ArchiveAboutContact
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པའི་ འགོ་འབྱེད་རྟེན་འབྲེལ།

gyalchi · 1 min read

མགོན་པོ་རྡོ་རྗེ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ དབུ་བཙུགས་གནང་ཡི།

སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཚུན་ འཚོགས་གནང་ནི་ཨིན་མི་ ཚོགས་བཞུགས་དེ་ནང་ སྤྱིར་བཏང་གཞུང་གི་དཔྱད་ཡིག་ཁག་ ༤ དང་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ཁག་ ༢ རྩིས་ཏེ་ དཔྱད་ཡིག་བསྡོམས་ ༦ གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་བཀོད་ནུག།

དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ ཧེ་མ་ ཞལ་འཆམས་མ་བྱུང་མི་ དཔྱད་ཡིག་ཁག་ ༢ དང་ རྒྱལ་སྤྱིའི་གན་རྒྱ་ ༡ ལུ་ རྒྱབ་སྣོན་ཆ་འཇོག་གནང་ནིའི་དོན་ལུ་ བྱ་སྒོ་རིམ་པའི་གྲས་ཁར་ བཙུགས་ཡོད་པའི་གུ་ ཚོགས་ཆུང་གི་སྙན་ཞུ་དང་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།

གཞུང་གི་དཔྱད་ཡིག།

འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་ ༢༠༢༦ ཅན་མ་དང་། འབྲུག་གི་ཉེས་འགེལ་གནད་དོན་གྱི་ ཕན་ཚུན་ཁྲིམས་དོན་གྲོགས་རམ་དཔྱད་ཡིག་ ༢༠༢༦ ཅན་མ། འབྲུག་གི་སྐྱིན་ཚབ་བཏབ་མ་ཚུགས་པའི་ གནས་སྟངས་དང་ ཉམས་གསོའི་དཔྱད་ཡིག་ ༢༠༢༦ ཅན་མ། དེ་ལས་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ ༢༠༢༦ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་སྦེ་བཀོད་ནུག།

སྒེར་གྱི་འཐུས་མིའི་དཔྱད་ཡིག།

འབྲུག་གི་རྒྱབ་མིའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མའི་ ངོ་སྤྲོད་དང་ གྲོས་བསྡུར་དང་ དེ་ལས་ འབྲུག་གི་ཏམ་ཁུ་དམ་འཛིན་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མའི་ ངོ་སྤྲོད་དང་ གྲོས་བསྡུར་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།

རྒྱལ་སྤྱིའི་གན་རྒྱ།

འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་དང་ རྒྱལ་སྤྱི་གོང་འཕེལ་གྱི་དོན་ལུ་ པེ་ཊཱོལ་ཕྱིར་ཚོང་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱི་བར་ན་ སྒེར་གྱི་ལག་ལེན་ གཞི་བཙུགས་ཀྱི་དོན་ལུ་ སྒྲིག་བཀོད་གན་རྒྱའི་ ལྷག་ཐེངས་ ༡ པ་དང་ ༢ པའི་ ལས་རིམ་ཡོདཔ་སྦེ་བཀོད་ནུག།

ཚོགས་ཆུང་ཚུ་གི་སྙན་ཞུ།

མཐའ་འཁོར་དང་ གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་གིས་ ཞིང་ཆུ་དང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་གྱི་སྐོར་ལས་དང་ ཨམ་སྲུ་ཨ་ལུ་དང་ ན་གཞོན་ཚོགས་ཆུང་གིས་ ཨ་ལུ་གཅེས་སྐྱོང་ལྟེ་བའི་ མཐུན་རྐྱེན་དང་ གཅེས་སྐྱོང་པ་ ཡར་དྲག་གི་སྐོར་ལས་དང་། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་ ༢༠༢༥-༢༦ ཅན་མའི་ བསྐྱར་ཞིབ་སྙན་ཞུ་དང་ ལོ་ལྟར་སྙན་ཞུ་ ༢༠༢༤-༢༥ ཅན་མའི་ དང་ལེན་སྙན་ཞུ། མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་དང་། དེ་བཟུམ་སྦེ་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ ཁ་ཐུག་ལས་ཡང་ སྙན་ཞུ་རེ་ ཕུལ་ནི་ཡོདཔ་ཨིན་མས།

