་ མོང་སྒར་རྫོང་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།མེ་ཏོག་འགྲེམ་སྟོན་དེ་ནང་ དངོས་སུ་སྦེ་ བལྟ་སྐོར་ལུ་ ལྷོད་མ་ཚུགས་མི་ཚུ་གི་དོན་ལས་ རྒྱལ་པོའི་ཞིང་ བརྡ་དོན་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ རྒྱབ་སྐྱོར་ཐོག་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༡ ལུ་ ཡོངས་འབྲེལ་འཆར་སྒོ་ www.flora.bt ཐོག་ལས་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

gyalchi
National News

གཞུང་གི་ཁ་ཐུག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ གཏང་མི་ཚུགས་ནི།

བདེ་སྐྱིད་ཆོས་སྒྲོན།མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ཤེས་རིག་བློན་པོ་ ཇེ་བི་རའི་གིས་ དུས་ཅི་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་ལངམ་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ གཏང་མི་ཚུགས་ནི་ཨིན་པའི་ གསལ་བཤད་གནང་ཡི།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ ཡོངས་འབྲེལ་ཐོག་ལས་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གསུངས་ཡོདཔ་ད་ ཨ་ལོའི་ཕམ་ཚུ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་ ༦ པ་ཚུན་ སྒེར་གྱི་སློབ་གྲྭ་ཚུ་ནང་ བཙུགས་ནི་ལུ་ གདམ་ཁ་རྐྱབ་དོ་བཟུམ་སྦེ་ སློབ་རིམ་ ༡༠ པ་ མཇུག་བསྡུ་བའི་ཤུལ་ལས་ཡང་ སྒེར་གྱི་སློབ་གྲྭ་ཚུ་ནང་ བཙུགས་ནི་གི་ གདམ་ཁ་རྐྱབ་པ་ཅིན་ གནས་སྟངས་དེ་ སྙོམས་ཏོང་ཏོ་ འགྱོ་ནི་མས་ཟེར་ཨིན་པས།ཤེས་རིག་བློན་པོ་གིས་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་མེད་པའི་ ཚ་གྱང་ལང་མི་ཚུ་ ལྷན་ཁག་དང་ འབྲེལ་བ་འཐབ་མ་གནང་ཟེར་ཨིནམ་ད་ དེ་ཡང་ ལྷན་ཁག་གིས་ ཧེ་མར་ སྒེར་གྱི་སློབ་གྲྭ་ཚུ་གི་དོན་ལས་ སློབ་གྲྭའི་འཐུས་ཀྱི་ ཚད་གཞི་བཟོ་ཡོད་མི་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།ད་རེས་ གཞུང་གིས་ དེ་སྦེ་ གྲོས་ཐག་བཅད་མི་དེ་ ཧང་སྟོང་མར་མིན་ཟེར་ཨིནམ་ད་ […]

gyalchi
World News

ར་ཤི་ཡའི་ དམག་དཔུང་ཚུ་ ཕྱིར་བཏོན་མ་འབད་ཚུན་ ཡུ་ཀེ་རེན་གྱིས་ དམག་འཛིང་མཚམས་འཇོག་མི་འབད་ནི།

ཨཱལ་ཇ་ཟི་ར།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ དབང་སྟེ་ཡོད་མི་ ས་ཁོངས་ནང་ ཁོང་གི་དམག་དཔུང་ཚུ་ འཕྲོ་མཐུད་དེ་ར་ སྡོད་ནི་ལུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ངོས་ལན་འབད་ཐབས་མེད་ཟེར་ཨིན་མས།དེ་ཡང་ འགོ་རིམ་དང་པའི་ འཐབ་འཛིང་ནང་ ར་ཤི་ཡ་གིས་ བཟང་བཅོམ་འབད་མི་དེ་ ཡུ་ཀེ་རེན་ དམག་སྡེ་གིས་ བཀག་ཆ་འབད་དེ་ཡོད་ལུགས་དང་ འགོ་རིམ་ ༢ པའི་ནང་ ར་ཤི་ཡའི་ དམག་དཔུང་ཚུ་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ལས་ ཕྱིར་བཏོན་འབད་ནི་ འགོ་རིམ་ ༣ པའི་ནང་ ཡུ་ཀེ་རེན་གྱི་ མངའ་ཁོངས་དེ་ གཅིག་འགྱུར་ཐོག་ལས་ ཉམས་གསོ་འབད་ནི་ལུ་ དང་ལེན་འབད་ནི་ཨིན་ཟེར་བཤད་ནུག།དེ་མ་ཚད་ ར་ཤི་ཡའི དམག་དཔུང་ཚུ་ ད་ལྟོའི་ས་ཁོངས་དེ་ནང་ འཕྲོ་མཐུད་དེ་ར་ སྡོད་ནི་ཨིན་པ་ཅིན་ དམག་འཛིང་མཚམས་འཇོག་གི་ སྒྲིག་ཆ་འབད་ནི་དེ་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་ཀེ་རེན་གྱིས་ དམག་འཁྲུག་དེ་ མཇུག་བསྡུ་ཐབས་ལུ་ ར་ཤི་ཡའི་སྲིད་འཛིན་ པུ༌ཊིན༌དང་ ངོ་འཛོམས་ཐོག་ལས་ བདེ་སྒྲིག་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཀུས་བཱ་ལུ་ རྫས་རླུང་འགས་ཏེ་ མི་གྲངས་ ༢༥ ལུ་ ཤི་རྐྱེན་དང་ ༦༠ ལུ་རྨ་སྐྱོན།

