ArchiveAboutContact

Special News

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱལ་འཛིན་ད་ས་ཡིན་ ཊི་ཀ་ལུ་ བྱིན་གྱིས་བརླབས་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁག་ ༢༠ ག་རའི་ནང་ བཀྲམ་སྤེལ་གྱི་དོན་ལས་ ལྷ་མོ་རྫོང་གཉེར་མའི་ དུས་སྟོན་གྱི་ རྒྱལ་འཛིན་ད་ས་ཡིན་ ཊི་ཀ་ལུ་ བྱིན་གྱིས་བརླབས་གནང་ནུག། ད་ས་ཡིན་དེ་ འབྲུག་གི་ཧི་དུའི་མི་སྡེ་ནང་ གལ་གནད་ཆེ་བའི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་གི་ ཧིན་དུའི་ལྷ་ཁང་ཚུ་ནང་ ཉིན་གྲངས་ ༡༠ གྱི་རིང་ལུ་ གསུང་ཆོག་ཚུ་གནངམ་ཨིན་པས། དེ་སྦེ་ དུས་སྟོན་གྱི་ གསུང་ཆོག་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ཊི་ཀ་ཟེར་ ཆུམ་དང་ ཞོ་ ཚོས་གསར་ཚུ་ སླ་བསྲེས་ཏེ་ བཟའ་ཚང་ནང་མི་ཚུ་གི་ དཔྱལ་བ་ལུ་ སྦྱར་སྲོལ་ཡོདཔ་ད་ དེ་ཡང་ དཔྱལ་བར་ཊི་ཀ་ཐོབ་མི་ཚུ་ལུ་ ལྷ་མོ་རྫོང་གཉེར་མའི་ བྱིན་རླབས་ལུ་བརྟེན་ཏེ་ འགལ་རྐྱེན་བར་ཆད་ཚུ་ལས་ སྲུང་སྐྱོབ་འབད་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག། དེ་བཟུམ་མའི་ རྒྱལ་འཛིན་ཊི་ཀའི་ ལམ་སྲོལ་གྱི་ཐེད་ཁར་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ བཀྲམ་སྤེལ་འབད་མི་དེ་གིས་ མི་སེར་ཚུ་ལུ་ འབྲུག་བརྒྱུད་འཛིན་གྱི་ མངའ་བདག་རྒྱལ་པོ་མཆོག་གིས་ […]

gyalchi
Special News

སྐྱབས་མགོན་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དབུ་ཞྭ་མཐོང་གྲོལ་ཆེན་མོའི་ མཇལ་ཁ་གནང་ཡོདཔ།

རང་ཟླ་ ༩ པའི་ཚེས་ ༧ སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ དྲུང་གཽ་ཤྲི་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ཐང་ནང་སྦེ་ དད་ལྡན་མི་སེར་ལུ་ དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་ མཇལ་ཁ་དང་འབྲེལ་ཏེ་ མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ ཚེ་དབང་གནང་ཡི། དེ་ཡང་ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ དྲུང་གཽ་ཤྲི་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ བཀྲ་ཤིས་རྣམ་རྒྱལ་མཆོག་ལས་ འགོ་བཙུགས་ཏེ་ ད་རེས་ ཞལ་བཞུགས་མི་ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ དྲུང་གཽ་ཤྲི་རིན་པོ་ཆེ་ སྐུ་ཕྲེང་བཅུ་གཉིས་པ་ གྲགས་པ་མི་འགྱུར་གོ་ཆ་མཆོག་ཚུན་ཚོད་ སྐུ་ཕྲེང་བཅུ་གཅིག་གིས་ མི་ལོ་ ༥༠༠ ལྷགཔ་ཅིག་གི་རིང་ལུ་ བཞེས་གནང་མི་ དབུ་ཞྭ་མཐོང་གྲོལ་ གསེར་གྱི་མདོག་ཅན་ཨིན་པས། དབུ་ཞྭ་དེ་ རྒྱལ་དབང་ཀརྨ་པ་བདུན་པ་ ཆོས་གྲགས་རྒྱ་མཚོ་མཆོག་ལུ་ (༡༤༥༤-༡༥༠༦) ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ལུང་བསྟན་གནང་དོ་བཟུམ་སྦེ་ རྒྱལ་དབང་ཀརྨ་པ་ སྐུ་འཕྲེང་བདུན་པ་གིས་ བླ་མ་དགོངས་འདུས་ཀྱི་སྒོ་ལས་ ཞྭ་དམར་གསེར་གྱི་མདོག་ཅན་ བསྒྲུབས་གནང་སྟེ་ མགོན་པོ་འོད་དཔག་མེད་དང་ དབྱེ་བ་མེད་པར་ བྱིན་གྱིས་བརླབས་ཏེ་ རྒྱལ་ཚབ་སྐུ་ཕྲེང་གཉིས་པ་ བཀྲ་ཤིས་རྣམ་རྒྱལ་གྱི་ (༡༤༨༧-༡༥༡༥) དབུ་ལུ་གསོལ་ཏེ་ […]

