ArchiveAboutContact

Special News

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལུང་ནག་ནང་དང་ ལ་ཡག་ལུ་ཡོད་མི་ ཁྱེགས་མཚོ་ཚུ་ལུ་ གཟིགས་ཞིབ་གནངཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ནང་ལས་ ཁྱེགས་དོན་མཁས་མཆོག་ ཁྱེགས་མཚོ་རྦེད་པའི་ ཆུ་རུད་ཀྱི་ཉེན་ཁ་ བརྟག་དཔྱད་གནང་ཐབས་ལུ་ ཀརྨ་སྟོདཔ་གིས་ ཕྱག་ཞུ་སྟེ་ ལུང་ནག་ནང་དང་ ལ་ཡག་ལུ་ ཆིབས་བསྐྱོད་གནངཡོདཔ་ཨིན་པས། ལུང་ནག་ནང་ལུ་ མི་དབང་མཆོག་གིས་ ཉེན་ཁ་སྦོམ་ཡོད་པའི་ ལུག་རྒྱས་དང་ ཐོར་ཐོར་མེ་ རབ་ཕྲེང་ཁྱེགས་མཚོ་ཚུ་ལུ་ ཞིབ་དཔྱད་གནང་སྟེ་ ས་ཁོངས་དེ་ཚུའི་ནང་ ཁྱེགས་མཚོ་དང་ སྔ་གོང་ཉེན་བརྡ་རིམ་ལུགས་ཚུ་ བལྟ་རྟོག་འབད་མི་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ལས་གཡོགཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ས་གནས་དེ་ཁར་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ས་གནས་འཕྲུལ་རིག་པ་ ༢ གཏན་འཇགས་བཞག་ཡོདཔ་དང་ ཁོང་གིས་ སྔ་གོང་ཉེན་བརྡའི་ འཕྲུལ་ཆས་དང་ ཁྱེགས་མཚོ་ཚུ་གི་ གནས་སྟངས་ཚུ་ དུས་དང་དུས་ལུ་ ཞིབ་དཔྱད་འབད་དེ་ ཐང་ཟ་ཆུ་གི་ མཐོ་དམའི་ཚད་གཞི་དང་ གནམ་གཤིས་ཀྱི་སྐོར་ལས་ དུས་ཡུན་ཆུ་ཚོད་ ༣ རེའི་བར་ན་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས། འཇིགས་མེད་ལྷུན་གྲུབ་དེ་ ལུང་ནག་ནང་ལུ་ […]

gyalchi
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པའི་ འགོ་འབྱེད་རྟེན་འབྲེལ།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ དབུ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཚུན་ འཚོགས་གནང་ནི་ཨིན་མི་ ཚོགས་བཞུགས་དེ་ནང་ སྤྱིར་བཏང་གཞུང་གི་དཔྱད་ཡིག་ཁག་ ༤ དང་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ཁག་ ༢ རྩིས་ཏེ་ དཔྱད་ཡིག་བསྡོམས་ ༦ གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་བཀོད་ནུག། དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ ཧེ་མ་ ཞལ་འཆམས་མ་བྱུང་མི་ དཔྱད་ཡིག་ཁག་ ༢ དང་ རྒྱལ་སྤྱིའི་གན་རྒྱ་ ༡ ལུ་ རྒྱབ་སྣོན་ཆ་འཇོག་གནང་ནིའི་དོན་ལུ་ བྱ་སྒོ་རིམ་པའི་གྲས་ཁར་ བཙུགས་ཡོད་པའི་གུ་ ཚོགས་ཆུང་གི་སྙན་ཞུ་དང་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། གཞུང་གི་དཔྱད་ཡིག། འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་ ༢༠༢༦ […]

