ArchiveAboutContact
World News

ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཐོག་ལས་ ཡུ་ཀེ་རེན་གྱི་ མི་གྲངས་ ༨ དམར་བསད་འབད་ཡོདཔ།

gyalchi · 1 min read

རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཐོག་ལས་ ཡུ་ཀེ་རེན་གྱི་ མི་གྲངས་ ༨ དམར་བསད་དང་ གཞན་མི་ ༦༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ ཚོང་འབྲེལ་ལྟེ་བ་ ༢ དང་ གློག་ཐག་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་སེར་ས་ཡ་ ༡ དེ་ཅིག་ གློག་མེ་མེད་པར་ སྡོད་དགོཔ་བྱུང་ནུག།
ཡུ་ཀེ་རེན་གྱི་ ནུས་ཤུགས་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ གློག་མེ་སྡེ་ཚན་ཚུ་གིས་ གློག་ཐག་ཚུ་ ཉམས་བཅོས་འབད་དེ་ མི་སེར་ཚུ་ལུ་ གློག་མེ་ལོགས་སྟེ་ར་ བཀྲམ་སྤེལ་འབད་ཡོད་རུང་ མི་སེར་ག་ར་ལུ་ ཁྱབ་མ་ཚུགས་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ ཁར་ཀིབ་ལུ་འབད་བ་ཅིན་ སྐྱེས་ལོ་ ༧༡ འབད་མི་ ཨམ་སྲུ་ ༡ དང་ སྐྱེས་ལོ་ ༥༨ འབད་མི་ ཕོ་སྐྱེས་ ༡ དམར་བསད་འབད་ཡོདཔ་ད་ གཞན་མི་ ༡༢ ལུ་ རྨ་སྐྱོན་བྱུང་ནུག།
དེ་བཟུམ་སྦེ་ དམག་སྡེའི་གདོང་ཐུག་ས་ཁོངས་ ཀ་ར་མ་ཏོརཛ་ལུ་ མི་ ༢ དང་ ཤར་ལྷོའི་ས་གནས་ ཌི་ནི་པོར་པེ་ཊྲོབཛ་ལུ་ མི་ ༢ དམར་བསད་འབད་ཡོདཔ་མ་ཚད་ ནུབ་བྱང་ལུང་ཕྱོགས་ བོ་ལིན་ལུ་ཡང་ བཟའ་ཆས་བཟོ་བཏོན་ཁང་ ༡ ལུ་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༨ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
ར་ཤི་ཡ་གིས་ དེ་ཚེ་ཉིནམ་གཅིག་ར་ གནོད་འཚུབ་མ་ཆད་པ་ར་ བཀལ་ནི་དེ་གིས་ ཀི་ཡེབ་དང་ པོ་ལེན་གྱི་ འཁོར་ལམ་གཙོ་བོ་ཚུ་གི་ ཅ་དམ་ལྟེ་བ་དང་ སྣུམ་འཁོར་ཊག་ ༡༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག།
དེ་ལས་ གཞན་ཡང་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཁྲོམ་སྡེ་ སུ་མི་ལུ་དང་ ཉེ་འདབས་ཁྲོམ་སྡེ་ རིབ་ནེའི་ཚོང་འབྲེལ་ལྟེ་བ་ལུ་ གནོད་འཚུབ་བཀལ་ཡོདཔ་ད་ དེ་ཡང་ ད་རེས་ནངས་པར་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཚོང་འབྲེལ་ལྟེ་བ་ཚུ་ལུ་ གནོད་འཚུབ་ཡང་བསྐྱར་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