gyalchi
Special News

མི་དབང་རྒྱལ་བཙུན་མཆོག་ དགེ་ལེགས་ཕུག་ལུ་ ཆིབས་བསྐྱོད་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ མི་དབང་རྒྱལ་བཙུན་མཆོག་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནི་ཨིན་མི་ལུ་ གྲ་སྒྲིག་ཚུ་ ཞིབ་དཔྱད་གནང་པར་ དགེ་ལེགས་ཕུག་ལུ་ ཕྱག་ཕེབས་གནང་ནུག། རིང་ཚད་མི་ཊར་ ༡༥ རེ་འབད་མི་ བྱང་ཆུབ་མཆོད་རྟེན་ཚུ་ བར་ན་ས་སྟོང་ མི་ཊར་ ༡༠༠ རེ་ བཞག་གནང་སྟེ་ མའུ་གཙང་ཆུའི་ མཐའམ་བདའ་སྟེ་ བཞེངས་གནང་ནི་དང་ དེ་ཡང་ དུས་ཅི་ སྤྱི་ཟླ་ ༢ པའི་ནང་ གསལ་བསྒྲགས་གནང་མི་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་ལས་འཁྲུངས་པའི་ རྒྱལ་རབས་ཅན་གྱི་ ལས་འགུལ་ཅིག་ཨིན་པས། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ བྱང་ཆུབ་མཆོད་རྟེན་དེ་ཚུ་ བཞེངས་གནང་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་སྲོས་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ དབུ་གཙོས་པའི་ གཞུང་གི་འགོ་དཔོན་ཚུ་དང་ ཆོས་འབྲེལ་འགོ་ཁྲིདཔ་ […]

gyalchi
Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi

National News

National News

འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་མཁས་མཆོག་གི་ ཞལ་འཛོམས་ཐེངས་ ༡༦ པ་ ཚོགས་གནང་ཡོདཔ།

པདྨ་དབང་འདུས། འབྲུག་དང་ རྒྱ་ནག་གི་ ས་མཚམས་སྐོར་ལས་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༦ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལས་ ༡༥ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་ལུ་སྦེ་ གནང་ཡོདཔ་ཨིན་པས། ཞལ་འཛོམས་སྐབས་ལུ་ འབྲུག་གི་སྡེ་ཚན་འགོ་ཁྲིདཔ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ ལས་འཕྲོ་སྟང་སྦིས་དང་ རྒྱ་ནག་སྡེ་ཚན་འགོ་ཁྲིདཔ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་འོག་གི་ ས་མཚམས་དང་ རྒྱ་མཚོའི་ལས་དོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཧའོ་ཡང་ཀི་ ༢ ཀྱིས་ མཉམ་འབྲེལ་ཁྲི་འཛིན་མཛད་ནུག། སྡེ་ཚན་གཉིས་ཀྱིས་ འཕྲལ་ཁམས་ཀྱི་ལོ་ཚུ་ནང་ ས་མཚམས་དང་འབྲེལ་བའི་ འགྲིག་ཆ་ནང་ ཡར་འཕེལ་བྱུང་ཡོད་མི་ཚུ་ བསྐྱར་ཞིབ་འབད་ཡོདཔ་ད་ འབྲུག་དང་རྒྱ་ནག་གི་ ས་མཚམས་སྐོར་ལས་ གོ་དོན་ཆིངས་ཡིག་ནང་ གོ་རིམ་གསུམ་འབད་མི་ མདུན་ལམ་དེ་ ལག་ལེན་གང་མགྱོགས་ འཐབ་ནིའི་དོན་ལུ་ གསུང་གྲོས་ཚུ་ཡང་ གནང་ཡོདཔ་ཨིན་པས། དེ་བསྒང་ འབྲུག་དང་ རྒྱ་ནག་གི་བར་ན་ཡོད་པའི་ མཐུན་ལམ་དང་ མཉམ་འབྲེལ་གྱི་ གནས་སྟངས་ནང་ […]