gyalchi
Special News

མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དུས་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ ཆེད་བསྔོའི་ཐོག་ལས་ བརྩི་སྲུང་ཞུ་ཡོདཔ་ཨིན་པས། མུ་ཏིག་ཐང་སློབ་གྲྭ་དེ་ སྤྱི་ལོ་ ༡༩༧༥ ལུ་ བློ་གསར་ལས་ སློབ་རིམ་བརྒྱད་པ་ཚུན་གྱི་ སློབ་གྲྭ་ལྟེ་བ་སྦེ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ སློབ་དཔོན་དབུ་འཛིན་གྱི་གཙོས་པའི་ སློབ་དཔོན་ ༡༤ དང་ སློབ་ཕྲུག་ ༢༣༥ དང་བཅསཔ་སྦེ་ འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༩ ལུ་ སློབ་གྲྭ་དེ་ འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡར་སེང་འབད་ཡོདཔ་ད་ སྤྱི་ལོ་ ༢༠༠༦ ལས་ འབྲིང་རིམ་སློབ་གྲྭ་ཆེ་བ་ལུ་ ཡར་སེང་ཐོག་ལས་ སློབ་རིམ་ ༡༢ ཚུན་གྱི་ ཤེས་ཡོན་ཚུ་སྤེལ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་ […]

gyalchi
Special News

ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡི། རབ་གནས་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་གནང་ནུག། སྟོན་པ་རྡོ་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ནི་དང་ ཉམས་གསོ་ཞུ་ནི་གི་ ལས་འགུལ་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༠ པའི་ རྗེས་དྲན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། ལས་འགུལ་དེ་གི་དོན་ལུ་ མ་དངུལ་ཚུ་ འབྲུག་གཞུང་གི་ཁ་ཐུག་ལས་ གནང་ཡོད་རུང་ ཞལ་འདེབས་ཕུལ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ཡང་ གོ་སྐབས་ཚུ་གནང་ཡོདཔ་ལས་ དད་ལྡན་སེལ་སྐྱ་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཏི་རུ་དང་ གསེར་གྱི་ཞལ་འདེབས་ཚུ་ཕུལ་ནུག། ཞལ་གསེར་བསྐྱར་ལོག་ཕུལ་མི་ སྟོན་པ་རྡོར་གདན་མ་དེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འགྲོ་བ་ཡོངས་ཀྱི་ ཕན་བདེ་ལུ་ ཆེད་དུ་དམིགས་ཏེ་ཨིན་པའི་གནས་ཚུལ།

gyalchi

National News

National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པའི་ འགོ་འབྱེད་རྟེན་འབྲེལ།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ དབུ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཚུན་ འཚོགས་གནང་ནི་ཨིན་མི་ ཚོགས་བཞུགས་དེ་ནང་ སྤྱིར་བཏང་གཞུང་གི་དཔྱད་ཡིག་ཁག་ ༤ དང་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ཁག་ ༢ རྩིས་ཏེ་ དཔྱད་ཡིག་བསྡོམས་ ༦ གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་བཀོད་ནུག། དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ ཧེ་མ་ ཞལ་འཆམས་མ་བྱུང་མི་ དཔྱད་ཡིག་ཁག་ ༢ དང་ རྒྱལ་སྤྱིའི་གན་རྒྱ་ ༡ ལུ་ རྒྱབ་སྣོན་ཆ་འཇོག་གནང་ནིའི་དོན་ལུ་ བྱ་སྒོ་རིམ་པའི་གྲས་ཁར་ བཙུགས་ཡོད་པའི་གུ་ ཚོགས་ཆུང་གི་སྙན་ཞུ་དང་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། གཞུང་གི་དཔྱད་ཡིག། འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་ ༢༠༢༦ […]

