ArchiveAboutContact
Special News

མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་།

gyalchi · 1 min read

པདྨ་དབང་འདུས།
སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དུས་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ ཆེད་བསྔོའི་ཐོག་ལས་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
མུ་ཏིག་ཐང་སློབ་གྲྭ་དེ་ སྤྱི་ལོ་ ༡༩༧༥ ལུ་ བློ་གསར་ལས་ སློབ་རིམ་བརྒྱད་པ་ཚུན་གྱི་ སློབ་གྲྭ་ལྟེ་བ་སྦེ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ སློབ་དཔོན་དབུ་འཛིན་གྱི་གཙོས་པའི་ སློབ་དཔོན་ ༡༤ དང་ སློབ་ཕྲུག་ ༢༣༥ དང་བཅསཔ་སྦེ་ འགོ་བཙུགས་ནུག།
སྤྱི་ལོ་ ༡༩༨༩ ལུ་ སློབ་གྲྭ་དེ་ འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡར་སེང་འབད་ཡོདཔ་ད་ སྤྱི་ལོ་ ༢༠༠༦ ལས་ འབྲིང་རིམ་སློབ་གྲྭ་ཆེ་བ་ལུ་ ཡར་སེང་ཐོག་ལས་ སློབ་རིམ་ ༡༢ ཚུན་གྱི་ ཤེས་ཡོན་ཚུ་སྤེལ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་ ༡,༦༡༠ དང་ སློབ་གྲྭའི་དབུ་འཛིན་རྩིས་ཏེ་ སློབ་དཔོན་ ༧༤ ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༣ ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་དང་ ཐིམ་ཕུ་ཁྲོམ་སྡེ་གིས་ སློབ་གྲྭ་དེ་ སློབ་རིམ་ ༩ པ་ལས་ ༡༢ པ་ཚུན་ ལྕང་སྒང་ཁ་སློབ་གྲྭ་འབྲིང་མའི་ སློབ་ཕྲུག་ཚུ་དང་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཚུ་གི་ འཕྲོ་མཐུད་ཤེས་ཡོན་གྱི་དོན་ལུ་ ཀུན་ཚང་ཤེས་ཡོན་སློབ་གྲྭ་སྦེ་ གསལ་བསྒྲགས་འབད་ནུག།
སློབ་གྲྭ་གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་དེ་ “མི་ལོ་ ༥༠ གི་རིང་ མཆོག་གྱུར་དང་ མི་རབས་ཚུ་ལུ་ལྕོགས་གྲུབ་” ཟེར་མི་ བརྗོད་དོན་ཐོག་ལུ་ སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ དུས་ཅི་ ལོ་ ༡ གི་རིང་ལུ་ བརྩི་སྲུང་ཞུ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དུས་སྟོན་དེ་དང་འབྲེལ་ཏེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ དང་ ༡༣ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ ཆེད་དུ་བསྔོ་བའི་ དྲན་རྟེན་ཅིག་ འགོ་འབྱེད་ཐོག་ལས་ གུས་བཏུད་ཀྱི་མཚན་མོ་ཟེར་མི་ ཁྲབ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག།
དེ་མ་ཚད་ རྒྱལ་སྤྱི་རྐད་རྩེད་ཚོགས་པའི་ ཚད་གཞི་དང་འཁྲིལ་བའི་ རྐང་རྩེད་རྩེད་ཐང་ཅིག་དང་ སློབ་ཕྲུག་བགྲེས་པའི་ཚོགས་པ་ དེ་ལས་ མི་ལོ་ ༥༠ འཁོར་བའི་ དུས་དྲན་གྱི་ དུས་དེབ་ཚུ་ཡང་ འགོ་འབྱེད་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