gyalchi
National News

འབྲུག་དང་ ཀམ་བོ་ཌི་ཡ་ ༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་གཞི་བཙུགས།

པདྨ་དབང་འདུས། སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་དང་ ཀམ་བོ་ཌི་ཡའི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རྒྱལ་བརྒྱུད་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་འཕེལ་གྱི་ མཛད་སྒོ་གལ་ཅན་ཅིག་ཨིན་པས། དེ་ཡང་ དོན་གཅོད་མཐུན་ལམ་ གཞི་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས་གུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་རང་གྲོལ་དབང་ཕྱུག་དང་ ཀམ་བོ་ཌི་ཡའི་ གཏན་འཇགས་སྐུ་ཚབ་ ཀི་ཡོ་ཆི་ཡ་ ༢ ཀྱིས་ མཚན་རྟགས་ཚུ་བཀོད་ནུག། དེ་སྦེ་ གསལ་བསྒྲགས་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ གཏན་འཇགས་སྐུ་ཚབ་ ༢ ཀྱིས་ ད་རེས་ཀྱི་ དོན་གཅོད་མཐུན་ལམ་གཞི་བཙུགས་དེ་ འབྱུང་རབས་ཅན་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ ༢ དང་ མི་སེར་ཚུ་གི་བར་ན་ སྔར་བ་ལྷག་པའི་ མཐུན་ལམ་དམ་གཟབ་དང་ གོ་རྟོགས་དང་ མཉམ་འབྲེལ་གོང་འཕེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ གོམ་པ་མདུན་སྤོའི་ རྟགས་མཚན་ཅིག་ཨིནམ་སྦེ་ བཤད་པའི་ཁར་ དོན་གཅོད་མཐུན་ལམ་དེ་ལུ་བརྟེན་ཏེ་ ཕན་ཚུན་མཐའ་དོན་གཅིག་པའི་ […]

gyalchi
National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེའི་བར་ན་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སླར་བྱུང་ནུས་ཤུགས་གུ་ གཞི་བརྟེན་འབད་དེ་ བཅོས་མའི་རིག་རྩལ་གྱི་ གནད་སྡུད་ལྟེ་བ་ མདུན་བསྐྱོད་ཀྱི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་ལས་འཛིན་དང་ བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་གྱི་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ནུག། བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེ་དེ་ འཛམ་གླིང་ནང་ བཅོས་མའི་རིག་རྩལ་དང་ ཨང་ཅན་ཏི་རུ་ བིཊ་ཀོ་ཡེན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ནང་ ཡོངས་གྲགས་ཅན་གྱི་ ལས་སྡེ་ཅིག་ཨིན་པས། གྲོས་འཆར་ཐོག་གི་ མཉམ་འབྲེལ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཤུལ་མའི་མི་རབས་ཀྱི་དོན་ལུ་ རྒྱལ་སྤྱི་དང་ མཐུད་སྦྲེལ་ཡོད་པའི་ ཨང་ཅན་གཞི་རྟེན་མཁོ་ཆས་ཀྱི་ འཆར་སྣང་ལུ་ རྒྱབ་སྐྱོར་འབད་ནི་དང་ འབྲུག་གི་སླར་བྱུང་ནུས་ཤུགས་ཀྱིས་ གནས་གོང་མཐོ་བའི་ འཕྲུལ་རིག་བཟོ་གྲྭ་ལུ་ ལྷན་ཐབས་འབད་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་གཞི་ལྟར་དུ་ སླར་བྱུང་འཕྲུལ་རིག་ཆུ་གཞོང་ཟེར་ སླར་བྱུང་ནུས་ཤུགས་དང་ ཨང་ཅན་གཞི་རྟེན་མཁོ་ཆས་ གསར་བཏོད་ལས་སྣ་ […]

