པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སླར་བྱུང་ནུས་ཤུགས་གུ་ གཞི་བརྟེན་འབད་དེ་ བཅོས་མའི་རིག་རྩལ་གྱི་ གནད་སྡུད་ལྟེ་བ་ མདུན་བསྐྱོད་ཀྱི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་ལས་འཛིན་དང་ བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་གྱི་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ནུག།
བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེ་དེ་ འཛམ་གླིང་ནང་ བཅོས་མའི་རིག་རྩལ་དང་ ཨང་ཅན་ཏི་རུ་ བིཊ་ཀོ་ཡེན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ནང་ ཡོངས་གྲགས་ཅན་གྱི་ ལས་སྡེ་ཅིག་ཨིན་པས།
གྲོས་འཆར་ཐོག་གི་ མཉམ་འབྲེལ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཤུལ་མའི་མི་རབས་ཀྱི་དོན་ལུ་ རྒྱལ་སྤྱི་དང་ མཐུད་སྦྲེལ་ཡོད་པའི་ ཨང་ཅན་གཞི་རྟེན་མཁོ་ཆས་ཀྱི་ འཆར་སྣང་ལུ་ རྒྱབ་སྐྱོར་འབད་ནི་དང་ འབྲུག་གི་སླར་བྱུང་ནུས་ཤུགས་ཀྱིས་ གནས་གོང་མཐོ་བའི་ འཕྲུལ་རིག་བཟོ་གྲྭ་ལུ་ ལྷན་ཐབས་འབད་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་གཞི་ལྟར་དུ་ སླར་བྱུང་འཕྲུལ་རིག་ཆུ་གཞོང་ཟེར་ སླར་བྱུང་ནུས་ཤུགས་དང་ ཨང་ཅན་གཞི་རྟེན་མཁོ་ཆས་ གསར་བཏོད་ལས་སྣ་ ཞིབ་འཚོལ་ དེ་ལས་ སྐྱེས་སྟོབས་རིག་རྩལ་ཚུ་ གཅིག་སྒྲིལ་ཅན་ བཟོ་ནི་གི་ ཆ་ཤས་ཅིག་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱི་ མཉམ་འབྲེལ་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པང་ཡི་ཨི་ཡཱན་གྱིས་ ད་རེས་ཀྱི་ མཉམ་འབྲེལ་འདི་གིས་ བིཊ་ཌི་ཡར་གྱིས་ རྒྱ་ཆེ་བའི་ ཨང་ཅན་གཞི་རྟེན་མཁོ་ཆས་ཀྱི་ ཉམས་མྱོང་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སླར་བྱུང་དང་ འཕྲུལ་རིག་ལུ་བརྟེན་པའི་ དཔལ་འབྱོར་གྱི་ འཆར་སྣང་དེ་ དངོས་གཟུགས་ཅན་གྱི་ མ་རྩ་གཞི་བཙུགས་ཀྱི་ གོ་སྐབས་ལུ་ བསྒྱུར་བཅོས་གཏང་ནིའི་དོན་ལས་ གལ་ཆེ་བའི་ གོམ་པ་མདུན་སྤོའི་ བརྡ་མཚོན་ཨིན་ཟེར་བཤད་ནུག།
བིཊ་ཌི་ཡར་གི་ གཞི་བཙུགས་ཁྲི་འཛིན་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཇི་ཧཱན་འུ་གིས་ ཁོང་གི་ལས་སྡེ་དེ་ འབྲུག་གིས་ ཨང་ཅན་ཏི་རུ་ བིཊ་ཀོ་ཡེན་ ལག་ལེན་གྱི་ དུས་སྐབས་ལས་ར་ འབྲུག་གི་ཨང་ཅན་དཔལ་འབྱོར་གྱི་ ཆ་ཤས་སྦེ་ གནས་ཡོདཔ་ད་ ད་རེས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བཅོས་མའི་རིག་རྩལ་གྱི་ གནད་སྡུད་ལྟེ་ བ་གོང་འཕེལ་ནང་ རྒྱ་སྐྱེད་གཏང་ཐོག་ལས་ འབྲེལ་བ་འཐབ་ནི་དེ་ སྤྲོ་བ་འཕེལ་བའི་ གཞི་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཁོང་གིས་ འབྲུག་གི་དུས་རིང་དང་ ཡུན་བརྟན་གོང་འཕེལགྱི་ འཆར་སྣང་ལྟར་དུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ རྒྱབ་སྐྱོར་འབད་ནི་དེ་ དཔའ་ཉམས་ཆེ་བའི་ ལཱ་ཅིག་ཨིན་ཟེར་ཡང་བཤད་ནུག།
