ArchiveAboutContact

Special News

Special News

སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མཆོད་རྟེན་ ༡༠༨ གསར་བཞེངས་སྐབས་ལུ་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསུང་བཤད་བཅུད་བསྡུས།

སྐད་སྒྱུར་ པདྨ་དབང་འདུས། ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་པའི་ སྦས་ཡུལ་ཅིག་ཨིན། དེ་ཡང་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ ང་བཅས་རའི་ རྒྱལ་ཁབ་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ བསྟན་པ་བཙུགས་གནང་ཡོདཔ་ད་ དུས་དེ་ལས་ཚུར་ དུས་རབས་ ༡༢ ལྷགཔ་ཅིག་གི་རིང་ལུ་ མི་རབས་ལས་མི་རབས་ཀྱི་བར་ན་ ང་བཅས་ཀྱིས་ བསྟན་པ་འདི་ བདག་འཛིན་འཐབ་སྟེ་ཡོད། དེ་གི་ནང་ལས་ ག་བ་ཡང་ལྷགཔ་སྦེ་ བསྟན་པ་འདི་གིས་ ང་བཅས་རའི་ རྒྱལ་ཁབ་དང་ མི་སེར་གྱི་ ལམ་ལུགས་ཚུ་ དེ་གིས་སྦེ་ སྒྱུར་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གཞི་བཙུགས་གནང་པའི་ རྒྱལ་ཁབ་ཅིག་ཨིན། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ འབྲུག་གི་རང་དབང་དང་ གཞུང་སྐྱོང་ འབྲུག་པ་ཟེར་བའི་ ངོ་རྟགས་ཚུ་དང་བཅསཔ་སྦེ་ ཆོས་སྲིད་གཉིས་ལྡན་གྱི་ རྒྱལ་ཁབ་སྦེ་ གཞི་བཙུགས་གནང་ཡི། དེ་ཚུ་ག་ར་ འབྲུག་གིས་ འཛམ་གླིང་ནང་ རང་གི་ས་གོ་བཟུང་སྟེ་ རང་གི་འཚོ་བ་སྐྱོང་ཐངས་དང་ སྔར་ཁྱུན་ལམ་སྲོལ་ཚུ་ ཉམས་སྲུང་འབད་དེ་ འབྲུག་མི་རེ་རེ་བཞིན་གྱི་ སྡོད་ས་སྦེ་ བཟོ་གནང་ཡི། […]

gyalchi
Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་འདི་ མཐར་འཁྱོལ་ཅན་སྦེ་བསྒྲུབས་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མེ་རྟ་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་དང་འབྲེལ་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་ནི་གི་ དགོངས་བཞེད་ཟབ་མོ་འདི་ མཐར་འཁྱོལ་ཅན་སྦེ་ བསྒྲུབས་གནང་ཡི།   དེ་ཡང་ དགེ་ལེགས་ཕུག་ མའུ་གཙང་ཆུའི་ མཐའམ་བདའ་སྟེ་ རང་ཟླ་ ༩ པའི་ཚེས་ ༢༢ ལུ་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་ ༡༢ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ པོ་ག་ར་ དུས་ཡུན་ཆུ་ཚོད་ ༩ གི་ ནང་འཁོད་ལུ་ ལེགས་ཤོམ་སྦེ་ བསྒྲུབས་གནང་མི་འདི་ སྔོན་ཆད་རྩ་ལས་ར་ བྱུང་མ་མྱོང་པའི་ ཡ་མཚན་ཅན་གྱི་ རྫུ་འཕྲུལ་བཟུམ་ཅིག་ཨིན་པས། དེ་བཟུམ་མའི་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནས་སར་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་དབང་ཀརྨ་པ་མཆོག་དང་ མཇལ་ཕྲད་མཛད་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྒྱལ་དབང་ཀརྨ་པ་ ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་དང་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ འཛམ་གླིང་རྒྱལ་ཁབ་ ༡༨ ལྷགཔ་ཅིག་ལས་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ ༡༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་ འབྱུང་རབས་ཅན་གྱི་ དུས་སྟོན་ནང་ བྱོན་ཡོད་པའི་ གནས་ཚུལ་མདོར་བསྡུསས།

