ArchiveAboutContact

Month: August 2025

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ ཆིབས་བསྐྱོད་གནང་ནི།

མགོན་པོ་རྡོ་རྗེ། རང་ཟླ་ ༧ པའི་ཚེས་ ༡༡ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ནང་ རྒྱ་གར་འཕགས་ཡུལ་ བྱ་རྒོད་ཕུང་པོའི་རི་ རྒྱལ་པོའི་ཁབ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ཆེན་མོ་ གསར་བསྒྲུབས་ལུ་ བཀྲ་ཤིས་རབ་གནས་ མཛད་ནིའི་དོན་ལས་ ཆིབས་བསྐྱོད་གནང་ནི་ཨིན་པས།དེ་ཡང་ རང་ཟླ་ ༧ པའི་ ༡༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནི་དང་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ སྐུ་ངལ་གནང་པའི་ཤུལ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༦ ལས་ ༨ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛད་གནང་ནི་གི་ ལས་རིམ་ཡོད་ཟེར་ རྗེ་མཁན་པོའི་དྲུང་ཆེན་ སློབ་དཔོན་རིག་འཛིན་གྱིས་ གསུངསམ་ཨིན་པས།ད་རེས་ […]

National News

དགེ་ལེགས་ཕུག་ རྡོར་གདན་བཀྲ་ཤིས་སྒོ་མང་མཆོད་རྟེན་ གསར་བཞེངས་ཀྱི་དོན་ལུ་ ཞལ་འདེབས་ཀྱི་གོ་སྐབས།

པདྨ་དབང་འདུས། དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གཞི་ཚོགས་ཀྱི་ཁྲི་འཛིན་ བླམ་ཚེ་རིང་དབང་འདུས་མཆོག་གིས་ གསལ་བསྒྲགས་ཅིག་ནང་ བཀོད་གནང་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ བྱིན་ལྡན་མཆོད་རྟེན་ བཞེངས་དགོ་པའི་སྐོར་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱབ་སྣོན་གཟེངས་བསྟོད་གནང་མི་ལུ་ ག་ནི་བ་ སྐལ་བ་བཟང་ཡི་ཟེར་ཨིན་པས།དེ་འབདཝ་ད་ མཆོད་རྟེན་དེ་གི་སྦོམ་ཚད་དང་ ཁྱད་ཆོས་ཚུ་ ག་ནི་བ་ཡང་རྒྱ་ཆེཝ་ལས་ དུས་ཚོད་ཁར་ བསྒྲུབ་ནིའི་དོན་ལུ་ མ་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ར་ དགོ་ནི་ཨིན་པས་ཟེར་ བཀོད་གནང་ནུག།ཨིན་རུང་ འབྲུག་པའི་མི་སེར་ཆེ་འབྲིང་ཆུང་ ༣ ལེ་ཤ་ཅིག་གིས་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ བླམ་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་བཞེངས་ནི་དེ་ རྒྱལ་ཡོངས་ཀྱི་ འཆར་སྣང་ཅིག་ཨིན་པའི་ཁར་ དེ་བཟུམ་མའི་ མཆོད་རྟེན་དེ་ འགྲོ་བ་མིའི་ཚོགས་བསགས་སྒྲིབ་སྦྱོང་གི་ གཞི་རྟེན་གལ་ཅན་ཅིག་ལུ་འགྱུར་ཏེ་ ནང་པ་སངས་རྒྱས་པའི་ཆོས་ལུགས་ དར་རྒྱས་སུ་སྤེལ་ནི་ལུ་ཡང་ ཁེ་ཕན་ཆེ་ནི་ཨིནམ་ལས་ ཞལ་འདེབས་རེ་ ཕུལ་ནི་གི་ གོ་སྐབས་གནང་དགོ་པའི་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།དེ་མ་ཚད་ འབྲུག་གི་རྒྱལ་ས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ ག་ནི་བ་དཀོན་པའི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་གནང་པའི་སྐབས་ལུ་ མི་སེར་ཚུ་གི་ཁ་ཐུག་ལས་ ཞལ་འདེབས་ག་ནི་ཡང་ ཕུལ་མ་ཚུགས་ནི་དེ་གིས་ འབྲུག་པའི་མི་སེར་ཚུ་ […]

World News

མཐའ་ཡས་ལེན་གྱི་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ བློན་ཆེན་ཕྱིར་དབྱུངས།

བི་བི་སི།མཐའ་ཡས་ལེན་གྱི་ བློན་ཆེན་དེ་ རྩ་ཁྲིམས་ཅན་གྱི་ ཁྲིམ་འདུན་ལས་ ཕྱིར་དབྱུངས་འབད་བ་ལུ་བརྟེན་ཏེ་ རྒྱ་ཁབ་ནང་གི་ སྲིད་དོན་ཚོགས་པ་ དབང་ཤུགས་ཅན་ལུ་ ཐོ་ཕོག་པའི་ཁར སྲིད་འབྲེལ་གྱི་ གནས་སྟངས་དེ་ཡང་ ངེས་མེད་ལུ་ གྱུར་ཡོདཔ་ཨིན་པས།དེ་ཡང་ བློན་ཆེན་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་གིས་ ཀམ་བོ་ཊི་ཡའི་ འགོ་ཁྲིད་བགྲེསཔ་ ཧུན་སེན་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ གསུང་གྲོས་གནང་པའི་སྐབས་ལུ་ ཨ་ཞང་ཟེར་ འབོ་ཡོད་མི་དང་ མཐའ་ཡས་ལེན་གྱི་ དམག་སྡེ་ལུ་ སྐྱོན་བརྗོད་འབད་བའི་ཁར་ ཀམ་བོ་ཌི་ཡ་དང་གཅིག་ཁར་ཡང་ ས་མཚམས་ཀྱི་ བྱེལཝ་ཚུ་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ཏེ་ ཕྱིར་དབྱུངས་འབད་ནུག།ད་རེས་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་གི་བུམོ་ བློན་ཆེན་པེ་ཏོང་ཏ་རཱན་ ཕྱིར་དབྱུངས་འབད་མི་དེ་ཡང་ སྤྱི་ལོ་ ༢༠༠༨ ལས་ འགོ་བཟུང་སྟེ་ ད་ཚུན་གྱི་བར་ན་ བློན་ཆེན་ཕྱིར་དབྱུངས་འབད་མི་ ཐེངས་ ༥ པ་ཨིན་པས།ད་རེས་ བློན་ཆེན་ཤི་ན་ཝ་ཏ་ར་གིས་ ཀུན་སྤྱོད་རྣག་གཞག་ལས་འགལ་བའི་ ལཱ་བྱ་འཐབ་མི་ལུ་བརྟེན་ཏེ་ སྤྱི་ཟླ་ ༨ པའི་ཚེས་ ༢༩ ལུ་ རྩ་ཁྲིམས་ཅན་གྱི་ ཁྲིམས་ཁང་ནང་ དྲང་དཔོན་ ༩ […]