དེ་འབདཝ་ལས་ ཁོང་གི་ཁ་ཐུག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་ལས་འཛིན་དང་གཅིག་ཁར་ སླར་བྱུང་ནུས་ཤུགས་ལུ་བརྟེན་པའི་ བཅོས་མའི་རིག་རྩལ་གྱི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གཏང་ནིའི་ནང་ དམ་གཟབ་སྦེ་ ལཱ་ཚུ་འབད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
མཉམ་འབྲེལ་ལས་འགུལ་དེ་ ད་རེས་ཡོད་པའི་ གནད་འགག་ཅན་གྱི་ གཞི་རྟེན་མཁོ་ཆས་ཚུ་གི་སྐོར་ལས་ གྲོས་བསྟུན་ཚུ་འབད་དེ་ གོ་རིམ་བཀོད་ཐོག་གི་ ཐབས་ལམ་ཚུ་བརྒྱུད་དེ་ གོང་འཕེལ་གཏང་ནི་ཨིན་པའི་ཁར་ སླར་བྱུང་ནུས་ཤུགས་དང་ ཨང་ཅན་གཞི་རྟེན་མཁོ་ཆས་ ཡར་ཐོན་ཅན་གྱི་བཟོ་བཏོན་ དེ་ལས་ གཞན་ཡང་ གནས་གོང་མཐོ་བའི་ ལས་སྡེ་ཚུ་ནང་ རྒྱལ་སྤྱི་ལས་ མ་རྩ་གཞི་བཙུགས་ལུ་ སེམས་སྐུལ་འབད་ནི་གི་ ཁྱབ་ཆེའི་བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་ཡང་ཨིན་ཟེར་བཀོད་ནུག།
མཉམ་འབྲེལ་ལས་འགུལ་དེ་གིས་ འབྲུག་གི་མཐའ་འཁོར་གནས་སྟངས་དང་ འབྲེལ་བའི་ཁས་ལེན་དང་ གོང་འཕེལ་གྱི་ ལྟ་བ་ཚུ་དང་འཁྲིལ་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དུས་རིང་དཔལ་འབྱོར་གྱི་ རེ་འདུན་ཚུ་ འགྲུབ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
ཨིན་རུང་ ད་རེས་ཀྱི་ ཀུན་སློང་ཡིག་ཆ་དེ་ མཐའ་བཅད་གན་རྒྱ་ཅིག་མིནམ་ལས་ འགྲིག་ཆའི་གསུང་གྲོས་གནང་ནི་དང་ ངེས་གསལ་ཅན་གྱི་ ཆིངས་ཡིག་ཚུ་ བཟོ་སྒྲིག་འབད་ནི་ འོས་འབབ་བརྟག་ཞིབ་འབད་ནི་ འཕྲུལ་རིག་ཞིབ་འཇུག་ལག་ལེན་ དགོས་དོན་ཡོད་པའི་ སྒྲིག་གཞིའི་གནང་བ་འགྲུབ་ནི་ མ་དངུལ་གྱི་ ཐོན་ཁུངས་དང་ མ་རྩ་གཞི་བཙུགས་ཀྱི་ མཐའ་བཅད་གྲོས་ཆོད་ཚུ་གི་ དགོས་པ་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ བིཊ་ཌི་ཡར་ འཕྲུལ་རིག་ལས་སྡེའི་བར་ན་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ།

Related