གྲོས་ཆོད་དང་ལེན་སྙན་ཞུ།

གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ རྫོང་ཁག་ཡན་ལག་ཁྲོམ་ཚུ་ནང་ གོང་འཕེལ་འདྲ་མཉམ་དང་ མི་སྡེའི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ མི་རློབས་དང་འཁྲིལ་ཏེ་ སྒྲིང་ཁྱིམ་ཐོག་ཚད་ ༣ ལས་ ༥ ལུ་ ཡར་སེང་གནང་དགོ་པའི་ དང་ལེན་སྙན་ཞུ་དང་། བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གིས་ འབྲུག་རྒྱལ་ཁབ་ནང་ ཡོངས་འབྲེལ་ཐོག་ལས་ འདོད་སྤྱོད་ཀྱི་རིགས་ལུ་ བཟོད་བསྲན་མེད་པའི་ སྲིད་བྱུས་ཀྱི་ དང་ལེན་སྙན་ཞུ། ནང་སྲིད་ལྷན་ཁག་གིས་ ས་མཚམས་ཀྱི་ས་ཁོངས་ནང་ སྡོད་མི་ཚུ་ལུ་ རྒྱབ་སྐྱོར་དང་ མཐུན་རྐྱེན་ཚུ་ བྱིན་ནི་གི་ གྲོས་ཆོད་དང་ལེན་སྙན་ཞུ་ཚུ་གུ་ གྲོས་བསྡུར་གནང་ནི་དང་།

དངུལ་རྩིས་ལྷན་ཁག་དང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ བུམ་ཐང་རྫོང་ཁག་ལུ་ ས་གནས་ས་ཁོངས་འཆར་གཞིའི་ནང་ མ་ཚུད་མི་ཚུ་ གོང་འཕེལ་གཏང་མ་ཆོག་པའི་ ས་ཁོངས་རྐྱངམ་གཅིག་མེན་པར་ ཁྲོམ་གྱི་ཉེ་འདབས་ལུ་ཡང་ གོང་འཕེལ་གཏང་མ་ཆོག་པའི་ ས་ཁོངས་ག་རའི་ནང་ ས་ཁྲལ་ཕབ་ཆག་གནང་དགོ་པའི་ དང་ལེན་སྙན་ཞུ་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།

དེ་ལས་ གསོ་བའི་ལྷན་ཁག་གིས་ ཆང་གི་ལག་ཁྱེར་གནང་ནི་དང་ ཆང་ཁང་ཚུ་ནང་ བལྟ་རྟོགས་འབད་དགོ་པའི་ གྲོས་ཆོད་དང་ལེན་སྙན་ཞུ་དང་། དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ གཞུང་ལས་ ས་ཁྲལ་འདྲ་མཉམ་སྦེ་ བཀལ་དོ་ཡོད་རུང་ འབྲུག་དངུལ་འབྲེལ་ཚོགས་པ་གིས་ བཟོ་ཡོད་པའི་ སྐྱིན་འགྲུལ་གྱི་ ཚད་གཞི་ལུ་ གཞིར་བཞག་སྟེ་ དངུལ་ཁང་རང་སོས་ ཚད་གཞི་མ་འདྲཝ་སྦེ་ བཟོ་ཡོད་མི་དེ་གིས་ མི་སེར་ལུ་ སྐྱིན་འགྲུལ་འདྲ་མཉམ་སྦེ་ མ་ཐོབ་པའི་ གྲོས་ཆོད་དང་ལེན་སྙན་ཞུ། རྩིས་ལོ་ ༢༠༢༦༢༧ གྱི་ འཆར་དངུལ་སྙན་ཞུའི་ གྲོས་འདེབས་གུ་ དང་ལེན་སྙན་ཞུ་ཚུ་ ཕུལ་ནི་གི་ལས་རིམ་འདུག།