gyalchi
National News

འབྲུག་དང་ བང་ལ་དེཤ་གི་བར་ན་ ཅ་དམ་མཉམ་འབྲེལ་དང་ ཚོང་འབྲེལ་གྱི་ མཐུན་རྐྱེན་བཙན་ཐབས་ལུ་ ཁས་ལེན་བསྐྱར་གསོ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༤ དང་ ༡༥ ལུ་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་སྦེ་ འབྲུག་དང་ བང་ལ་དེཤ་ ཅ་དམ་མཉམ་འབྲེལ་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༨ པའི་ནང་ འབྲུག་གི་འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས། འབྲུག་གི་སྡེ་ཚན་དེ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ འགོ་ཁྲིད་འབད་ཡོདཔ་ད་ བང་ལ་དེཤ་གི་སྡེ་ཚན་དེ་ རྒྱལ་ཡོངས་འོང་འབབ་ བཀོད་ཚོགས་ཀྱི་འཐུས་མི་ ཌོག་ཊར་མོ་ཧ་མཱད་ཨཱལ་ ཨ་མིན་་པར་མ་ནིག་གིས་ འགོ་ཁྲིད་འབད་ནུག། འབྲུག་གི་སྡེ་ཚན་ནང་ འོང་འབབ་དང་ ཅ་དམ་ལས་ཁུངས་དང་ ཚོང་འབྲེལ་ལས་ཁུངས་ དེ་ལས་ ཕྱི་འབྲེལ་ལྷན་ཁག་ཚུ་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ཡོདཔ་ཨིན་པས། ཞལ་འཛོམས་སྐབས་ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༥ པའི་ནང་ སྤ་རོ་ལུ་ཚོགས་མི་ ཅ་དམ་མཉམ་འབྲེལ་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༧ པའི་ གྲོས་ཆོད་ཚུ་གི་ ཡར་འཕེལ་ཚུ་ བསྐྱར་ཞིབ་འབད་ཡོདཔ་ད་ གཞན་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ […]

gyalchi

World News

World News

ཕ་རཱནཛ་ལུ་ ངོ་རྒོལ་འབད་མི་ཚུ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ འཛིང་འཁྲུག་ལང་ཡོདཔ།

