པདྨ་དབང་འདུས།
སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གཞུང་དང་ ཨཱཛ་ཊྲེ་ལི་ཡའི་ གཞུང་གི་བར་ན་ ལོ་བསྟར་ཟུང་ཕྱོགས་གྲོས་བསྟུན་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཨཱཛ་ཊྲེ་ལི་ཡའི་རྒྱལ་ས་ ཀེན་བེ་ར་ལུ་སྦེ་ འགོ་འདྲེན་འཐབ་ནུག།
གྲོས་བསྟུན་དེ་ནང་ འབྲུག་གི་སྡེ་ཚན་དེ་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་གིས་ འགོ་ཁྲིད་འབད་ཡོདཔ་ད་ ཨཱཛ་ཊྲེ་ལི་ཡའི་སྡེ་ཚན་དེ་ ཨཱཛ་ཊྲེ་ལི་ཡའི་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་འོག་གི་ ལྷོ་དང་ཤར་ལྷོ་ཨེ་ཤི་ཡའི་ དྲུང་ཆེན་འོགམ་ ཨམ་མི་ཤེལ་ཅཱན་གྱིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས།
དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་ ཟུང་ཕྱོགས་མཐུན་འབྲེལ་དེ་ ཆེ་མཐོའི་འགོ་དཔོན་ཚུ་གི་ ཕན་ཚུན་བརྗེ་སོར་དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་ཚུ་ ཡར་སེང་ཐོག་ལས་ གོང་འཕེལ་སོང་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ད་ལས་ཕར་ཡང་ མཐའ་དོན་གཅིག་པའི་ གནད་དོན་དང་ མནོ་དོན་གཅིག་པའི་ བརྩི་མཐོང་ཚུ་ལུ་ གཞི་བརྟེན་ཏེ་ ཟུང་ཕྱོགས་མཐུན་འབྲེལ་དེ་ བཙན་ཐབས་འབད་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ནུག།
གྲོས་བསྟུན་དེ་ནང་ ད་ཡོད་མཉམ་འབྲེལ་ཚུ་གི་ ཡར་འཕེལ་བསྐྱར་ཞིབ་འབད་ནི་དང་ ད་ལས་ཕར་ མཉམ་འབྲེལ་གྱི་ གཙོ་རིམ་ཚུ་ ངོས་འཛིན་འབད་ནི་ དེ་ལས་ སྤྱི་ལོ་ ༢༠༢༧ ལུ་ འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་མཛད་དེ་ མི་ལོ་ ༢༥ འཁོར་བའི་ དུས་དྲན་བརྩི་སྲུང་གི་དོན་ལུ་ ལས་སྣ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནི་གི་ གོ་སྐབས་ཡང་ ཐོབ་ཡོདཔ་ཨིན་པས།
དེ་ཁ་ལུ་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ དེ་ལས་ གོང་འཕེལ་མཉམ་འབྲེལ་དང་ དཔལ་འབྱོར་མཉམ་འབྲེལ་ མི་སེར་དང་ མི་སེར་གྱི་བར་ན་བརྗེ་སོར་ རྒྱལ་སྤྱི་མཉམ་འབྲེལ་ཚུ་དང་སྦྲགས་ཏེ་ དཔལ་འབྱོར་མཉམ་འབྲེལ་གྱི་སྐོར་ལས་ཡང་ གསུང་གྲོས་ཚུ་བྱུང་ནུག།
དེ་ལས་ འབྲུག་གཞུང་དང་ ཨཱཛ་ཊྲེ་ལི་ཡ་ གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་དང་འབྲེལ་བའི་ གོ་དོན་ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ཡོདཔ་ད་ མིང་རྟགས་ཚུ་ཡང་ འབྲུག་གི་ཧོངས་ལས་ སྐུ་ཚབ་པདྨ་མཚོ་མོ་དང་ ཨཱཛ་ཊྲེ་ལི་ཡའི་ གཞུང་གི་ཧོངས་ལས་ རྒྱལ་སྤྱིའི་མཁའ་འགྲུལ་དང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ ལུང་ཕྱོགས་གོང་འཕེལ་ བརྒྱུད་འགྲུལ་ རྩེད་རིགས་དང་ ལག་རྩལ་ལས་ཁུངས་ཀྱི་ དྲུང་ཆེན་འོགམ་ ཇིམ་འུལ་ཕི་གིས་ འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་གི་ སྐུ་མདུན་ལུ་སྦེ་ བཀོད་ཡོདཔ་ཨིན་པས།
གོ་དོན་ཆིངས་ཡིག་དེ་གིས་ འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་བར་ན་ མཁའ་འགྲུལ་ཞབས་ཏོག་ནང་ མཉམ་འབྲེལ་གྱི་དོན་ལས་ སྒྲིག་བཀོད་གཞི་བཙུགས་འབད་ཡོདཔ་ད་ རྒྱལ་ཁབ་ ༢ ཀྱི་བར་ན་ འགྲུལ་བསྐྱོད་དང་ བལྟ་བཤལ་ ཚོང་འབྲེལ་ མི་སེར་ཚུ་གི་བར་ན་ བརྗེ་སོར་ཚུ་གི་ གོ་སྐབས་ཚུ་གི་སྒོ་ལས་ མཐུད་སྦྲེལ་ཡར་སེང་གི་དོན་ལུ་ མཐུན་རྐྱེན་སྦྱར་ནི་གི་ མནོ་དོན་གཅིག་མཚུངས་ཀྱི་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོན་ནུག།
ཨཱཛ་ཊྲེ་ལ་ཡ་ལུ་ ཕྱི་འབྲེལ་དྲུང་ཆེན་གྱིས་ འབྲུག་གི་གཞུང་ཚབ་ཡིག་ཚང་གི་ དོན་གཅོདཔ་ཚུ་དང་ འབྲུག་མི་ཚོགས་པའི་ ངོ་ཚབ་ཚུ་དང་ཡང་ ཕྱད་ཡོད་པའི་གནས་ཚུལ།
འབྲུག་དང་ ཨཱཛ་ཊྲེ་ལི་ཡའི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ གོ་དོན་ཆིངས་ཡིག།