བི་བི་སི།སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཀུས་བཱའི་ས་གནས་ ཧེ་ཝ་ན་ཟེར་སར་ ཁྱད་འཕགས་ཅན་གྱི་ བཟའ་ཁང་སྦོམ་ཅིག་ནང་ རྫས་རླུང་འགས་པའི་ རྐྱེན་ངན་ནང་ མི་གྲངས་ ༢༥ ལུ་ ཤི་རྐྱེན་དང་ ༦༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་སྟེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།དེ་ཡང་ བཟའ་ཁང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ རྫས་རླུང་གེཛ་འབག་མི་ སྣུམ་འཁོར་ཅིག་ བཀག་བཞག་མིའི་ནང་ལས་ རྫས་རླུང་གེཛ་འགས་ཏེ་ ཁྱིམ་ཐོག་ལེ་ཤ་ཅིག་ གཏོར་བཏང་ནུག་ཟེར་ཨིན་པས།སྲོག་སྐྱབས་འབད་ཚུ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ད་ རྒྱལ་རབས་ཅན་གྱི་ ཁྱད་འཕགས་བཟའ་ཁང་དེ་ གྱང་ཁོག་ཅིག་ལུ་ གྱུར་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱ་ཁཱན་གྱི་ རྒྱུ་དངོས་དང་ འོང་འབབ་ཚུ་ བརྟག་ཞིབ་འབད་ནི།

ཨིན་ཌི་ཡ་ཊུ་ཌེ།པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གི་ འགོ་ཁྲིད་ཐོག་ལུ་ གཞུང་གི་ཁ་ཐུག་ལས་ ཕྱིར་བཏོན་འབད་མི་ བློན་ཆེན་བགྲེསཔ་ ཨིམ་རཱ་ཁཱན་གྱི་ རྒྱུ་དངོས་དང་ འོང་འབབ་ཚུ་ བརྟག་ཞིབ་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།དེ་མ་ཚད་ སྲིད་དོན་ཚོགས་པའི་ལས་བྱེདཔ་ ཏ་ཧིར་ཨིག་བཱལ་དང་ མོ་ཧཱ་མཱད་ནོ་མཱན་ཨཕ་ཟཱལ་ མོ་ཧཱ་མཱད་ཨར་ཤཱད་ མོ་ཧཱ་མཱད་ར་ཕིག་ ༤ གི་ མིང་ཐོར་ཡོད་མི་ དངུལ་ཁང་གི་ རྩིས་ཁྲ་ཚུ་ཡང་ བརྟག་ཞིབ་འབད་ནི་སྦེ་ གྲོས་ཐག་བཅད་ནུག།དེ་ཡང་ ལས་གཡོགཔ་ ༤ གི་ སྒེར་གྱི་རྩིས་ཁྲའི་ནང་ དངུལ་འབོར་ཆེ་ཏོག་ཏོ་སྦེ་ འོང་ནི་དེ་གིས་ཨིནམ་ད་ བརྟག་ཞིབ་དེ་ཡང་ དངུལ་ཁང་ལྟེ་བ་གིས་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས་ཟེར་ བརྡ་བརྒྱུད་ཅིག་ནང་བཀོད་ནུག།མ་དངུལ་དེ་ཚུ་ སྤྱི་ལོ་ ༢༠༡༣ ལས་ ༢༠༢༢ ཀྱི་བར་ན་ ཕྱི་རྒྱལ་ལས་ལྷོད་མི་ གྲོགས་རམ་མ་དངུལ་ཚུ་ཨིན་པའི་ དོགས་པ་ཡོདཔ་ལས་ ཚན་རིག་བརྟག་དཔྱད་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་དེ་ སྒྲིག་ཆ་བཟོ་དགོ་པ་ཅིན་ ར་ཤི་ཡའི་ དམག་མི་ཚུ་ ཕྱིར་བཏོན་འབད་དགོ་ནི།