ཨཱལ་ཇ་ཛི་ར། སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ ཕ་རཱནཛ་རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་སྡེ་ག་རའི་ནང་ ངོ་རྒོལ་འབད་མི་ཚུ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ འཛིང་འཁྲུག་ལང་ཡོདཔ་ཨིན་པས། དེ་ཡང་ ཕ་རཱནཛ་གི་རྒྱལ་ས་ པེ་རིཛ་ལུ་ ངོ་རྒོལ་སྡེ་ཚན་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ འཛིང་འཁྲུག་ལང་པའི་སྐབས་ལུ་ གདོང་ཁེབས་རྐྱབ་མི་ ངོ་རྒོལཔ་ཚུ་ ཁ་ཕྱལ་བཏང་ནིའི་དོན་ལས་ ཁྲིམས་སྲུང་འགག་སྡེ་གིས་ མིག་ཆུ་ཐོན་མི་ རྫས་རླངས་ཚུ་ ལག་ལེན་འཐབ་ནུག། དེ་བཟུམ་མའི་ ངོ་རྒོལ་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ སློབ་ཕྲུག་དང་ སློབ་དཔོན་ ཚོང་འབྲེལ་ཚོགས་སྡེ་ དེ་ལས་ སྤྱི་ལོ་ ༢༠༡༨ ལུ་ ཕ་རཱནཛ་རྒྱལ་ཁབ་ནང་ མི་ཚེའི་གནས་སྟངས་ཀྱི་ ངོ་རྒོལ་འབད་མི་ལྷག་ལུས་ཚུ་ མཉམ་བསྡོམ་འབད་ཐབས་ལུ་ཨིན་པས། ཁྲིམས་སྲུང་འགག་སྡེ་གིས་ ངོ་རྒོལ་འབད་མི་ཚུ་ འཕྲལ་མགྱོགས་ར་ ཁ་དབྱེ་བཞག་སྟེ་ ཕན་ནུས་ཅན་སྦེ་ བཀག་བཞག་ཚུགས་པའི་ རེ་བ་དང་གཅིག་ཁར་ ངོ་རྒོལ་ཚུ་ དུས་ནང་ཡང་ ལག་ལེན་འཐབ་ནི་མེད་པར་ ཞི་བདེའི་ངང་ལུ་ གནས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བང་ལ་དེཤ་ལུ་ འབུ་ནད་དམར་ཅནམ་དེ་ དར་ཁྱབ་སོང་ཡོདཔ་ལས་ སྨན་ཁབ་ཀྱིས་ མ་ལང་པའི་དཀལ་ངལ།

རོའི་ཊརཛ། བང་ལ་དེཤ་ལུ་ དབུ་ནད་དམར་ཅནམ་ ཐོན་ཏེ་ཡོདཔ་ལས་ གཞན་རྒྱལ་ཁབ་ཚུ་ལུ་ ཉེན་ཁ་ཚབས་ཆེན་ཡོད་པའི་ ཉེན་བརྡ་འབད་ཡོདཔ་ད་ རྒྱལ་ཁབ་དེ་ནང་ དམར་ཅནམ་དེ་ ཚབས་ཆེན་སྦེ་ར་ ཁྱབ་སྤེལ་སོང་སྟེ་ཡོདཔ་ལས་ སྨན་ཁབ་ཀྱིས་ མ་ལང་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས། དེ་ཡང་ སྤྱི་ལོ་ ༢༠༢༥ ལུ་ ནམ་རྒྱུན་གྱི་ དམར་ཅན་སྨན་ཁབ་ བཙུགས་ནི་གི་ལས་རིམ་ལུ་ ཐོགས་ཆ་བྱུང་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་སྡེ་གིས་ མི་གྲངས་ ༢༠༢,༠༠༠ དེ་ཅིག་ལུ་ དམར་ཅནམ་ཐོབ་སྟེ་ཡོད་པའི་ དོགས་པ་ཡོདཔ་སྦེ་བཀོད་ནུག། དུས་ཅི་ སྤྱི་ཟླ་ ༣ པའི་ ཟླ་ཕྱེད་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༩ ཚུན་ལུ་ བརྟག་དཔྱད་ཁང་ཚུ་གིས་ མི་གྲངས་ ༢༢,༠༠༠ ལུ་ དམར་ཅན་ཐོབ་ཡོདཔ་སྦེ་ གཏན་འཁེལ་འབད་ཡོདཔ་ད་ ག་ནི་བ་ཡང་ འབུ་ཤུགས་ཆེ་བའི་ དམར་ཅནམ་ལུ་བརྟེན་ཏེ་ ད་ཚུན་གྱི་བར་ན་ མི་གྲངས་ ༡,༡༤༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་མི་ལས་ བརྒྱ་ཆ་ ༩༤ དེ་ཅིག་ […]