Related

ཐིམ་ཕུ་ལུ་ བྱང་སྟོར་ཤོར་མི་ བུམོ་ཅུང་ཅིག་ ཕུངམོ་སྦེ་ཐོབ་ཡོདཔ།
སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ སྐྱེས་ལོ་ ༡༢ འབད་མི་ བུམོ་ཅུང་ཅིག་ བྱང་སྟོར་ཤོར་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱང་ཐིམ་ཕུ་ལས་ ཕུངམོ་སྦེ་ ཐོབ་ཡོདཔ་ཨིན་པས། དེ་ཡང་ དེ་ཚེ་ནུབ་མོ་ བུམོ་དེ་བྱང་པའི་སྐོར་ལས་ སྙན་ཞུ་འབྱོར་མ་ཐག་ཏུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གནད་དོན་དེ་ གལ་གནད་ཅན་སྦེ་རྩིས་ཏེ་ དེ་འཕྲལ་ལས་ འཚོབ་ཞིབ་འབད་ནི་ འགོ་བཙུགས་ནུག། ཨིན་རུང་ དེ་ཚེ་ འཚོལ་མ་ཐོབ་ལས་ དེ་གི་ནངས་པར་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ དང་པ་ར་ ཚལ་མའི་ནང་ལས་ སློབ་གྲྭའི་སྒྲིག་གོ་ལྷམ་ཅིག་ མཐོང་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་སྦེ་ གྱོན་ཆས་ཚུ་དང་ མཐར་ཐུག་ལུ་ ཕུངམོ་དེ་ཡང་ སྦ་བཞག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས། མི་སྡེ་བརྡ་བརྒྱུད་དང་ བརྡ་བརྒྱུད་ལ་ལོ་ཅིག་ནང་ དོགས་པ་ཅན་ ༤ འཛིན་བཟུང་འབད་དེ་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ད་ལྟོ་ དབྱེ་ཞིབ་འབད་བའི་བསྒང་ཨིནམ་ལས་ […]