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་དུས་སྟོན།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་ དུས་སྟོན་ཁྱད་པར་ཅན་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ དར་མཛོད་སྣེ་ལྔ་ བཞེས་པའི་ཤུལ་ལུ་ ཆིབས་གྲལ་བཙར་ཏེ་ སྤུངས་ཐིམ་དགེ་འདུན་འདུས་པའི་ ཀུན་དགའ་རྭ་བའི་ནང་ གདན་འདྲེན་ཞུ་ནུག། དེ་སྦེ་ ཀུན་རྭའི་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ཡོདཔ་ཨིན་པས། དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་དང་ དགེ་འདུན་འདུས་པའི་ ཀུན་རྭའི་ནང་སྦེ་ […]

gyalchi

National News

National News

འབྲུག་དང་ ལ་ཨོ་རྒྱལ་ཁབ་ཀྱི་བར་ན་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་དང་ ལ་ཨོ་མི་སེར་དམངས་གཙོའི་ རྒྱལ་ཁབ་ཀྱི་བར་ན་ མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་ཐོག་ལས་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཡོདཔ་ཨིན་པས། དོན་གཅོད་མཐུན་ལམ་གྱི་ མཉམ་འབྲེལ་གསལ་བསྒྲགས་དེ་ལུ་ ནིའ་ཡོགའཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་རང་གྲོལ་དབང་ཕྱུག་དང་ ལ་ཨོ་མི་སེར་དམངས་གཙོའི་རྒྱལ་ཁབ་ཀྱི་ གཏན་འཇགས་སྐུ་ཚབ་ ཐོང་ཕ་ནེ་ས་བཱན་ཕེད་ཀྱིས་ མཚན་རྟགས་ཚུ་བཀོད་ནུག། དེ་སྦེ་ དོན་གཅོད་མཐུན་ལམ་ འགོ་བཙུགས་ནི་དང་འབྲེལ་ཏེ་ གཏན་འཇགས་སྐུ་ཚབ་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་དང་ མི་སེར་ཚུ་གི་བར་ན་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་དང་ གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ཨིན་པས། ཁོང་གཉིས་ཆ་ར་གིས་ འབྲུག་དང་ ལ་ཨོ་རྒྱལ་ཁབ་ ༢ སྐོབས་ཚུད་ཀྱི་ རྒྱལ་ཁབ་ཨིན་པ་གིས་མ་ཚད་ ལམ་སྲོལ་ཚུ་ཡང་ ནང་པའི་སྲོལ་ཁྱུན་ལུ་བརྟེན་ཏེ་ ཤོ་མཚུངས་ཡོད་མི་ལུ་ ངོས་ལེན་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ ཡུན་བརྟན་ཅན་གྱི་ གྲོས་གླེང་དང་ མཉམ་འབྲེལ་ཚུ་གི་ […]