gyalchi
World News

ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཐོག་ལས་ ཡུ་ཀེ་རེན་གྱི་ མི་གྲངས་ ༨ དམར་བསད་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཐོག་ལས་ ཡུ་ཀེ་རེན་གྱི་ མི་གྲངས་ ༨ དམར་བསད་དང་ གཞན་མི་ ༦༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ ཚོང་འབྲེལ་ལྟེ་བ་ ༢ དང་ གློག་ཐག་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་སེར་ས་ཡ་ ༡ དེ་ཅིག་ གློག་མེ་མེད་པར་ སྡོད་དགོཔ་བྱུང་ནུག། ཡུ་ཀེ་རེན་གྱི་ ནུས་ཤུགས་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ གློག་མེ་སྡེ་ཚན་ཚུ་གིས་ གློག་ཐག་ཚུ་ ཉམས་བཅོས་འབད་དེ་ མི་སེར་ཚུ་ལུ་ གློག་མེ་ལོགས་སྟེ་ར་ བཀྲམ་སྤེལ་འབད་ཡོད་རུང་ མི་སེར་ག་ར་ལུ་ ཁྱབ་མ་ཚུགས་ཟེར་ཨིན་པས། ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ ཁར་ཀིབ་ལུ་འབད་བ་ཅིན་ སྐྱེས་ལོ་ ༧༡ འབད་མི་ ཨམ་སྲུ་ ༡ དང་ སྐྱེས་ལོ་ ༥༨ འབད་མི་ ཕོ་སྐྱེས་ ༡ དམར་བསད་འབད་ཡོདཔ་ད་ གཞན་མི་ ༡༢ ལུ་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ སློབ་གྲྭའི་ཁྱིམ་ཐོག་ བརྡིབས་ཡར་སོངཔ་ལས་ མི་གྲངས་ ༣༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁྲོམ་སྡེ་ པེ་ཤ་ཝར་ལུ་ཡོད་མི་ སློབ་གྲྭའི་ཁྱིམ་ཐོག་ རམ་འགྱོ་མི་ལུ་བརྟེན་ཏེ་ སློབ་ཕྲུག་ ༣༣ དང་ སློབ་དཔོན་ ༡ ལུ་ ཤི་རྐྱེན་འབྱུང་ནུག། དེ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོད་མིའི་གྲས་ལས་ ནདཔ་ལ་ལོ་ཅིག་ གནས་སྟངས་འཚུབ་དྲགས་སྦེ་ཡོད་ཟེར་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཡོདཔ་ཨིན་པས། དེ་སྦེ་ ཁྱིམ་ཐོག་རམ་འགྱོ་བའི་སྐབས་ལུ་ སློབ་ཕྲུག་ཚུ་ སློབ་ཁང་ནང་ དྲོ་པའི་ཆོས་ཚན་ ལྷབ་བའི་བསྒང་ཨིནམ་ལས་ སློབ་ཕྲུག་ལེ་ཤ་ཅིག་ ས་རུག་རྡོ་རུག་འོག་ལུ་ ཚུད་ཡོད་པའི་ དོགས་པ་ཡོདཔ་སྦེ་ ཉེན་སྐྱོབ་འབད་མི་ཚུ་གིས་བཀོད་ནུག། དེ་ཡང་ ཐོག་ཚད་དང་པའི་ནང་ཡོད་མི་ སློབ་ཁང་ཅིག་གི་ ཐོག་ཚད་དེ་ ཐོག་ཚད་འོག་མའི་ སློབ་ཁང་ཅིག་ལུ་ བརྡིབས་ཡོདཔ་ལས་ ཐོག་ཚད་དེ་ བྱག་ཕུག་བཟུམ་ཅིག་ལུ་ གྱུར་ཡོད་མིའི་ནང་ལས་ ཨ་ལོ་ལེ་ཤ་ཅིག་ འཐེན་དགོཔ་བྱུང་ནུག་ཟེར་བཀོད་འདུག་པའི་གནས་ཚུལ།

gyalchi

Advertisiments

News in English

Browse the Archive

Newsletter

Online now: 32 Today: 1069 Total visitors: 23265