བི་བི་སི།སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཞི་བདེའི་སྒྲིག་ཆ་དེ་ གཙོ་བོ་ར་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ལས་ རྒྱབ་བཤུད་རྐྱབ་མི་རྐྱབ་ཀྱི་ གནས་སྟངས་ལུ་ རག་ལས་འོང་ཟེར་གསུངས་ནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ཁྲོམ་སྡེ་ མ་རིའུ་པཱོལ་དེ་ ཧྲིལ་བུ་སྦེ་ར་ བཙན་དབང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ དེ་སྦེ་ བཙན་དབང་འབད་དགོ་པའི་ དགོས་པ་ཅིག་མིན་འདུག་ཟེར་ཨིན་པས།དེ་ལས་ ར་ཤི་ཡ་དང་ ཡུ་ཀེརེན་བར་ནའི་ དམག་འཁྲུག་དེ་ ཞི་དགོ་པ་ཅིན་ སྤྱི་ཟླ་ ༢ པའི་ཚེས་ ༢༣ གྱི་ གནས་སྟངས་གུ་ ལོག་ལྷོད་ཚུགས་པའི་ ཐབས་ཤེས་སྟོན་དགོཔ་སྦེ་ཡང་གསུངསནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ཁྲོམ་སྡེ་ མ་རིའུ་པཱོལ་དེ་ བཙན་དབང་འབད་ཚུགས་པ་ཅིན་ གྲུབ་འབྲས་སྦོམཤོས་ཅིག་ འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་རྒྱལ་སྤྱི་དང་ ནད་ཡམས་ཀོ་ཝིཌ་-༡༩ མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གནས་སྟངས།

ཝཱལ་ཌོ་མེ་ཊར།སྤྱི་ཟླ་ ༥ པའི་ཚེས་ ༧ གྱི་ ཉིན་མའི་ཆུ་ཚོད་ ༡༠.༣༠ ཚུན་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ མི་ངོམ་ཡོངས་བསྡོམས་ ༥༡༦,༥༨༤,༥༤༢ དེ་ཅིག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་བསྡོམས་ ༤༧༡,༢༡༤,༤༧༣ དེ་ཅིག་ དྲག་ཡོད་རུང་ ༦,༢༧༤,༧༤༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནདཔ་བསྡོམས་ ༣༩,༠༩༥,༣༢༧ དེ་ཅིག་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ ནད་ཡམས་མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གྲས་ལས་ ཨ་མི་རི་ཀ་ལུ་ ནད་ཡམས་ཐོབ་མི་ ༨༣,༥༣༤,༠༦༠ དེ་ཅིག་ལས་ ༨༠,༩༡༠,༥༠༩ དེ་ཅིག་ དྲག་ཡོད་རུང་ ནདཔ་ཡོངས་བསྡོམས་ ༡,༥༩༩,༡༦༥ དེ་ཅིག་ཡོདཔ་ད་ མི་ངོམ་ ༡,༠༢༤,༣༨༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ལས་ ནད་ཡམས་ཐོབ་མི་ མཐོ་ཤོས་ཨང་ ༢ པ་ རྒྱ་གར་ལུ་ ནད་ཡམས་ཐོབ་མི་ ༤༣,༠༩༨,༧༤༣ དེ་ཅིག་ལས་ མི་ངོམ་ ༤༢,༥༥༤,༤༡༦ དེ་ཅིག་ དྲག་ཡོདཔ་ད་ […]

gyalchi
National News

ཐིམ་ཕུ་ཕ་ཇོ་ལྡིངས་ཀྱི་ ལྷ་ཁང་ཚུ་ ཉམས་གསོ་ཞུ་ཚར་ཏེ་ ལོ་ ༡ མ་ལངམ་ལས་ར་ ཉམས་ཆག་ཤོར་ཡོདཔ།

