ArchiveAboutContact

Archive

Browse by month

11257 stories

World News

དམག་འཁྲུག་གིས་ ཧེ་མ་ལས་ མེ་འབར་ཏེ་ཡོད་པའི་གུ་ ཡུ་ཨེཛ་གིས་ མར་ཁུ་ཧེང་སྐལ།

བི་བི་སི།ཡུ་ཀེ་རེན་དང་ ར་ཤི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལུ་བརྟེན་ཏེ་ ཧེ་མ་ལས་ མེ་འབར་ཏེ་ཡོད་པའི་གུ་ ཡུ་ཨེཛ་གིས་ དོན་ཆེད་སྦེ་ར་ མར་ཁུ་ཧེང་སྐལ་བླུགསཔ་མས་ཟེར་ ར་ཤི་ཡ་གིས་ བཤད་ཡོདཔ་མ་ཚད་ དམག་འཁྲུག་དེ་ ཡུན་འགྱངས་སྦེ་ ལུས་བཅུག་ནི་ཨིན་པའི་ ཁ་ཉེས་ཡང་བཀལ་ནུག།དེ་ཡང་ ཡུ་ཨེཛ་གི་སྲིན་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཀིབ་ལུ་ ཐག་རིང་གི་ མི་ཛ་ཡེལ་གསརཔ་ བཀྲམ་སྤེལ་འབད་ནི་ཨིནམ་སྦེ་ གསུངས་པའི་ཤུལ་ལུ་ ཁ་ཉེས་བཀལ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཇར་མཱན་གཞུང་གིས་ དེང་སང་ མཁའ་དམག་སྲུང་སྐྱོབ་ཀྱི་ རིམ་ལུགས་ཅིག་ ཡུ་ཀེ་རེན་ལུ་ གཏང་ནི་སྦེ་ ཁས་བླངས་འབད་མི་དེ་གིས་ཡང་ ར་ཤི་ཡའི་ མཁའ་དམག་ལས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ག་ར་ སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ སྲིད་འཛིན་ལུ་ ནད་གཞི་ཀེན་སར་ ཐོབ་ཡོདཔ་ལས་ དུས་ཡུན་རིངམོ་སྦེ་ མི་བཞུགས་ནི།

ཨིན་ཌི་ཡ་ཊུ་ཌེ། ར་ཤི་ཡའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་ཝཱལ་ཌི་མིར་ པུ་ཊིན་ལུ་ ནད་གཞི་ཀེན་སར་ མགྱོགས་དྲགས་སྦེ་ ཡར་འཕེལ་འགྱོ་དོ་ཡོདཔ་ལས་ གསོནམོ་སྦེ་བཞུགས་ནི་ལུ་ ལོ་ ༣ ལས་བརྒལ་ཏེ་ མེད་ཟེར་ཨིན་པས། དེ་མ་ཚད་ ར་ཤི་ཡའི་ སྲུང་སྐྱོབ་ཞབས་ཏོག་འགོ་དཔོན་གྱིས་ དགུང་ལོ་ ༦༩ བཞེས་མི་ སྲིད་འཛིན་གྱི་ སྤྱན་ལུ་ཡང་ ཐོ་ཕོག་ཡོདཔ་ལས་ མགུ་ནད་ཀྱིས་སྦེ་ དཀའ་སྡུག་མྱོང་སྟེ་ཡོད་ཟེར་ བཤདཔ་ཨིན་པས། དེ་ལས་ སྲུང་སྐྱོབ་ཞབས་ཏོག་འགོ་དཔོན་གྱིས་ ར་ཤི་ཡའི་ བྱ་ལྟ་མི་བགྲེསཔ་ ཡུ་ཀེ་ལུ་སྡོད་མི་ བོ་རིཛ་ ཀར་པིཆ་ཀོབ་ལུ་ སྲིད་འཛིན་པུ་ཊིན་གྱི་ གཟུགས་ཁམས་དེ་ མགྱོགས་དྲགས་སྦེ་ར་ སྐྱོ་སུ་འགྱོ་བའི་སྐོར་ལས་ བཤད་པ་ལུ་བརྟེན་ཏེ་ གསང་བའི་གནས་ཚུལ་ཚུ་ ཕྱི་ཁར་ཐོན་ ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤར་ཕྱོགས་ཁ་ཐུག་ལུ་ཆིབས་སྐྱོད།

སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བཀྲིས་སྒང་ལུ་ ཕྱག་ཕེབས་གནང་སྟེ་ བཀང་ལུང་ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ བཀྲིས་སྒང་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལས་ བུམ་ཐང་དང་ མོང་སྒར་ བཀྲིས་སྒང་ཚུ་ལུ་ ཆིབས་སྐྱོད་གནང་ཐོག་ལས་ ཤར་ཕྱོགས་ཁ་ཐུག་ལུ་ འགོ་འདྲེན་འཐབ་མི་ བདེ་སྲུང་ལས་སྣ་ཚུ་ནང་ བཅའ་མར་གཏོགས་ཡོད་མི་ ན་གཞོན་ཚུ་དང་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ རྫོང་ཁག་གི་འགོ་དཔོན་ དེ་ལས་ ཤར་ཕྱོགས་ཀོ་ཝིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ཤར་ཕྱོགས་ཁ་ཐུག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ བདེ་སྲུང་ལས་སྣ་ཚུ་གི་གྲངས་སུ་ བདེ་སྲུང་རིག་རྩལ་ལས་རིམ་དང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་ ༢ ཚུདཔ་ཨིན་པས། སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ མི་དབང་མངའ་ཞབས་མཆོག་གིས་ […]

gyalchi
World News

རྒྱ་ནག་གིས་ མཁའ་དམག་གནམ་གྲུ་  ༣༠ ཏཱ་ཡེ་ཝཱན་གྱི་ སྲུང་སྐྱོབ་ས་ཁོངས་ནང་བཏང་ཡོདཔ།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༣༡ ལུ་ ཏཱ་ཡེ་ཝཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་མཁའ་དམག་སྲུང་སྐྱོབ་ས་ཁོངས་ནང་ རྒྱ་ནག་གིས་ མཁའ་དམག་གནམ་གྲུ་ ༣༠ བཏང་ཡོདཔ་ལས་ ཏཱ་ཡེ་ཝཱན་གྱིས་ཡང་ ཉེན་བརྡའི་དོན་ལུ་ མཁའ་དམག་གནམ་གྲུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས། དུས་ཅི་ སྤྱི་ཟླ་ ༡ པ་ལས་ འགོ་བཙུགས་ཏེ་ ཕྱི་དམག་བཙན་འཛུལ་འབད་མིའི་གྲས་ལས་ སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ བཙན་འཛུལ་འབད་མི་དེ་ ཕྱི་དམག་སྦོམ་ཤོས་ཅིག་ཨིན་པའི་ བརྡ་མཚོན་སྟོན་ཡི་ཟེར་ བཤདཔ་ཨིན་པས། དེ་ཡང་ ཡུ་ཨེཛ་གི་སྲིན་འཛིན་ ཇཱོ་བཱའི་ཌེན་གྱིས་ རྒྱ་ནག་ལས་ ཏཱ་ཡེ་ཝཱན་ལུ་ བཙན་འཛུལ་འབད་མ་ཆོགཔ་སྦེ་ ཉེན་བརྡ་འབད་བའི་ཤུལ་ལུ་དང་ ཡུ་ཨེཛ་གི་ འགོ་དཔོན་ཚུ་ཡང་ མཚོ་གླིང་དེ་ཁར་ སྲུང་སྐྱོབ་ཀྱི་དོན་ལས་ གྲོས་བསྟུན་འབད་བར་འགྱོ་བའི་ ཉིནམ་དང་བསྟུན་ཏེ་བཏང་ནུག། རྒྱ་ནག་གིས་ དེ་བཟུམ་མའི་ བྱ་ངན་འབད་མི་ལུ་ ཏཱ་ཡེ་ཝཱན་གྱི་ མི་སེར་ཚུ་ ཁོང་ཁྲོ་ལང་ནི་གི་ གཞི་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ལུང་ཕྱོགས་དེ་ནང་ ཚ་གྱང་འཐེབ་ཅིག་ར་ […]

gyalchi
Online now: 20 Today: 317 Total visitors: 7537