འབྲུག་དང་ བང་ལ་དེཤ་གི་བར་ན་ ཅ་དམ་མཉམ་འབྲེལ་དང་ ཚོང་འབྲེལ་གྱི་ མཐུན་རྐྱེན་བཙན་ཐབས་ལུ་ ཁས་ལེན་བསྐྱར་གསོ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༤ དང་ ༡༥ ལུ་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་སྦེ་ འབྲུག་དང་ བང་ལ་དེཤ་ ཅ་དམ་མཉམ་འབྲེལ་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༨ པའི་ནང་ འབྲུག་གི་འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས། འབྲུག་གི་སྡེ་ཚན་དེ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ འགོ་ཁྲིད་འབད་ཡོདཔ་ད་ བང་ལ་དེཤ་གི་སྡེ་ཚན་དེ་ རྒྱལ་ཡོངས་འོང་འབབ་ བཀོད་ཚོགས་ཀྱི་འཐུས་མི་ ཌོག་ཊར་མོ་ཧ་མཱད་ཨཱལ་ ཨ་མིན་་པར་མ་ནིག་གིས་ འགོ་ཁྲིད་འབད་ནུག། འབྲུག་གི་སྡེ་ཚན་ནང་ འོང་འབབ་དང་ ཅ་དམ་ལས་ཁུངས་དང་ ཚོང་འབྲེལ་ལས་ཁུངས་ དེ་ལས་ ཕྱི་འབྲེལ་ལྷན་ཁག་ཚུ་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ཡོདཔ་ཨིན་པས། ཞལ་འཛོམས་སྐབས་ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༥ པའི་ནང་ སྤ་རོ་ལུ་ཚོགས་མི་ ཅ་དམ་མཉམ་འབྲེལ་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༧ པའི་ གྲོས་ཆོད་ཚུ་གི་ ཡར་འཕེལ་ཚུ་ བསྐྱར་ཞིབ་འབད་ཡོདཔ་ད་ གཞན་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ […]

མི་རྗེ་བློན་ཆེན་གྱིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་དུས་སྟོན་ ཐེངས་ ༡༨ པ་ བརྩི་སྲུང་ནང་དབུ་བཞུགས།
སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ མི་རྗེ་བློན་ཆེན་གྱིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་ཀྱི་དུས་སྟོན་ ཐེངས་ ༡༨ པ་ བརྩི་སྲུང་གི་ མཛད་སྒོའི་རྟེན་ནང་ དབུ་བཞུགས་མཛད་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ཚོང་རིག་མཐོ་རིམ་སློབ་གྲྭའི་ མཐར་འཁྱོལ་ལུ་ ལེགས་སོ་ཡོད་ལུགས་ གསུངས་ཡོདཔ་ཨིན་པས། མི་རྗེ་བློན་ཆེན་གྱིས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ སློབ་ཚོགས་ཀྱིས་ བཅོས་མའི་རིག་རྩལ་ནང་ སྦྱང་བརྩོན་དང་ འབྲེལ་དོན་ཚུ་ རི་སོའི་ཉིན་བསྟར་གྱི་ ལཱ་དང་བྱ་བ་ལུ་ གལ་ཆེ་བའི་སྐོར་ལས་ གསུངས་ཡོདཔ་ད་ དེ་ཡང་ བཅོས་མའི་རིག་རྩལ་དེ་ མ་འོངས་པ་དང་ འབྲེལ་ཆགས་ཅན་ཅིག་ཨིནམ་ལས་ དེའི་ལག་ལེན་ནང་ སེམས་ཤུགས་བསྐྱེད་དགོ་པའི་ དྲན་སྐུལ་མཛད་ནུག། དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ཉིན་རེ་བཞིན་དུ་ འབྲུག་རྒྱལ་ཁབ་ ལེགས་སྒྱུར་གྱི་དོན་ལས་ རིག་རྩལ་གསར་བཏོད་དང་ ཁེ་ལཱ་ནང་སེས་ཤུགས་ དེ་ལས་ བསམ་འཆར་གོང་འཕེལ་ཚུ་གི་ གོ་སྐབས་ཚུ་ ལེན་དགོ་པའི་ སེམས་སྐུལ་ཡང་ མཛད་གནང་ཡོད་པའི་གནས་ཚུལ། Share Facebook Messenger WhatsApp […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

Leave a Reply