gyalchi
National News

འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ འགོ་བཙུགས་གནང་ཡོདཔ།

གནམ་ལོ་མེ་རྟ་ཟླཝ་ ༡༠ པའི་ཚེས་ ༣ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་འདི་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་རིམ་དང་བཅསཔ་སྦེ་ འགོ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ཚུན་ ཧ་ལམ་ཟླ་ངོ་ཕྱེད་དང་ ༢ ཀྱི་རིང་ལུ་ཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པའི་ནང་ གནད་དོན་ཁག་ ༦ དེ་ཅིག་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས། དེ་ཡང་ ཚོགས་ཐེངས་ ༣༧ པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ ༢༠༢༥–༢༠༢༦ ཅན་མའི་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་སོ་ནམ་ལས་སྡེའི་ནང་ མ་རྩ་གཞི་བཙུགས་ཀྱི་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་ཁྱིམ་བཟོའི་གནས་སྟངས་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་གཉེན་འབྲེལ་(འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་དང་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་ […]

gyalchi
National News

འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ གོ་དོན་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གཞུང་དང་ ཨཱཛ་ཊྲེ་ལི་ཡའི་ གཞུང་གི་བར་ན་ ལོ་བསྟར་ཟུང་ཕྱོགས་གྲོས་བསྟུན་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཨཱཛ་ཊྲེ་ལི་ཡའི་རྒྱལ་ས་ ཀེན་བེ་ར་ལུ་སྦེ་ འགོ་འདྲེན་འཐབ་ནུག། གྲོས་བསྟུན་དེ་ནང་ འབྲུག་གི་སྡེ་ཚན་དེ་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་གིས་ འགོ་ཁྲིད་འབད་ཡོདཔ་ད་ ཨཱཛ་ཊྲེ་ལི་ཡའི་སྡེ་ཚན་དེ་ ཨཱཛ་ཊྲེ་ལི་ཡའི་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་འོག་གི་ ལྷོ་དང་ཤར་ལྷོ་ཨེ་ཤི་ཡའི་ དྲུང་ཆེན་འོགམ་ ཨམ་མི་ཤེལ་ཅཱན་གྱིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས། དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་ ཟུང་ཕྱོགས་མཐུན་འབྲེལ་དེ་ ཆེ་མཐོའི་འགོ་དཔོན་ཚུ་གི་ ཕན་ཚུན་བརྗེ་སོར་དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་ཚུ་ ཡར་སེང་ཐོག་ལས་ གོང་འཕེལ་སོང་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ད་ལས་ཕར་ཡང་ མཐའ་དོན་གཅིག་པའི་ གནད་དོན་དང་ མནོ་དོན་གཅིག་པའི་ བརྩི་མཐོང་ཚུ་ལུ་ གཞི་བརྟེན་ཏེ་ ཟུང་ཕྱོགས་མཐུན་འབྲེལ་དེ་ བཙན་ཐབས་འབད་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ནུག། གྲོས་བསྟུན་དེ་ནང་ […]

gyalchi
National News

ཐིམ་ཕུ་ལུ་ བྱང་སྟོར་ཤོར་མི་ བུམོ་ཅུང་ཅིག་ ཕུངམོ་སྦེ་ཐོབ་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ སྐྱེས་ལོ་ ༡༢ འབད་མི་ བུམོ་ཅུང་ཅིག་ བྱང་སྟོར་ཤོར་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱང་ཐིམ་ཕུ་ལས་ ཕུངམོ་སྦེ་ ཐོབ་ཡོདཔ་ཨིན་པས། དེ་ཡང་ དེ་ཚེ་ནུབ་མོ་ བུམོ་དེ་བྱང་པའི་སྐོར་ལས་ སྙན་ཞུ་འབྱོར་མ་ཐག་ཏུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གནད་དོན་དེ་ གལ་གནད་ཅན་སྦེ་རྩིས་ཏེ་ དེ་འཕྲལ་ལས་ འཚོབ་ཞིབ་འབད་ནི་ འགོ་བཙུགས་ནུག། ཨིན་རུང་ དེ་ཚེ་ འཚོལ་མ་ཐོབ་ལས་ དེ་གི་ནངས་པར་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ དང་པ་ར་ ཚལ་མའི་ནང་ལས་ སློབ་གྲྭའི་སྒྲིག་གོ་ལྷམ་ཅིག་ མཐོང་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་སྦེ་ གྱོན་ཆས་ཚུ་དང་ མཐར་ཐུག་ལུ་ ཕུངམོ་དེ་ཡང་ སྦ་བཞག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས། མི་སྡེ་བརྡ་བརྒྱུད་དང་ བརྡ་བརྒྱུད་ལ་ལོ་ཅིག་ནང་ དོགས་པ་ཅན་ ༤ འཛིན་བཟུང་འབད་དེ་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ད་ལྟོ་ དབྱེ་ཞིབ་འབད་བའི་བསྒང་ཨིནམ་ལས་ […]