དགེ་ལེགས་ཕུག་ལུ་བཞེངས་མི་ བྱང་ཆུབ་མཆོད་རྟེན་ ༡༠༨ འགྲོ་བ་མིའི་འབྱུང་རབས་ནང་ ཡ་མཚན་ཅན་གྱི་བརྡ་མཚོན།
སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནང་མི་དེ་ གི་ནིཛ་འཛམ་གླིང་གི་ ཐོ་གཞུང་ནང་ལུ་ ས་ཁོངས་མ་འདྲ་བའི་ནང་ མཆོད་རྟེན་གྱངས་ཁ་མཐོ་ཤོས་ དུས་མཉམ་ལུ་ རབ་གནས་གནང་ཡོད་པའི་ ཐོ་བཀོད་གསརཔ་སྦེ་ ཚུད་དེ་ཡོདཔ་ཨིན་པས། བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནི་གི་ དགོངས་འཆར་དེ་ དུས་ཅི་ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ གསལ་བསྒྲགས་གནང་སྟེ་ ཟླ་ངོ་ ༨ ཀྱི་ཤུལ་ལས་ མཆོད་རྟེན་ཡོངས་རྫོགས་ དུས་ཡུན་ཆུ་ཚོད ༨ དང་ སྐར་ཆ་ ༥༤ གི་ ནང་འཁོད་ལུ་ མཇུག་བསྡུ་ནུག། ཡོ་བྱད་ཐོག་ལས་ མ་ཎི་གྱངས་ནི་དེ་ཡང་ རྒྱལ་སྤྱིའི་གནས་རིམ་ནང་ གོ་སྐབས་སྤེལ་ཡོདཔ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ཚུན་ལུ་ ས་ཡ་ ༨,༠༠༠ དེ་ཅིག་ ཐོབ་ཡོདཔ་ད་ དགེ་ལེགས་ཕུག་ལུ་ […]

འབྲུག་དང་ ལ་ཨོ་རྒྱལ་ཁབ་ཀྱི་བར་ན་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས།
པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་དང་ ལ་ཨོ་མི་སེར་དམངས་གཙོའི་ རྒྱལ་ཁབ་ཀྱི་བར་ན་ མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་ཐོག་ལས་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཡོདཔ་ཨིན་པས། དོན་གཅོད་མཐུན་ལམ་གྱི་ མཉམ་འབྲེལ་གསལ་བསྒྲགས་དེ་ལུ་ ནིའ་ཡོགའཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་རང་གྲོལ་དབང་ཕྱུག་དང་ ལ་ཨོ་མི་སེར་དམངས་གཙོའི་རྒྱལ་ཁབ་ཀྱི་ གཏན་འཇགས་སྐུ་ཚབ་ ཐོང་ཕ་ནེ་ས་བཱན་ཕེད་ཀྱིས་ མཚན་རྟགས་ཚུ་བཀོད་ནུག། དེ་སྦེ་ དོན་གཅོད་མཐུན་ལམ་ འགོ་བཙུགས་ནི་དང་འབྲེལ་ཏེ་ གཏན་འཇགས་སྐུ་ཚབ་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་དང་ མི་སེར་ཚུ་གི་བར་ན་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་དང་ གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ཨིན་པས། ཁོང་གཉིས་ཆ་ར་གིས་ འབྲུག་དང་ ལ་ཨོ་རྒྱལ་ཁབ་ ༢ སྐོབས་ཚུད་ཀྱི་ རྒྱལ་ཁབ་ཨིན་པ་གིས་མ་ཚད་ ལམ་སྲོལ་ཚུ་ཡང་ ནང་པའི་སྲོལ་ཁྱུན་ལུ་བརྟེན་ཏེ་ ཤོ་མཚུངས་ཡོད་མི་ལུ་ ངོས་ལེན་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ ཡུན་བརྟན་ཅན་གྱི་ གྲོས་གླེང་དང་ མཉམ་འབྲེལ་ཚུ་གི་ […]

Leave a Reply