ཡིག་ཚང་ལས་བྱེདཔ།ཐིམ་ཕུའི་རི་མགོ་ ཕ་ཇོ་ལྡིངས་ལུ་ མཛེས་ཆ་དང་ལྡན་པའི་ཁར་ ག་ནི་བ་ རྩ་ཆེ་བའི་ ལྷ་ཁང་ཚུ་ བཞེངས་གནང་སྟེ་ མི་ལོ་ ༢༦༠ ལྷགཔ་ཅིག་ ཡར་སོངཔ་ལས་ ཉམས་ཆག་ཤོར་མི་ཚུ་ ལོག་སྟེ་ར་ ཉམས་གསོ་ཞུ་ཡོད་རུང་ ལོ་ ༡ མ་ལངམ་ལས་ར་ འཐིང་གཞི་ཨེན་ཏ་ཚུ་ རུལ་ཡོདཔ་མ་ཚད་ ལྕམ་ཚུ་ལས་ཡང་ ཤ་མུ་ཚུ་ སྐྱེས་ཏེ་ཡོདཔ་ཨིན་པས།དེ་ཡང་ ཁང་བཟང་ལྷ་ཁང་དང་ བྱམས་པ་ལྷ་ཁང་ འོག་མིན་གཉིས་པ་ཚུ་ཨིནམ་ད་ གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ ལྷ་ཁང་དེ་ཚུ་ བསྒྲུབས་ཚརཝ་ཅིག་ར་ ཉམས་ཆག་ཤོར་ཏེ་ཡོདཔ་མ་ཚད་ སྡོད་སྒར་ཚུ་བཤུབ་པའི་ རག་རོག་ཚུ་ཡང་ ཕྱགས་བདར་མ་རྐྱབ་པར་ དེ་སྦེ་ར་ བཀོག་བཞག་ཡོདཔ་ལས་ འགྲོ་བ་མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ འཐོན་བཞིན་དུ་ཡོད་ཟེར་ཨིན་པས།ལྷ་ཁང་དེ་ཚུ་ རྒྱ་གར་གཞུང་གི་ གྲོགས་རམ་ཐོག་ལས་ དངུལ་ཀྲམ་ས་ཡ་ ༢༠༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ ལོ་ ༥ དེ་ཅིག་གི་རིང་ལུ་ ཉམས་གསོ་ཞུ་བའི་ཤུལ་ལས་ ན་ཧིང་ སྤྱི་ལོ་ ༢༠༢༡ ལུ་ བསྒྲུབས་ཡོདཔ་ཨིན་པས།དེ་བསྒང་ ལས་འགུལ་འཛིན་སྐྱོང་པ་ཨིན་མི་ བདེ་ཆེན་རྡོ་རྗེ་གིས་ […]

gyalchi
National News

ཆེ་མཐོ་ཁྲིམས་འདུན་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཅིག་ལུ་ རྒུད་འཐུས་སྤྲོད་དགོ་པའི་འཁྲུན་ཆོད།

ཨྱོན་ཚེ་རིང་། འབྲུག་ཚོང་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ ཡིག་ཚང་གི་ལས་བྱེདཔ་ ཨམ་སྲུ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་གི་ ཉེས་འཛུགས་འབད་དེ་ ལཱ་གཡོག་ནང་ལས་ བཏོན་བཏང་ནི་དེ་གིས་ བརྡབ་གསིག་དང་ གྱོང་རྒུད་ཕོག་པའི་ གནད་ལུ་བརྟེན་ཏེ་ ཟླ་ངོ་ ༦ གི་ དངུལ་ཕོགས་རྩིས་རྐྱབ་སྟེ་ རྒུད་འཐུས་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག། དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མཛད་དེ་ གནང་ཡོདཔ་ད་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བགྲེསཔ་ ཀུན་དགའ་རྣམ་རྒྱལ་གྱིས་ དེ་སྦེ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉོག་བཤད་ལུ་ ངོས་ལེན་འབད་བ་ཙམ་མ་གཏོགས་ རྒྱབ་སྣོན་གྱི་ སྒྲུབ་བྱེད་གཞན་ ག་ནི་ཡང་མིན་འདུག་ཟེར་ཨིན་པས། དེ་མ་ཚད་ ཉོག་བཤད་བཀོད་མི་ཚུ་དང་ཅིག་ཁར་ ངོ་འཛོམས་ཐོག་ལུ་ བསམ་བཤད་འབད་ནི་གི་ གོ་སྐབས་མ་བྱིན་ནི་དེ་གིས་ འབྲུག་གི་ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་ འགལ་ཡོདཔ་མ་ཚད་ ལས་འཛིན་གྱི་ བཅའ་ཁྲིམས་དང་ སྒྲིག་གཞི་ ༢༠༡༨ ཅན་མ་དང་ཡང་ འགལ་ཡོདཔ་སྦེ་བཀོད་ནུག། དེ་བཟུམ་སྦེ་ […]

gyalchi
Online now: 34 Today: 3059 Total visitors: 5736