Special News

ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡི། རབ་གནས་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་གནང་ནུག། སྟོན་པ་རྡོ་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ནི་དང་ ཉམས་གསོ་ཞུ་ནི་གི་ ལས་འགུལ་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༠ པའི་ རྗེས་དྲན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། ལས་འགུལ་དེ་གི་དོན་ལུ་ མ་དངུལ་ཚུ་ འབྲུག་གཞུང་གི་ཁ་ཐུག་ལས་ གནང་ཡོད་རུང་ ཞལ་འདེབས་ཕུལ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ཡང་ གོ་སྐབས་ཚུ་གནང་ཡོདཔ་ལས་ དད་ལྡན་སེལ་སྐྱ་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཏི་རུ་དང་ གསེར་གྱི་ཞལ་འདེབས་ཚུ་ཕུལ་ནུག། ཞལ་གསེར་བསྐྱར་ལོག་ཕུལ་མི་ སྟོན་པ་རྡོར་གདན་མ་དེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འགྲོ་བ་ཡོངས་ཀྱི་ ཕན་བདེ་ལུ་ ཆེད་དུ་དམིགས་ཏེ་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་ཡོདཔ།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནང་སར་ མི་གྲངས་འབུམ་ ༢ ལྷགཔ་ཅིག་ འཛོམས་ཡོདཔ་ཨིན་པས། བྱང་ཆུབ་མཆོད་རྟེན་ ༡༠༨ དེ་ ས་གོ་གཅིག་ནང་ སྔོན་ཆད་བྱུང་མ་མྱོང་པའི་ ཚད་གཞི་ཁར་ སྤུངས་འཛོམས་འབད་མི་ མི་སེར་ཚུ་གི་གདོང་ཁར་ དུས་ཡུན་ཆུ་ཚོད་ ༩ མ་ལངམ་ཅིག་གི་ ནང་འཁོད་ལུ་ བཞེངས་ཚར་ནུག། དེ་ཡང་ ཁས་བླངས་པ་དང་ འགོ་འདྲེན་འཐབ་མི་ ༩,༥༠༠ ལྷགཔ་ཅིག་ མཉམ་བསྡོམས་ཀྱི་ བརྩོན་ཤུགས་ལུ་བརྟེན་ཏེ་ དེ་བཟུམ་མའི་ གྲུབ་འབྲས་བཏོན་ཚུགས་ཡོདཔ་ད་ མཆོད་རྟེན་དེ་ཚུ་ བཞེངས་ནིའི་དོན་ལུ་ གྲ་སྒྲིག་འབད་ནི་དང་ ས་གོ་ནང་གི་ལཱ་ དེ་ལས་ གཟིགས་རོལ་ཚུ་ ཟླཝ་དགུ་མ་ལངམ་ཅིག་གི་ དུས་ཡུན་ནང་བསྒྲུབས་ཡོདཔ་ཨིན་པས། གཞུང་གྲྭ་ཚང་གི་ ཁ་ཐུག་ལས་ མཆོད་རྟེན་རེ་རེ་བཞིན་གྱི་ ནང་རྟེན་ཚུ་ ཟླཝ་ལེ་ཤ་གི་བར་ན་ གྲ་སྒྲིག་གནང་ཡོདཔ་ད་ གཞན་ཡང་ སྡེ་ཚན་ལེ་ཤ་ཅིག་གིས་ ཕྱགས་སྙིགས་དང་ སྐྱེལ་འདྲེན་ མགྲོན་སྐྱོང་གི་ […]

gyalchi
Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་གསར་བཞེངས་གནང་སར་ ས་བཅུད་བུམ་གཏེར།

རང་ཟླ་ ༩ པའི་ཚེས་ ༢༨ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ༀ་གླིང་རྒེད་འོག་ དྭང་གླིང་སྤྱི་འོག་ནང་ འཕགས་མ་རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་ཀྱི་བཀོད་པ་ གདན་ས་ཆེན་པོ་ གསར་བསྐྲུན་གནང་སའི་ གནས་མཆོག་ལུ་ བསོད་ནམས་ཀྱི་ དཔལ་ཡོན་མངོན་པར་འཕེལ་བའི་ ས་བཅུད་འབུམ་གཏེར་ལུ་ ཐུགས་སྨོན་བྱིན་རླབས་ཀྱི་ གཏེར་ཆེན་འགྱེད་པར་ མཛད་གནང་ཡི། བྱིན་རླབས་ཀྱི་ མཛད་སྒོ་ཁྱད་པར་ཅན་དེ་ཁར་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཞབས་སོར་མངོན་པར་འཁོད་ཡོདཔ་ལས་ མཛད་སྒོའི་དཔལ་དུ་ཆེ་བར་ གྱུར་ཡོདཔ་ཨིན་པས། དེ་ཡང་ ས་སྐྱོང་མིའི་དབང་པོ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི ཐུགས་དགོངས་རྒྱ་མཚོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ལྟེ་བར་ གསང་སྔགས་ཀྱི་ གདན་ས་མང་རབས་ཅིག་ འབྱུང་གྱུར་རིམ་གྱིས་ཆགས་པའི་ ནང་གསེས་ལས་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ འཕགས་མ་སྒྲོལ་མའི་ ཞིང་ཁམས་འདི་ ངོ་མཚར་དཔལ་གྱིས་ གསར་བཞེངས་གནང་ནི་ལུ་ བསྐལ་བཟང་གི་ རྟེན་འབྲེལ་ཤར་ནུག། རྗེ་བཙུན་སྒྲོལ་མའི་ ཞིང་ཁམས་ཆེན་མོ་འདི་ […]

gyalchi
Online now: 8 Today: 1630 Total visitors: 82169
23,268Facebook followers
+5Today
+1,169This month