World News

ར་ཤི་ཡ་གིས་ གནོད་འཚུབ་ཐོག་ལས་ མི་གྲངས་ ༢༣ དམར་བསད་དང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ཡིག་ཚང་ མེདཔ་བཏང་ཡོདཔ།

བི་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༢༩ ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ བཀོད་ཁྱབ་ལྷན་ཚོགས་ཀྱི་འགོ་འཛིན་ ཨུར་སུ་ལ་ ཝཱོན་ཌར་ལེ་ཡེན་གྱིས་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཟུང་སྟེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ གནོད་འཚུབ་སྦོམ་བཀལ་ཏེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་ཚབ་ཀྱི་ ཡིག་ཚང་ཡང་ མེདཔ་བཏང་ཡོད་པའི་སྐོར་ལས་ ཁོང་ཁྲོ་ཅན་གྱི་ ལོ་རྒྱུས་ཚུ་བཤད་ནུག།ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉུང་མཐའ་ཡང་ ཨ་ལོ་ ༤ བརྩིས་ཏེ་ མི་གྲངས་ ༢༣ དེ་ཅིག་ དམར་བསད་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་ཐོག་ཚད་ ༥ འབད་མི་ ༡ དང་ དེ་གི་ཉེ་འདབས་ལུ་ཡོད་མི་ བི་རི་ཊིཤ་ ཀ་འུན་སིལ་གྱི་ སྒྲིང་ཁྱིམ་དེ་ཡང་ མེདཔ་བཏང་ནུད་ཟེར་ཨིན་པས།ཝཱོན་ཌར་ལེ་ཡེན་གྱིས་ བཙན་ཚིག་ཅན་གྱི་ བརྗོད་དོན་ནང་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་ འཐུས་ཚབ་ཡིག་ཚང་གི་མཐའ་སྐོར་ལུ་ ཕོག་ཡོདཔ་ད་ དེ་ཡང་ མི་ཛ་ཡེལ་ ༢ སེ་གོལ་ […]

World News

རྒྱ་པཱན་གྱི་ ཁྲོམ་སྡེ་ཅིག་ནང་ འགྲུལ་འཕྲིན་ལག་ལེན་ ཚད་འཛིན་འབད་ནི་གི་གྲོས་འཆར།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ རྒྱ་པཱན་གྱི་ ཨའི་ཅི་མངའ་ཁོངས་ཀྱི་ ཁྲོམ་ཚོགས་ཏོ་ཡོ་ཨ་ཀེའི་ གཞུང་སྐྱོང་གིས་ ཁྲོམ་ཚོགས་དེ་ནང་ མི་སེར་ ༦༩,༠༠༠ དེ་ཅིག་ཡོད་མི་ཚུ་ འགྲུལ་འཕྲིན་ལག་ལེན་འཐབ་ནི་ལུ་ ལང་ཤོར་ཐལ་ཡོད་པའི་སྐོར་ལས་ རྩོད་བསྡུར་སྦོམ་སྦེ་ར་ བྱུང་པའི་ཤུལ་ལུ་ འགྲུལ་འཕྲིན་དེ་ ཉིན་རེར་དུས་ཡུན་ཆུ་ཚོད་ ༢ རེ་ལས་ ལག་ལེན་འཐབ་ནི་མེདཔ་སྦེ་ ཚད་འཛིན་འབད་དགོ་པའི་ གྲོས་འཆར་བཀོད་ནུག། ད་རེས་ དེ་བཟུམ་མའི་ གྲོས་འཆར་བཀོད་མི་དེ་ རྒྱ་པཱན་ལུ་ འགོ་དང་པ་ཨིན་པའི་ ཡིད་ཆེས་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཁྲིམས་བཟོ་མི་ཚུ་གིས་ གྲོས་བསྡུར་འབད་བའི་བསྒང་ཡོདཔ་ཨིན་པས། གྲོས་འཆར་དེ་ ཆ་འཇོག་གྲུབ་པ་ཅིན་ སྤྱི་ཟླ་ ༡༠ པའི་ནང་ལས་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ བློ་གསར་སློབ་ཕྲུག་ཚུ་གིས་ ཕྱི་རུའི་ཆུ་ཚོད་ ༩ ཚུན་དང་ སློབ་ཕྲུག་རྒས་ཤོས་ཚུ་གིས་ ཕྱི་རུ་ཆུ་ཚོད་ ༡༠ ཚུན་མ་གཏོགས་ ལག་ལེན་འཐབ་མི་ཆོག་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། 

Online now: 21 Today: 2492 Total visitors: 2492