དངུལ་རྩིས་ལྷན་ཁག་གིས་ འཆར་དངུལ་གྱི་ དབང་ཚད་ག་ར་ གཞུང་ལྟེ་བ་ལུ་ཡོད་ནི་དེ་གིས་ ས་གནས་གཞུང་གི་དབང་ཚད་ནང་ གོང་འཕེལ་གྱི་ ལས་སྣ་ཆུང་ཀུ་རེ་ཐོནམ་ད་ རྒེད་འོག་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ ཉེར་མཁོའི་ཅ་ཆས་ མཁོ་སྒྲུབ་འབད་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས འཆར་དངུལ་གྱི་ དབང་ཚད་ལ་ལུ་ཅིག་ ས་གནས་གཞུང་ལུ་ སྤྲོད་དགོ་པའི་ གྲོས་ཆོད་དང་ལེན་སྙན་ཞུ་དང་། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཞི་གཡོགཔ་ཚུ་གི་ དབྱེ་ཞིབ་བརྟག་ཞིབ་རིམ་ལུགས་འདི་ བསྐྱར་ཞིབ་འབད་དེ་ ཞི་གཡོགཔ་ཚུ་གི་ གྲུབ་འབྲས་བརྟག་ཞིབ་དོན་ལུ་ ལག་ལེན་འཐབ་མི་ ཐབས་ལམ་འདི་ ཆ་མེད་གཏང་དགོ་པའི་ གྲོས་ཆོད་དང་ལེན་སྙན་ཞུ་ཚུ་ལུ་ གྲོས་བསྡུར་གནང་ནི་ཨིན་པས།

སྤྱི་ཚོགས་ལྷན་བཞུགས།

འབྲུག་གི་མཉམ་ལས་ཚོགས་སྡེ་དང་ སོ་ནམ་སྡེ་ཚན་གྱི་ དཔྱད་ཡིག་ ༢༠༢༥ ཅན་མར་ ཞལ་འཆམ་བྱུང་མ་ཚུགས་པའི་ དོན་ཚན་གུ་ གསུང་གྲོས་གནང་ནི་དང་། དབང་པོ་སྐྱོན་ཅན་ཚུ་གི་ འཐོབ་དབང་མཐུན་གྲོས་ཀྱི་ འགག་ཆའི་འཕྲི་སྣོན་གུ་ ཞལ་འཆམ་བྱུང་མ་ཚུགས་པའི་ དོན་ཚན་གུ་ གསུང་གྲོས་གནང་ནི། དེ་ལས་ དམངས་རྩིས་ཚོགས་ཆུང་གིས་ ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་ལས་རིམ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ལམ་ལུགས་ཀྱི་ རྩིས་ཞིབ་སྙན་ཞུ་ ༢ ཀྱི་ བསྐྱར་ཞིབ་སྙན་ཞུ་གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་བཀོད་ནུག།

དྲི་བཀོད་ལས་རིམ།

སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༦ པའི་ བྱ་སྒོའི་ལམ་ལུགས་དང་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དང་འཁྲིལ་ཏེ་ རེས་གཟའ་ལྷགཔ་དང་ རེས་གཟའ་སྤེནམ་ ༢ ལུ་ ཨ་རྟག་ར་ དྲི་བཀོད་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ འགོ་བཙུགས་གནང་ཡོདཔ།

གནམ་ལོ་མེ་རྟ་ཟླཝ་ ༡༠ པའི་ཚེས་ ༣ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་འདི་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་རིམ་དང་བཅསཔ་སྦེ་ འགོ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ཚུན་ ཧ་ལམ་ཟླ་ངོ་ཕྱེད་དང་ ༢ ཀྱི་རིང་ལུ་ཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པའི་ནང་ གནད་དོན་ཁག་ ༦ དེ་ཅིག་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས། དེ་ཡང་ ཚོགས་ཐེངས་ ༣༧ པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ ༢༠༢༥–༢༠༢༦ ཅན་མའི་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་སོ་ནམ་ལས་སྡེའི་ནང་ མ་རྩ་གཞི་བཙུགས་ཀྱི་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་ཁྱིམ་བཟོའི་གནས་སྟངས་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་གཉེན་འབྲེལ་(འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་དང་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་ […]

