ArchiveAboutContact

Category: Special News

Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Special News

དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས།

མི་དབང་རྒྱལ་བཙུན་མཆོག་གིས་ སྤྱི་ཟླ་ ༩ པའི་ཚེས་ ༡༡ ལུ་ འབྲུག་གི་ཁས་བླངས་རིག་རྩལ་ཁང་ནང་ གསོལ་རས་ཀྱི་ རྟེན་འབྲེལ་ཅིག་ བརྩི་ཐོག་ལས་ སྤྱི་ལོ་ ༢༠༢༦ ལོའི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ གནང་ཡོདཔ་ཨིན་པས། རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཧི་མ་ལ་ཡའི་ ལམ་སྲོལ་གྱི་ བཟོ་རྣམ་དང་ ཐབས་རིག་ཚུ་གི་ སེམས་སྐུལ་ཐོག་ལུ་ ཐོན་རིམ་ཅན་གྱི་ དེང་དུས་ཀྱི་རིག་རྩལཔ་ཚུ་ལུ་ གནང་སྲོལ་ཡོདཔ་སྦེ་བཀོད་ནུག། དེ་ཡང་ སྤྱི་ལོ་ ༢༠༢༤ ལུ་ གཞི་བཙུགས་འབད་མི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཌོ་ལར་ ༣༠,༠༠༠ རེ་ ཐོབ་དོ་ཡོདཔ་ད་ འདས་དང་མ་འོངས་གཉིས་ཆ་རའི་ནང་ རིག་རྩལ་གྱི་ ཁེ་ཕན་ཡོད་པའི་ རིག་རྩལཔ་དྲག་ཤོས་ཚུ་ རྒྱལ་སྤྱིའི་དྲང་དཔོན་ཚུ་དང་ རུ་བིན་མིའུ་ཛི་ཡམ་གྱི་ ལས་གཡོགཔ་ཚུ་གིས་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

Special News

འབྲུག་ཨོ་ལིམ་པིག་ཚོགས་ཆུང་གི་ གཙོ་འཛིན་མཆོག་གིས་ ཨེ་ཤི་ཡའི་ རྩེད་འགྲན་ཐེངས་ ༢༠ པའི་ནང་ གྲལ་གཏོགས་འབད་ནི་ཨིན་མི་ རྩེད་འགྲན་པ་ཚུ་དང་མཇལ་ཕྲད།

པདྨ་དབང་འདུས། འབྲུག་ཨོ་ལིམ་པིག་ཚོགས་ཆུང་གི་གཙོ་འཛིན་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༢༠༢༦ ལུ་ རྒྱ་པཱན་གྱི་ས་གནས་ ཨ་ཨི་ཅི་ན་གོ་ཡ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཤི་ཡའི་ རྩེད་འགྲན་ཐེངས་ ༢༠ པའི་ནང་ འབྲུག་རྒྱལ་ཁབ་ཀྱི་ སྐུ་ཚབ་སྦེ་ གྲལ་གཏོགས་འབད་ནི་ཨིན་མི་ རྩེད་འགྲན་པ་དང་ རྩེད་རིགས་སློབ་སྟོན་པ་ཚུ་དང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས། དེ་བསྒང་ མི་དབང་རྒྱལ་སྲས་མཆོག་གིས་ རྩེད་འགྲན་པ་ཚུ་ལུ་ ཨེ་ཤི་ཡའི་ རྩེད་འགྲན་ནང་ འབྲུག་གི་སྐུ་ཚབ་འབད་ནི་གི་ གོ་སྐབས་ཐོབ་མི་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་དང་ རྩེད་རིགས་སློབ་སྟོན་པ་ཚུ་གིས་ ཆེད་བརྩོན་འཕྲོ་མཐུད་ཀྱི་ ཁས་ལེན་ཐོག་ལས་ རྩེད་འགྲན་པ་ གྲ་སྒྲིག་འབད་ནིའི་ནང་ ལམ་སྟོན་འབད་མི་ལུ་ ཐུགས་ངལ་རངས་ཡོད་ཟེར་ གསུངས་གནང་ནུག།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤྲཱི་ལངྐའི་ བློན་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ ཤྲཱི་ལངྐའི་བློན་ཆེན་ ཌོག་ཊར་ཧ་རི་ནི་ ཨ་མ་ར་སུ་རི་ཡ་དང་ མཇལ་ཕྲད་མཛད་གནང་ནུག། ཌོག་ཊར་ཨ་མ་ར་སུ་རི་ཡ་དེ་ འབྲུག་གཞུང་གིས་ མགྲོན་བརྡ་གནངམ་བཞིན་དུ་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལས་ སྤྱི་ཟླ་ ༩ པའི་ཚེས་ ༤ ཚུན་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱིའི་དྲན་ཚོར་བཟའ་ཆས་རིམ་ལུགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་གནང་པར་ བྱོན་ཡོདཔ་ཨིན་པས། འབྲུག་དང་ ཤྲཱི་ལངྐའི་བར་ན་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་ ༡༩༨༧ ལུ་ གཞི་བཙུགས་གནང་ཡོདཔ་ད་ དུས་དེ་ལས་ཚུར་ ནང་པའི་ཆོས་ལུགས་ལུ་ བརྩི་མཐོང་ཤོ་མཚུངས་དང་ ཕན་ཚུན་ལུ་ གུས་ཞབས་དང་ ལེགས་སྨོན་ཚུ་ལུ་ གཞི་བརྟེན་པའི་ མཐུན་ལམ་ལེགས་སྐྱོང་ཐོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།