gyalchi

World News

World News

མ་ནི་ལ་ལུ་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ མ་ནི་ལ་ལུ་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ འཚོགས་གནང་ནི་ཨིནམ་ད་ ཞལ་འཛོམས་དེ་ཡང་ མི་ཡཱན་མར་ དྲག་པོའི་དམག་སྡེའི་ རྒྱབ་སྐྱོར་ཐོག་གི་ འགོ་ཁྲིདཔ་ཚུ་ ཆེ་མཐོའི་ཞལ་འཛོམས་ཚུ་ནང་ གྲལ་གཏོགས་འབད་ནི་མེདཔ་སྦེ་ ལོ་ངོ་ ༥ གི་རིང་ལུ་ བཀག་དམ་འབད་དེ་ཡོད་མི་དེ་ གུ་ཡངས་གཏང་ནིའི་སྐོར་ལས་ཨིན་པས། མི་ཡཱན་མར་གྱི་ ཁ་ཐུག་ལས་ ཚོགས་པ་དེ་ལུ་ ཨུ་ཚུགས་རྐྱབ་དོ་ཡོདཔ་ད་ མཐའ་ཡས་ལེན་དང་ རྒྱལ་ཁབ་གཞན་དག་པ་ཅིག་གིས་ མི་ཡཱན་མར་ལུ་ ནང་འཁྲུག་ལང་སྟེ་ཡོད་རུང་ མི་ཡཱན་མར་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ ཡར་སེང་འབད་ནུག། ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ནང་ མི་ཡཱན་མར་གྱི་ དམིགས་བསལ་ངོ་ཚབ་དང་ ཕི་ལི་པིན་གྱི་ ཕྱི་འབྲེལ་དྲུང་ཆེན་ མ་ཐེ་རེ་ས་ ལ་ཛ་རོ་གིས་འབད་བ་ཅིན་ བསྐྱར་ཞིབ་ཟིན་བྲིས་དང་ འདུམ་འགྲིག་ཐོག་ལུ་ཡོད་མི་ དོན་ཚན་ ༥ འབད་མི་ མོས་མཐུན་གྱི་ གནད་དོན་ཁག་དག་པ་ཅིག་ ཤར་ལྷོ་ཨེ་ཤི་ཡ་ རྒྱལ་ཁམས་ཚོགས་པའི་ འགོ་ཁྲིདཔ་ཚུ་ལུ་ གསལ་བཤད་ཕུལ་ནི་ཨིནམ་སྦེ་ བཤདཔ་ཨིནཔ་ཟེར་ […]

