ArchiveAboutContact

Archive

Browse by month

11257 stories

National News

གནམ་བྱཱར་གྱི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ནང་ དཔྱད་ཡིག་ ༨ ལུ་ གསུང་གྲོས་གནང་ནི།

སྤྱི་ཟླ་ ༦ པའི་ཚེས་ ༢ ལས་ ཟླཝ་ ༡ ལྷགཔ་ཅིག་གི་རིང་ལུ་ འཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ ཏི་རུའི་དཔྱད་ཡིག་ ༤ བརྩིས་ཏེ་ དཔྱད་ཡིག་ ༨ ལུ་ གསུང་གྲོས་གནང་ནི་ཨིན་པས།དེ་ཡང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་ ༢༠༢༡ ཅན་མ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་ དེ་ལས་ རྒྱལ་སྤྱི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ཀྱི་ སྒྲིག་བཀོད་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་མི་ དཔྱད་ཡིག་གསུམ་ཆ་ར་ རྒྱལ་ཡོངས་ཚོགས་འདུ་གིས་ འདས་པའི་ཚོགས་ཐེངས་ནང་ ཆ་འཇོག་གྲུབ་ནུག།སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ དཱན་ཀུ་མར་སཱུན་ཝར་གྱིས་ ཞི་བའི་ཉེས་ཆད་དཔྱད་ཡིག་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནིའི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།དོན་ཚན་ ༡༨༡ འབད་མི་ ཞི་བའི་ཉེས་ཆད་དཔྱད་ཡིག་དེ་ མི་མང་གི་ ཚེ་སྲོག་ལུ་ བར་ཆད་དང་ […]

gyalchi
World News

ཡུ་ཀེ་རེན་གྱི་ མི་སེར་ལ་ལོ་ཅིག་ ཁར་ཀིབ་ཁྲོམ་སྡེའི་ ས་འོག་ལུ་ འཛུལ་སྡོད་དེ་ ཟླ་ངོ་ ༣ སོང་ཡོདཔ།

བི་བི་སི།ཡུ་ཀེ་རེན་ལུ་ དམག་འཁྲུག་ལང་པའི་སྟབས་ཀྱིས་ ཡུ་ཀེ་རེན་གྱི་ མི་སེར་ལ་ལོ་ཅིག་ ཁར་ཀིབ་ཁྲོམ་སྡེའི་ ས་འོག་རེལ་ལིའི་ འབབ་ཚུགས་ནང་སྡོད༌དེ༌ ཟླ་ངོ་ ༣ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།མ་གཞི་ ས་འོག་དེ་ནང་ སྲོག་རླུང་གཙང་ཏོག་ཏོ་ མེད་པའི་ཁར་ ཆུ་འཁྱུ་ནི་གི་ མཐུན་རྐྱེན་ཚུ་ཡང་ མེད་མི་ལུ་བརྟེན་ཏེ་ ནད་གཞི་ཚུ་ འཇམ་ཏོག་ཏོ་སྦེ་ ཁྱབ་སྤེལ་འགྱོཝ་མས་ཟེར་ཨིན་པས།ཨིན་རུང་ ཁོང་ཆ་ཁྱབ་ ག་ཏེ་ཡང་ འགྱོ་ས་མེད་པར་ སྡོད་དགོཔ་བྱུང་ཡི་ཟེར་ བཤད་ཡོདཔ་མ་ཚད་ ད་རེས་ཁམས་ཅིག་ཁར་ ས་གནས་གཞུང་གི་ དབང་འཛིན་ཚུ་གིས་ ས་འོག་རེལ་ལིའི་འབབ་ཚུགས་དེ་ ལོག་སྟེ་ར་ སྒོ་ཕྱེ་ཡོདཔ་ལས་ ཁོང་ཆ་ཁྱབ་ ས་གནས་དེ་ཁ་ལས་ བཏོན་མི་གཏང་ག་མནོ་བའི་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གལ་གནད་ཅན་གྱི་ དམག་ཐང་ཁྲོམ་སྡེ་ ལེ་མན་དབང་བཟུང་།