Special News

ཏའི་སི་ཏུ་རིན་པོ་ཆེ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ རིང་བསྲེལ་བྱིན་ཅན་ཚུ་ཕུལ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ ཏའི་སི་ཏུ་སྐུ་ཕྲེང་ ༡༢ པ་ པདྨ་དོན་ཡོད་སྙིང་རྗེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མིའི་དོན་ལས་ གསར་སྤང་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ག་ནི་བ་ བྱིན་རླབས་ཆེ་བའི་ རིང་བསྲེལ་ཚུ་ ཕུལ་ཡོདཔ་ད་ དེ་ཡང་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ སངས་རྒྱས་འོད་སྲུང་དང་འབྲེལ་བའི་ མི་ལོ་ ༩༠༠ འཁོར་བའི་ རིང་བསྲེལ་ཚུ་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ དེ་ལས་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དང་ ཏའི་སི་ཏུ་རིན་པོ་ཆེ་ཚུ་གིས་ གསར་སྤང་རྫོང་ནང་ ཐུགས་སྨོན་ཚུ་ཡང་གནང་ནུག།  བྱང་ཆུབ་མཆོད་རྟེན་ ༡༠༨ འབད་མི་དེ་ རིང་ཚད་མི་ཊར་ ༡༥ རེ་དང་ བར་འགྱངས་མི་ཊར་ ༡༠༨ རེ་ བཞག་ཐོག་ལས་ བཞེངས་ནི་ཨིནམ་ད་ དེ་ཡང་ ཁས་བླངས་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྤྱི་ལོ་ […]

Special News

བཀྲིས་ཆོས་རྫོང་ནང་ ནོར་ཝེའི་རྒྱལཔོ་ གཤགས་མིའི་དོན་ལུ་ སྨོན་ལམ་ཚུ་གནང་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༢༩ གི་དྲོ་པ་ ནོར་ཝེའི་རྒྱལཔོ་ ཧ་རཱལཌ་ ༥ པ་ གཤགས་མིའི་དོན་ལུ་ བཀྲིས་ཆོས་རྫོང་གི་ ཀུན་དགའ་རའི་ནང་ དམིགས་བསལ་གྱི་ མར་མེ་སྟོང་མཆོད་ ཕུལ་ཐོག་ལས་ སྨོན་ལམ་ཚུ་གནང་ནུག། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཀྱིས་ མར་མེ་སྟོང་མཆོད་ ཕུལ་གནང་ནི་དང་གཅིག་ཁར་ ཐུགས་སྨོན་ཚུ་ཡང་ གནང་ཡོདཔ་ཨིན་པས། དེ་བསྒང་ མི་རྗེ་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ནོར་ཝེའི་དོན་ལུ་ འབྲུག་གི་སྐུ་ཚབ་བགྲེསཔ་དང་ འབྲུག་གི་དོན་ལུ་ ནོར་ཝེའི་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།