World News

པ་ཀིཛ་ཏཱན་ལུ་ སློབ་གྲྭའི་ཁྱིམ་ཐོག་ བརྡིབས་ཡར་སོངཔ་ལས་ མི་གྲངས་ ༣༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁྲོམ་སྡེ་ པེ་ཤ་ཝར་ལུ་ཡོད་མི་ སློབ་གྲྭའི་ཁྱིམ་ཐོག་ རམ་འགྱོ་མི་ལུ་བརྟེན་ཏེ་ སློབ་ཕྲུག་ ༣༣ དང་ སློབ་དཔོན་ ༡ ལུ་ ཤི་རྐྱེན་འབྱུང་ནུག། དེ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོད་མིའི་གྲས་ལས་ ནདཔ་ལ་ལོ་ཅིག་ གནས་སྟངས་འཚུབ་དྲགས་སྦེ་ཡོད་ཟེར་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཡོདཔ་ཨིན་པས། དེ་སྦེ་ ཁྱིམ་ཐོག་རམ་འགྱོ་བའི་སྐབས་ལུ་ སློབ་ཕྲུག་ཚུ་ སློབ་ཁང་ནང་ དྲོ་པའི་ཆོས་ཚན་ ལྷབ་བའི་བསྒང་ཨིནམ་ལས་ སློབ་ཕྲུག་ལེ་ཤ་ཅིག་ ས་རུག་རྡོ་རུག་འོག་ལུ་ ཚུད་ཡོད་པའི་ དོགས་པ་ཡོདཔ་སྦེ་ ཉེན་སྐྱོབ་འབད་མི་ཚུ་གིས་བཀོད་ནུག། དེ་ཡང་ ཐོག་ཚད་དང་པའི་ནང་ཡོད་མི་ སློབ་ཁང་ཅིག་གི་ ཐོག་ཚད་དེ་ ཐོག་ཚད་འོག་མའི་ སློབ་ཁང་ཅིག་ལུ་ བརྡིབས་ཡོདཔ་ལས་ ཐོག་ཚད་དེ་ བྱག་ཕུག་བཟུམ་ཅིག་ལུ་ གྱུར་ཡོད་མིའི་ནང་ལས་ ཨ་ལོ་ལེ་ཤ་ཅིག་ འཐེན་དགོཔ་བྱུང་ནུག་ཟེར་བཀོད་འདུག་པའི་གནས་ཚུལ། Share Facebook Messenger WhatsApp Telegram X […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ནུས་ཤུགས་འཕྲུལ་ཁང་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མི་ར་ ཟེ་ལེནཛ་ཀི་གིས་ བཤད་མིའི་ནང་ ར་ཤི་ཡའི་ མི་ཛ་ཡེལ་གྱིས་ རྒྱལ་ས་ཀི་ཡིབ་ལུ་ ནུས་ཤུགས་མཐུན་རྐྱེན་ བཀྲམ་སྤེལ་གྱིས་གཙོས་པའི་ དྲོད་བཏགས་འཕྲུལ་ཆས་དང་ གློག་མེ་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ གྱི་ཕྱི་རུ་ ར་ཤི་ཡ་གིས་ སྔ་གོང་ཉེན་བརྡ་མེད་པར་ མི་ཛ་ཡེལ་གྱི་ཐོག་ལས་ གནོད་འཚུབ་བཀལ་བའི་སྐབས་ལུ་ མི་སྡོད་སྒྲིང་ཁྱིམ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག། དེ་སྦེ་ མི་ཛ་ཡེལ་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ སྒྲིང་ཁྱིམ་དེ་ནང་སྡོད་མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ཀི་ཡིབ་ཁྲོམ་སྡེའི་ཁྲོམ་དཔོན་ ཝི་ཊ་ལི་ ཀེ་ལིཛ་ཀོ་གིས་ བཤད་ཡོདཔ་ཨིན་པས། མ་གཞི་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཉིན་གྲངས་ ༢ ཀྱི་ཧེ་མ་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱི་བར་ན་ ནུས་ཤུགས་མཚོན་ཆ་ཚུ་ ལག་ལེན་འཐབ་ནི་མེདཔ་སྦེ་ […]

gyalchi
World News

ཨཱལ་བཱ་ནི་ཡའི་ རྒྱལ་ཁབ་ནང་ ཤེས་རིག་དང་ མི་སྡེའི་གནད་དོན་ཚུ་ལུ་ངོ་རྒོལ།

རོའི་ཊརཛ། ཕ་རཱནཛ་རྒྱལ་ཁབ་ནང་ ཤེས་རིག་དང་ མི་སྡེའི་གནད་དོན་ཚུ་གི་སྐོར་ལས་ ངོ་རྒོལ་འབད་མི་ སློབ་ཕྲུག་ཚུ་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ རྒྱལ་ས་ཏི་ར་ན་ལུ་ཡོད་པའི་ ཤེས་རིག་ལྷན་ཁག་ལུ་ ས་པག་ཅུ་དང་ རྩི་འདམ་ཚུ་ བཀོག་ཡོདཔ་ཨིན་པས། དེ་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་གིས་ མིག་ཆུ་ཐོན་མི་ རྫས་རླངས་དང་ ཆུ་མདའ་ཚུ་ ལག་ལེན་འཐབ་ཡོདཔ་མ་ཚད་ ངོ་རྒོལ་འབད་མི་ཚུ་ཡང་ ལེ་ཤ་ཅིག་ར་ འཛིན་བཟུང་འབད་ནུག། སློབ་ཕྲུག་འགོ་འདྲེན་པ་ཚུ་གིས་ ངོ་རྒོལ་འབད་མི་དེ་ གཙུག་ལག་སློབ་སྡེ་ཚུ་གི་ གནས་སྟངས་དང་ མཐོ་རིམ་ཤེས་ཡོན་གྱི་ཟད་འགྲོ་ མ་དངུལ་རྒྱབ་སྐྱོར་ དེ་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ལཱ་གཡོག་གི་ གོ་སྐབས་ཚུ་ བཟོ་དགོཔ་སྦེ་ཨིན་ཟེར་ བཤད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ རྒྱལ་ཁབ་ནང་ མི་སྡེའི་དྲང་བདེན་མེད་པའི་ གནས་སྟངས་དང་ ཕྱུགཔོ་དང་ དབུལ་ཕོངས་ཀྱི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཆགས་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། Share Facebook Messenger WhatsApp Telegram X Copy link […]

gyalchi
Online now: 9 Today: 947 Total visitors: 21078