རེའུ་ཊརཛ།སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གལ་གནད་ཅན་གྱི་ དམག་ཐང་ཁྲོམ་སྡེ་ ལེ་མན་ཟེར་མི་དེ་ ཧྲིལ་བུ་སྦེ་ར་ དབང་བཟུང་འབད་ཡི་ཟེར་ ར་ཤི་ཡའི་ རང་དབང་རྩོད་ལེན་ངོ་ཚབ་ཀྱིས་ བཤད་ཡོདཔ་ཨིན་པས།དེ་ཡང་ རེལ་ལིའི་ལམ་ལྟེ་བའི་ ས་ཁོངས་ཅིག་ཨིན་མི་ ལེ་མན་ཁྲོམ་དེ་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ ས་ཕྱོགས་ཁག་ ༣ ལས་སྦེ་ ཨེབ་ཏ་རྐྱབ་སྟེ་ ཡུ་ཀེ་རེན་གྱི་ བཟོ་གྲྭའི་ས་ཁོངས་ ཌཱོན་བཱཛ་ལུང་ཕྱོགས་ནང་ དྲག་གནོན་འབད་ཡི་ཟེར་བཤད་ནུག།དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ཡང་ ལེ་མན་ཁྲོམ་སྡེ་དེ་ ཤོར་ཡོདཔ་སྦེ་ བཤད་ཡོདཔ་ད་ ར་ཤི་ཡ་གིས་ ཁྲོམ་སྡེ་དེ་ དྲག་གནོན་འབད་ནིའི་དོན་ལུ་ གྲ་སྒྲིག་ལེགས་ཤོམ་སྦེ་ར་ འབད་ནུག་ཟེར་ཨིན་པས།ར་ཤི་ཡའི་ དམག་མི་ཚུ་གིས་ ལེ་མན་ཁྲོམ་སྡེ་དེ་ དབང་བཟུང་འབད་ཡོད་རུང་ ས་ཁོངས་དེ་ནང་ ཡུ་ཀེ་རེན་ དམག་སྡེའི་ཁ་ཐུག་ལས་ཡང་ གནས་རིམ་གསར་པའི་ཐོག་ལུ་ ལག་ལེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དྷི་ལི་ཁྲིམས་འདུན་གྱིས་ ཧཱར་ཡ་ན་མངའ་སྡེའི་ གཙོ་འཛིན་བློན་པོ་བགྲེསཔ་ལུ་ ལོ་ངོ་ ༤ གི་བཙོན་ཁྲིམས།

ཧིན་དྷཱུཛ་ཏཱན།རྒྱ་གར་གྱི་མངའ་སྡེ་ ཧཱར་ཡ་ནའི་ གཙོ་འཛིན་བློན་པོ་བགྲེསཔ་ ཨོམ་པར་ཀཤ་ ཅའུ་ཏ་ལ་གིས་ ཁོ་རའི་འོང་འབབ་ལས་ལྷག་སྟེ་ ཁྲིམས་མཐུན་མིན་པའི་ རྒྱུ་དངོས་བསགས་ཡོད་པའི་ ཉེས་ཁྲིམས་བཀལ་ནུག།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ དྷི་ལི་ཁྲིམས་འདུན་ལས་ ལོ་ངོ་ ༤ གི་ བཙོན་ཁྲིམས་དང་ ཉེས་ཆད་རུ་པི་འབུམ་ ༥༠ བཀལ་ཡོདཔ་མ་ཚད་ ཁོ་གི་རྒྱུ་ནོར་ཁག་ ༤ དབང་བཟུང་འབད་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།ཨིན་རུང་ དྷི་ལི་ཆེ་མཐོ་ཁྲིམས་འདུན་ལས་ ཉེས་འཛུགས་དང་ བཙོན་ཁྲིམས་བཀལ་མི་ལུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་འབད་ཆོག་པའི་ དུས་ཚོད་ཡང་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ འབྲུག་མཐུན་འབྲེལ་ཚོགས་པ་ ཐོ་བཀོད་ཀྱི་དོན་ལས་ ཞུ་ཡིག་ཕུལ་ཡོདཔ།