Special News

ནེ་པཱལ་དང་ རྒྱ་ནག་ལུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ གནོད་སྐྱོན་བྱུང་མི་ཚུ་གི་དོན་ལས་ མར་མེ་སྟོང་མཆོད་ ཕུལ་གནང་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ མི་དབང་སྐུ་འཁོར་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་དགའ་ར་བ་ནང་སྦེ་ ནེ་པཱལ་དང་ རྒྱ་ནག་ལུ་ གློ་བུར་དུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ གནོད་སྐྱོན་བྱུང་མི་ཚུ་གི་དོན་ལས་ མར་མེ་སྟོང་མཆོད་ ཕུལ་གནང་ནུག། རྐྱེན་ངན་དེ་ནང་ ཚེ་ལས་འདས་མི་དང་ འཚོལ་མ་ཐོབ་པར་ཡོད་མི་ དེ་ལས་ མྱ་ངན་གྱིས་ གདུངས་ཏེ་ཡོད་མི་ བཟའ་ཚང་ཡོངས་ཀྱི་དོན་ལུ་ ཐུགས་སྨོན་ཚུ་ཡང་ གནང་ཡོདཔ་ཨིན་པས། དེ་བསྒང་ འབྲུག་ལུ་ ལཱ་འབད་དེ་ཡོད་མི་ ནེ་པཱལ་གྱི་ མི་སེར་ཚུ་མ་ཚད་ མི་རྗེ་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་གི་ སྲིད་འཛིན་དང་མཇལ་ཕྲད།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༢༦ གི་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་སྦེ་ བང་ལ་དེཤ་གི་སྲིད་འཛིན་ མི་རྗེ་མིར་ཛ་ཕག་རུལ་ཨིཛ་ལཱམ་ ཨ་ལམ་གིར་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ མི་དབང་མངའ་ཞབས་མཆོག་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཟིགས་སྐོར་ལས་ ལོག་བྱོན་པའི་ལམ་ཁར་ ཧཱཛ་རཱཏ་ཤཱ་ཇ་ལཱལ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཡུདཔ་ཐེངས་ཅིག་ བཞུགས་པའི་རིང་ལུ་ སྲིད་འཛིན་མཆོག་གིས་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས། དེ་བསྒང་ མི་དབང་མཆོག་གིས་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལས་ སྲིད་འཛིན་གྱི་ གོ་གནས་བཞེས་མི་ བང་ལ་དེཤ་གི་ སྲིད་འཛིན་མཆོག་ལུ་ འབྲུག་གི་མི་སེར་ཚུ་ལས་ བཀྲིས་ལེགས་སྨོན་ཡོད་ལུགས་ཚུ་ གསུངས་གནང་ནུག།

Special News

རྒྱ་པཱན་གྱི་ མི་དབང་རྒྱལ་སྲསམོ་མཆོག་ མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ རྒྱ་པཱན་གྱི་ མི་དབང་རྒྱལ་སྲསམོ་ ཨ་ཀི་ཀོ་ མི་ཀ་ས་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གི་ སྐུ་མདུན་ལུ་བཅར་ནུག། དེ་ཡང་ མི་དབང་རྒྱལ་སྲསམོ་མཆོག་ རང་ལུགས་ཆིབས་གྲལ་ཐོག་ལས་ བཀྲིས་ཆོས་རྫོང་ནང་ མངོན་པར་མཐོ་བའི་ གསེར་ཁྲི་ཁང་བཟང་ནང་ གདན་འདྲེན་ཞུ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 20 Today: 2364 Total visitors: 2364