gyalchi
World News

ཡུ་ཨེཛ་གི་ གནམ་གྲུ་ཐང་ཚུ་ནང་ གནམ་གྲུ་ ༡༠,༠༠༠ དེ་ཅིག་ ནང་བསྐྱོད་དང་ ཕྱིར་ཐོན་འབད་ནི་ ཆ་མེད་བཏང་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ལུ་ ཡུ་ཨེཛ་གི་ གནམ་གྲུ་ཐང་ཚུ་ནང་ གནམ་གྲུ་ ༡༠,༠༠༠ དེ་ཅིག་ ནང་བསྐྱོད་དང་ ཕྱིར་ཐོན་ཆ་མེད་བཏང་ཡོདཔ་ད་ དེ་ཡང་ ཌེལ་ཊ་མཁའ་འགྲུལ་དང་ ཨ་མི་རི་ཀཱན་ མཁའ་འགྲུལ་གྱིས་ གནམ་གྲུ་ ༢,༢༠༠ ལྷགཔ་ཅིག་དང་ ཡུ་ནའི་ཊེཌ་ མཁའ་འགྲུལ་གྱིས་ གནམ་གྲུ་ ༡,༨༠༠ དེ་ལས་ ས་འུཐ་ཝེཛ་གིས་གནམ་གྲུ་ ༡,༤༠༠ ཆ་མེད་བཏང་ནུག། ཡུ་ཨེཛ་གི་ སྐྱེལ་འདྲེན་དྲུང་ཆེན་ སི་ཨཱན་ཌ་ཕི་དང་ ནང་འཁོད་ཉེན་སྲུང་དྲུང་ཆེན་ མཱག་ཝེན་མུ་ལིན་ ༢ ཀྱིས་ གནམ་གྲུ་ཚུ་ དེ་སྦེ་ འཕུར་འགྲུལ་ཆ་མེད་བཏང་མི་དེ་ འཕྲུལ་ཆས་ཚུ་གི་ གནད་སྡུད་ཚུ་ ཐང་ཐིགས་གཅིག་སྦེ་ མེད་ནི་དེ་གིས་ཨིན་ཟེར་ བཤད་ཡོདཔ་ཨིན་པས། ཨིན་རུང་ གནམ་གྲུ་ཆ་མེད་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་ ༥ གི་རྒྱབ་ལས་ རྒྱལ་ཡོངས་ཀྱི་ གནས་ཚད་ཁར་ ནང་འཁོད་འཕུར་འགྲུལ་ཚུ་ སླར་ལོག་འཕུར་ཆོགཔ་སྦེ་ བཟོ་ཡོད་རུང་ འགྲུལ་པ་ལེ་ཤ་ཅིག་ […]

gyalchi
World News

རྒྱ་གར་མ་ནི་པུར་ལུ་ གཡིབ་དམག་ཚུ་གིས་ རྐུ་གསོད་རྐྱབ་སྟེ་ མི་ ༤ དམར་བསད།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ལུ་ རྒྱ་གར་མ་ནི་པུར་ལུ་ མི་རིགས་ཀྱི་ རྩུབ་སྤྱོད་ཚུ་ ལོག་སྟེ་ར་ འགོ་བཙུགས་ཡོདཔ་བཞིན་དུ་ དོགས་པ་ཅན་གྱི་ གཡིབ་དམག་ཚུ་གིས་ ཨིམ་ཕཱལ་དང་ ཨུཁ་རུལ་གྱི་ ལམ་བདའ་སྟེ་ ནིའུ་ཧེ་ཝེན་ལུ་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ ༢ ལུ་ རྐུ་གསོད་རྐྱབ་སྟེ་ མི་ ༤ དམར་བསད་འབད་ནུག། རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་ཡང་ ཤང་ཤག་གཡུས་ཚན་ནང་སྡོད་མི་ ཀ་སྤང་ཁུའི་ ཨར་ཨེཛ་དང་ ཧའོ་ལེ་ལ་ཨར་ཨེཛ་ དེ་ལས་ ཏ་ཤར་གཡུས་ཚན་ནང་སྡོད་མི་ ཨ་གཱཛ་ངག་ལུང་དང་ ཁཱན་མི་ལ་ཚུ་ཨིན་པས། ཤང་ཤག་ལས་ཨིན་མི་ ཉམས་རྒུདཔ་ ༢ པོ་དེ་ སྤུན་ཆ་ཨིནམ་ད་ རྟ་ཤར་ལས་ཨིན་མི་ ཉམས་རྒུདཔ་ ༢ པོ་དེ་ ཨའི་དང་ བུ་ཨིནམ་ད་ དེ་བསྒང་ ཉམས་རྒུདཔ་ ༢ མ་རུ་ཏི་ སུ་ཡིཕཊ་ནང་ གཞན་མི་ ༢ པོ་དེ་ བོ་ལི་རོ་ནང་ཡོདཔ་སྦེ་བཀོད་ནུག། […]