ཨྱོན་ཚེ་རིང་།སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལས་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས།དེ་ཡང་ འབྲུག་གི་བཙག་འཐུའི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ ཕུལ་ཡོདཔ་ད་ སྲིད་ཚོགས་དེ་གི་ གཙོ་འཛིན་དང་ གཙོ་འཛིན་འོགམ་གིས་གཙོས་པའི་ ཡིག་ཚང་གི་ ལས་བྱེདཔ་ཚུ་ བདུན་ཕྲག་ ༣ གྱི་ཧེ་མར་ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ བཙག་འཐུ་འབད་ནུག།འབྲུག་མཐུན་འབྲེལ་ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་བཀའ་ཁྲིམས་ཚུ་ ལེགས་བཅོས་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ འདེམས་ཁོངས་སོ་སོའི་ འདེམས་ངོ་ཚུ་གི་ མིང་ཐོ་ཚུ་ཡང་ ཐོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།རྒྱལ་ཁབ་ནང་ ཁྲིམས་མཐུན་གྱི་ སྲིད་དོན་ཚོགས་པ་ཅིག་སྦེ་ ཐོ་བཀོད་གྲུབ་ཐབས་ལུ་ དགོས་མཁོ་ཅན་ཚུ་ ཕུལ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ དབྱེ་ཞིབ་དང་ བསྐྱར་ཞིབ་ཐོག་ལུ་ ངོས་འཛིན་འབྱུང་པའི་ རེ་བ་ཡོད་ཟེར་བཀོད་ནུག།འབྲུག་མཐུན་འབྲེལ་ཚོགས་པ་ གསར་བཙུགས་འབད་མི་དེ་ ཤུལ་མའི་བཙག་འཐུའི་ནང་ འབྲུག་མི་ཚུ་གི་དོན་ལས་ གདམ་ཁ་བྱིན་ནི་ལུ་ བྱ་རིམ་ཡང་དག་དང་ ཐབས་ཤེས་ཅིགཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ […]

gyalchi
National News

མི་མང་གིས་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོའི་རིགས་ ཟ་དགོ་པའི་ གོ་བརྡའི་ལས་རིམ།

བདེ་སྐྱིད་ཆོས་སྒྲོན་དང་སྒྲོལ་མ་ཡེ་ཤེས།སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ གསོ་བའི་ལྷན་ཁག་ མི་མང་གསོ་བའི་ལས་ཁུངས་ཀྱིས་ གཞུང་དང་ ལས་འཛིན་ ལས་སྡེ་ཁག་གི་ མགྲིན་ཚབ་ཚུ་ལུ་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོའི་རིགས་ ཟ་དགོ་པའི་སྐོར་ལས་ གོ་བརྡའི་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ འབུ་ནད་མིན་པའི་ ནད་གཞི་ཐོབ་མི་ ཡར་སེང་འགྱོ་མི་དེ་ སྔོན་འགོག་འབད་ཐབས་ལུ་ཨིན་པས།མི་མང་གསོ་བའི་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་དང་ ཟས་བཅུད་མཁས་མཆོག་ ཧ་རི་པར་སཱད་ པོག་རེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་མི་མང་གི་སེམས་ཁར་ ཤིང་འབྲས་ཚུ་ལུ་ ཟད་འགྲོ་ལྕི་དྲགས་ གནས་དོ་བཟུམ་སྦེ་ཚོར་རུང་ དངུལ་ཀྲམ་ ༡༠༠ སྤྲོད་དེ་ ཨེ་པཱལ་ཀེ་ཇི་ ༡ ཉོ་བ་ཅིན་ ཨེ་པཱལ་དེ་གིས་ མི་ལེ་ཤ་ཅིག་ལུ་ ཁྱབ་ཚུགས་ནི་དང་ གལ་སྲིད་ དངུལ་ཀྲམ་ ༡༠༠ སྤྲོད་དེ་ མོ་མོ་ཉོ་བ་ཅིན་ པད་སྡེར་ ༢ མ་གཏོགས་ མ་ཐོབ་མི་དེ་གིས་ མི་ ༢ ལུ་མ་གཏོགས་ ལང་མི་ཚུགས་ཟེར་ཨིན་པས།དེ་མ་ཚད་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོ་དེ་ཚུ་གིས་ […]

gyalchi
World News

པ་ཀིཛ་ཏཱན་གཞུང་ལུ་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ཉེན་བརྡ།

རེའུ་ཊརཛ།པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ཉིན་གྲངས་ ༦ གི་ ནང་འཁོད་ལུ་ པ་ཀིཛ་ཏཱན་ གཞུང་གི་ཁ་ཐུག་ལས་ བཙག་འཐུ་གསརཔ་ འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ ཉེན་བརྡ་འབད་ནུག།ག་དེམ་ཅིག་སྦེ་ བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་གི་ གྲ་སྒྲིག་མ་འབད་བ་ཅིན་ རྒྱལ་ས་ལུ་ ད་རུང་ཡང་ མི་སེར་ས་ཡ་ལས་བཅད་མི་ཚུ་གི་ རུ་སྒྲིག་ཐོག་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ནི་ཨིན་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ བློན་ཆེན་བགྲེསཔ་གིས་ ཨིཛ་ལ་མ་བཱད་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་དམངས་འཛོམས་སར་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 10 Today: 244 Total visitors: 7464