gyalchi
National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཧ་ཐི་སར་ སློབ་གྲྭ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཞི་རིམ་སློབ་གྲྭ་གསརཔ་ གོང་འཕེལ་གྱི་ གོ་དོན་ཆིངས་ཡིག་བཟོ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ ཧ་ཐི་སར་ སློབ་གྲྭ་སྒེར་སྡེ་ཚད་འཛིན་གྱི་ས་ ཧ་ཐི་སར་ སློབ་གྲྭའི་མདུན་བསྐྱོད་ཀྱི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཞི་རིམ་སློབ་གྲྭ་གསརཔ་ཅིག་ གཞི་བཙུགས་འབད་ནི་སྦེ་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས། དེ་ཡང་ གོ་དོན་ཆིངས་ཡིག་དང་འཁྲིལ་ཏེ་ རྩ་ཕན་ ༢ ཀྱི་ཁ་ཐུག་ལས་ ཨ་ལོའི་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་ཐོག་ལས་ སློབ་རིམ་ ༦ པ་ཚུན་ལུ་ གོང་འཕེལ་གཏང་ནི་གི་ ལཱ་ཚུ་འབད་ནི་ཨིནམ་སྦེ་བཀོད་ནུག། ཧ་ཐི་སར་ སློབ་གྲྭ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྡོད་མི་ཚུ་གི་དོན་ལུ་ འབྲུག་བཱ་ཀ་ལོ་རི་ཡེཊ་ རྩ་གཞུང་ཐོག་ལས་ ཀླདཔ་དང་ སེམས་ཁམས་ གཟུགས་ཁམས་ མི་སྡེ་དང་འབྲེལ་བ་ དེ་ལས་ ཆོས་དང་འབྲེལ་བའི་ ཀུན་ཚང་གོང་འཕེལ་གྱི་ གནད་དོན་ཁག་ ༥ གི་ནང་ ཤེས་ཡོན་གྱི་ ཞབས་ཏོག་ཚུ་ བསྒྲུབ་ནི་ཨིན་པས། སློབ་གྲྭ་དེ་ཡང་ སྤྱི་ལོ་ ༢༠༢༨ ལུ་ འགོ་འབྱེད་འབད་ནི་དང་ […]

gyalchi
National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ འབྲུག་གི་འཕྲུལ་ལྟོ་བསྡུ་སྒྲིག་དང་ བཟོ་བཏོན་མཐུན་རྐྱེན་དང་པའི་དོན་ལུ་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཏ་ལུ་ གཞི་གནས་འབད་དེ་ཡོད་མི་ གཙང་དག་ནུས་ཤུགས་ལས་སྡེ་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཟོ་བཏོན་དང་ བསྡུ་སྒྲིག་མཐུན་རྐྱེན་ གཞི་བཙུགས་ཀྱི་དོན་ལུ་ ཀུན་སློང་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག། མཐུན་རྐྱེན་དེ་ནང་ལས་ འཕྲུལ་ལྟོའི་ནུས་ཤུགས་ སྲུང་མཛོད་རིམ་ལུགས་ཚུ་ བཟོ་བཏོན་འབད་ནི་དང་ དེ་ཚུ་ཡང་ ཉིན་དྲོད་དང་ རླུང་ཤུགས་ ཆུར་བརྟེན་ནུས་ཤུགས་ཚུ་གི་ འཛིན་ཆས་ཚུ་གི་ཐོག་ལས་ བཟོ་བཏོན་འབད་ནི་ཨིན་པས། མཐུན་རྐྱེན་དེ་ཡང་ གོ་རིམ་གཉིས་སྦེ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ད་ མཐུན་རྐྱེན་དེ་གི་ བཟོ་བསྐྲུན་ལྕོགས་གྲུབ་དེ་ གི་ག་ཝཱཊ་ཨ་ཝར་ ༡༠ ཚུན་འོང་ནི་ཨིནམ་སྦེ་བཀོད་ནུག། དེ་ཡང་ འབྲུག་ལུ་ འཕྲུལ་ལྟོའི་ནུས་ཤུགས་སྲུང་མཛོད་རིམ་ལུགས་ དང་པ་སྦེ་ གནས་ནི་ཨིནམ་ད་ མཐུན་རྐྱེན་དེ་གིས་ ཆུར་བརྟེན་ནུས་ཤུགས་སྤྱོད་ཐོག་ལས་ འཕྲུལ་ལྟོ་སྡེ་ཚན་དང་ ནུས་ཤུགས་འཛིན་ཆས་ཚུ་ བཟོ་བཏོན་འབད་དེ་ འབྲུག་གི་ཚོང་མགྲོན་པ་དང་ ལུང་ཕྱོགས་ནང་གི་ ཚོང་མགྲོན་པ་ཚུ་ལུ་ མ་སྤེལ་བའི་ཧེ་མར་ བསྡུ་སྒྲིག་དང་ བརྟག་དཔྱད་ཀྱི་ ལམ་ལུགས་ཚུ་ […]