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་དམག་སྡེའི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ར་ཤི་ཡའི་ དམག་སྡེ་གིས་ ཡུ་ཀེ་རེན་དམག་སྡེའི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ནུབམོ་གཅིག་གི་རིང་ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ཡང་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་ནུག། ཀི་ཡིབ་ཁྲོམ་དཔོན་ ཝི་ཊ་ལི་ ཀི་ལིཆ་ཀོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ སོ་ལོ་མ་ཡཱནཛ་ཀི་ རྫོང་ཁག་ཁྲོམ་སྡེའི་ནང་ ཐོག་ཚད་ ༩ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ ཨམ་སྲུ་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་མ་ཚད་ ཀི་ཡིབ་ལུ་ཡོད་མི་ རོ་ཀེཊ་བཟོ་གྲྭ་འཕྲུལ་ཁང་ ༡ དང་ ཀི་ཡིབ་ལུང་ཕྱོགས་ནང་ཡོད་མི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་སྒྲིག་བཅོས་ཁང་ དེ་ལས་ མི་ཛ་ཡེལ་གྱི་ མར་ཁུ་འཕྲུལ་ཁང་དང་ གློག་མེ་བཀྲམ་སྤེལ་ཡན་ལག་ཚུ་ལུ་ཡང་ གནོད་འཚུབ་བཀལ་ནུག། དེ་བཟུམ་སྦེ་ ར་ཤི་ཡ་གིས་ ནུབ་བྱང་རི་ཝ་ནི་ལུང་ཕྱོགས་ནང་ […]

gyalchi

Advertisiments

News in English

Education

Education

ཀ་རྩོམ་མཆོད་རྟེན་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པའི་ བསྟོད་བསྔགས་བཀྲ་ཤིས་གཡས་སུ་འཁྱིལ་བ།