gyalchi
National News

འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ གོ་དོན་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གཞུང་དང་ ཨཱཛ་ཊྲེ་ལི་ཡའི་ གཞུང་གི་བར་ན་ ལོ་བསྟར་ཟུང་ཕྱོགས་གྲོས་བསྟུན་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཨཱཛ་ཊྲེ་ལི་ཡའི་རྒྱལ་ས་ ཀེན་བེ་ར་ལུ་སྦེ་ འགོ་འདྲེན་འཐབ་ནུག། གྲོས་བསྟུན་དེ་ནང་ འབྲུག་གི་སྡེ་ཚན་དེ་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་གིས་ འགོ་ཁྲིད་འབད་ཡོདཔ་ད་ ཨཱཛ་ཊྲེ་ལི་ཡའི་སྡེ་ཚན་དེ་ ཨཱཛ་ཊྲེ་ལི་ཡའི་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་འོག་གི་ ལྷོ་དང་ཤར་ལྷོ་ཨེ་ཤི་ཡའི་ དྲུང་ཆེན་འོགམ་ ཨམ་མི་ཤེལ་ཅཱན་གྱིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས། དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་ ཟུང་ཕྱོགས་མཐུན་འབྲེལ་དེ་ ཆེ་མཐོའི་འགོ་དཔོན་ཚུ་གི་ ཕན་ཚུན་བརྗེ་སོར་དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་ཚུ་ ཡར་སེང་ཐོག་ལས་ གོང་འཕེལ་སོང་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ད་ལས་ཕར་ཡང་ མཐའ་དོན་གཅིག་པའི་ གནད་དོན་དང་ མནོ་དོན་གཅིག་པའི་ བརྩི་མཐོང་ཚུ་ལུ་ གཞི་བརྟེན་ཏེ་ ཟུང་ཕྱོགས་མཐུན་འབྲེལ་དེ་ བཙན་ཐབས་འབད་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ནུག། གྲོས་བསྟུན་དེ་ནང་ […]

gyalchi
National News

ཐིམ་ཕུ་ལུ་ བྱང་སྟོར་ཤོར་མི་ བུམོ་ཅུང་ཅིག་ ཕུངམོ་སྦེ་ཐོབ་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ སྐྱེས་ལོ་ ༡༢ འབད་མི་ བུམོ་ཅུང་ཅིག་ བྱང་སྟོར་ཤོར་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱང་ཐིམ་ཕུ་ལས་ ཕུངམོ་སྦེ་ ཐོབ་ཡོདཔ་ཨིན་པས། དེ་ཡང་ དེ་ཚེ་ནུབ་མོ་ བུམོ་དེ་བྱང་པའི་སྐོར་ལས་ སྙན་ཞུ་འབྱོར་མ་ཐག་ཏུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གནད་དོན་དེ་ གལ་གནད་ཅན་སྦེ་རྩིས་ཏེ་ དེ་འཕྲལ་ལས་ འཚོབ་ཞིབ་འབད་ནི་ འགོ་བཙུགས་ནུག། ཨིན་རུང་ དེ་ཚེ་ འཚོལ་མ་ཐོབ་ལས་ དེ་གི་ནངས་པར་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ དང་པ་ར་ ཚལ་མའི་ནང་ལས་ སློབ་གྲྭའི་སྒྲིག་གོ་ལྷམ་ཅིག་ མཐོང་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་སྦེ་ གྱོན་ཆས་ཚུ་དང་ མཐར་ཐུག་ལུ་ ཕུངམོ་དེ་ཡང་ སྦ་བཞག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས། མི་སྡེ་བརྡ་བརྒྱུད་དང་ བརྡ་བརྒྱུད་ལ་ལོ་ཅིག་ནང་ དོགས་པ་ཅན་ ༤ འཛིན་བཟུང་འབད་དེ་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ད་ལྟོ་ དབྱེ་ཞིབ་འབད་བའི་བསྒང་ཨིནམ་ལས་ […]

gyalchi
Online now: 9 Today: 590 Total visitors: 83536
23,273Facebook followers
+3Today
+1,174This month