ཀ་དག་གདོད་མའི་མགོན་པོ་པདྨ་འབྱུང་། །ཁ་བཞི་ལྷ་ཡི་སྦས་གནས་དུར་ཤིང་འོག །ག་ནས་མཇལ་ཀྱང་མཛེས་སོ་དྲན་ཤེས་ཁྲོམ། །ང་ཅག་ཆོས་རྒྱལ་ཐུགས་ལས་བསྐྲུན་པ་ལགས། ། ཅ་ཅོ་སྒྲ་མེད་ཡིད་འོང་དགེ་ལེགས་ཕུག །ཆ་རྐྱེན་བླ་སྤྲུལ་གྲངས་མེད་སྤྱན་དྲངས་ནས། །ཇ་ཆང་འདོད་ཡོན་ལོངས་སྤྱོད་བརྒྱ་ཚོ་བཅས། །ཉ་མོ་ཆུ་རྩལ་ངོམ་བཞིན་དགྱེས་པའི་ངང་། ། ཏ་ཐ་ག་ཏའི་ཐུགས་རྟེན་བརྒྱ་དང་བརྒྱད། །ཐ་མལ་མི་ཡི་བློ་ལ་ཤོང་དཀའ་བའི། །ད་བར་འབྱུང་མེད་དུས་བཟང་ཉིན་གཅིག་ལ། །ན་མོ་མཐོང་གྲོལ་བྱང་ཆུབ་མཆོད་རྟེན་བཞེངས། ། པ་སངས་ལྟར་དཀར་རྒྱལ་པོའི་ཐུགས་བསྐྱེད་ཀྱི། །ཕ་གུ་དྲྭ་བ་དབང་གཞུའི་འདོད་སྣམ་དང་། །བ་གམ་བཀོད་ལེགས་གཟུངས་བཞུགས་བྱིན་ལྡན་བཅས། །མ་གྷ་དྷ་ཡི་མཆོད་སྡོང་གླིང་འདིར་བྱོན། ། ཙ་ད་གདན་སྟེང་བཅོམ་ལྡན་ཐུབ་དབང་རྗེ། །ཚ་ངར་ཉོན་མོངས་བདུད་བཞི་བཅོམ་པ་ཡི། །ཛ་ཡ་མངོན་པར་རྫོགས་པའི་གོ་འཕང་བརྙེས། །ཝ་ལེར་བྱང་ཆུབ་མཆོད་རྟེན་བཞེངས་པར་གྲགས། ། ཞ་ལྟར་མཐོ་བའི་མཆོད་རྟེན་གསེར་གྱི་ཏོག །ཟ་བེར་ཁྲི་སྟེང་བླ་ཆེན་བརྒྱ་ཕྲག་ནས། ། འ་འུར་མི་མང་མ་ཎི་གདངས་དབྱངས་ལེན། །ཡ་མཚན་རབ་གནས་གནང་ནས་གསོལ་བ་འདེབས། ། ར་བས་གངས་བསྐོར་འབྲུག་ཡུལ་དགེ་ལེགས་ཕུག །ལ་བ་ཆེ་འདྲའི་ཐབས་ཤེས་ཟུང་འཇུག་ཐོག །ཤཱ་ཀྱའི་རྗེས་འཇུག་ཐེག་པ་གསུམ་པོ་རྣམས། །ས་གསུམ་རབ་དགའི་སྒྲ་དབྱངས་གླིང་འདིར་སྒྲོགས། ། ཧ་ཅང་འཛམ་གླིང་ནད་མུག་མཚོན་གྱི་རྒུད། །ཨ་ཧོ་དཀར་ཕྱོགས་རྒྱལ་བའི་སྨོན་ལམ་འགྲུབ། །རྒྱལ་བསྟན་དར་ཞིང་དཔལ་འབྱོར་གོང་དུ་འཕེལ། །འཛམ་གླིང་ཞི་བདེའི་འབྱུང་བའི་བཀྲ་ཤིས་ཤོག ། ཅེས་པའང་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྔོན་ཆོས་རྒྱལ་མྱ་ངན་མེད་ནས་ མཆོད་རྟེན་བྱེ་བ་བཞེངས་པའི་ལོ་རྒྱུས་དང་ བར་དུ་བོད་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ བོད་ཡུལ་དང་ ཐག་ཉེ་ཡུལ་ལུང་རྣམས་སུ་ མཐའ་འདུལ་ཡང་འདུལ་གྱི་ ལྷ་ཁང་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པ་ལྟ་བུ། ད་ལྟ་འཛམ་གླིང་དམག་འཁྲུགས་མཚོན་གྱི་རྒུད་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འདིར་ […]

gyalchi
Education

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གསུང་རྩོམ་ཕྱོགས་བསྡེབས།

༈ རྒན་བཞུགས་སྐྱིད་པའི་གླིང་གི་གནས་ལ་བསྟོད་པ། ཀ་ནས་ལྷུན་གྱིས་གྲུབ་པའི་རི་བོ་ཡི་སྤོ་ལ། །ཁ་དོག་སྣ་ཚོགས་བཀྲ་བ་ལྗོན་ཤིང་གི་སྐྱེད་ཚལ། །ག་ནས་བལྟས་ཀྱང་གཞན་ཡིད་དབང་མེད་དུ་འཕྲོག་པའི། །ང་ཚོ་རྒན་བཞུགས་སྐྱིད་པའི་གླིང་མཆོག་འདི་དགའ་བ། །ཅ་ཅོ་རང་སེམས་དགའ་བའི་མཚོན་བྱེད་ཀྱི་གླུ་དབྱངས། །ཆ་ལུགས་རང་དབང་མཚོན་པའི་གོས་བཟང་གིས་བརྒྱན་ ནས། །ཇ་སོགས་སྡིག་ཟས་སྤངས་པའི་འདོད་ཡོན་ལ་ལོངས་སྤྱོད། །ཉ་མོའི་འཁྱུག་ལྟར་མཛེས་པའི་ཡོན་བདག་རྣམས་སྐྱིད་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཡུན་རིང་དུ་ཚངས་སྤྱོད། །ཐ་མ་ན་སོ་རྒས་ཤིང་དབང་པོ་རྣམས་རྒུད་དུས། །ད་ལྟ་ཚེ་རིང་ནགས་ཀྱི་དྲང་སྲོང་དེ་བཞིན་དུ། །ན་རྒན་བདེ་ལ་རོལ་བའི་གནས་མཆོག་ནི་འདི་ཡིན། །པ་ཏྲའི་རི་མོ་ལྟ་བུའི་བདག་འཛིན་དེ་མེད་ལ། །ཕ་རོལ་གཞན་སེམས་མགུ་བའི་སྤྱོད་པ་ཡང་མི་དགོས། །བ་ལང་མཆོག་ལྟར་ཅི་དགར་བག་ཡངས་སུ་ཆོག་པ། །མ་ལུས་འགྲོ་བའི་མངའ་བདག་མི་དབང་གི་སྐུ་དྲིན།། ཙ་རི་ཏྲ་ལ་སོགས་པའི་གནས་ཆེན་དང་མཚུངས་ཀྱང་། །ཚ་གྲང་དཀའ་སྤྱད་མ་དགོས་འདི་ཉིད་ཀྱི་ཡོན་ཏན། །ཛ་ལང་དུག་ལྔའི་ངོ་བོ་འཛིན་མེད་ཀྱི་རིག་པ། ། ཝ་ལེར་རྟོགས་པ་ཤར་བའི་གནས་མཆོག་ནི་འདི་ཡིན། །ཞྭ་གོས་ལ་སོགས་ལོངས་སྤྱོད་དོན་གཉེར་གྱི་ཆེད་དུ། །ཟ་ཆོག་ཙམ་ལ་སྦྱངས་པའི་གང་ཟག་ནི་མ་ཡིན། །འ་ཅག་བསྟན་དང་འགྲོ་ལ་གཅེས་པ་ཡི་སེམས་ཀྱིས། །ཡ་མཚན་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་ལགས་སོ། །ར་ལུག་སོགས་ཀྱི་འགྲོ་ལ་འཚེ་བ་དེ་སྤངས་ཤིང་། །ལྭ་བ་དཀར་པོ་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ། །ཤ་ཚ་གྲོགས་བཞིན་གཞན་ཕན་བྱ་བ་ལ་བརྩོན་ནས། །ས་སྟེང་ནད་མུག་འཁྲུག་རྩོད་ཞི་བར་ནི་གྱུར་ཅིག །ཧ་ཅང་ཉམས་དགའ་སྐྱིད་པའི་གླིང་མཆོག་འདིར་་་་ཕེབས་ནས། །ཨ་ཡིག་སྐྱེ་མེད་དོན་ལ་ངལ་གསོ་ཞིག་མཛད་ན། །ད་བཞུགས་ཕྱིས་འབྱོན་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་། །བདེ་ཆེན་ཞིང་དུ་བགྲོད་པའི་སྨོན་ལམ་ཞིག་ཡོད་དོ། །ཅེས་པའང་མཁན་རབས་བདུན་ཅུ་པས་བྲིས་སོ།།

gyalchi

Browse the Archive

Newsletter

Online now: 15 Today: 1097 Total visitors: 84043
23,276Facebook followers
+6Today
+1,177This month