gyalchi
National News

ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མ་འོངས་དྲན་ཤེས་ཅན་ འཚོ་རྟེན་གྱི་དོན་ལུ་ མཉམ་འབྲེལ་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ དེ་ལས་ གི་རིན་ཌི་ཇི་ཊལ་ཚད་འཛིན་གྱི་ཡན་ལག་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆོ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་སྒྲུབ་ཐབས་ལུ་ ཐབས་བྱུས་ཅན་གྱི་ རྒྱབ་སྐྱོར་ཕུལ་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས། མཉམ་འབྲེལ་དེ་གིས་ རྒྱལ་སྤྱིའི་གནས་ཚད་ཁར་ དལ་ཉམས་མགྲོན་སྐྱོང་དང་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ དེ་ལས་ ཡུན་བརྟན་དང་ དྲན་ཤེས་ཅན་གྱི་ མ་འོངས་པའི་དོན་ལུ་ འབྲུག་གི་རེ་འདུན་ཚུ་ གཅིག་ཁར་བསྡུཝ་ཨིནམ་སྦེ་བཀོད་ནུག། དེ་ཡང་ ཨ་མཱན་སྡེ་ཚན་གྱིས་ རྒྱལ་སྤྱིའི་གནས་ཚད་ཁར་ མགྲོན་སྐྱོང་དང་ འཚོ་རྟེན་གྱི་ མཁས་རིག་དང་སྦྲགས་ཏེ་ ལོ་ངོ་བཅུ་ཕྲག་ལས་ལྷག་པའི་ དུས་ཡུན་ནང་ དལ་ཉམས་མགྲོན་སྐྱོང་ ལག་ལེན་འཐབ་མི་་ཨིན་པའི་ ངོ་རྟགས་ཅན་གྱི་ ལཱ་ཤུལ་གྱི་སྒོ་ལས་ ཁེ་ཕན་འབད་ནི་ཨིན་པས། དེ་བཟུམ་སྦེ་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་གྱི་ ཁ་ཐུག་ལས་ མ་དངུལ་དང་ གཞི་ཁྱིམ་འཛིན་སྐྱོང་གི་ ཉམས་མྱོང་ཚུ་གི་སྒོ་ལས་ ཕན་ཐབས་འབད་ནི་དང་ ཇི་ཌི་ཨེལ་རེ་བེན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་ལུ་ རྒྱབ་སྐྱོར་གྱི་ […]

gyalchi

World News

World News

མི་སེར་ས་ཡ་ ༩༠ དེ་ཅིག་ གནམ་གཤིས་དང་འབྲེལ་བའི་ ཉེན་ཁ་ཅན་གྱི་ དཀའ་ངལ་ནང་ སྡོད་དོ་ཡོད་པའི་སྙན་ཞུ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ འཛམ་གླིང་སྤྱི་ཚོགས་ སྐྱབས་བཅོལ་ལས་སྡེ་གིས་ མི་སེར་ས་ཡ་ ༩༠ དེ་ཅིག་ གནམ་གཤིས་དང་འབྲེལ་བའི་ ཆུ་རུད་དང་ ཚ་དྲོད་ཆེ་བའི་ རྒྱལ་ཁབ་ཚུ་ནང་ སྡོད་དོ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག། དེ་ཡང་ འཛམ་གླིང་ནང་ བཙན་དབང་ཐོག་ལས་ གནས་སྤོ་འགྱོ་མི་ བཞི་དཔྱ་ ༣ དེ་ཅིག་ ཨཱཕ་གྷ་ནིཛ་ཏཱན་དང་ བང་ལ་དེཤ་བཟུམ་མའི་ རྒྱལ་ཁབ་ཚུ་ནང་ སྡོད་དོ་ཡོདཔ་སྦེ་ ཊར་ཀིའི་ཁྲོམ་ཚོགས་ ཨེན་ཊ་ལི་ཡ་ལུ་ འཛམ་གླིང་སྤྱི་ཚོགས་ གནམ་གཤིས་འགྱུར་བགྲོད་ཀྱི་ ཞལ་འཛོམས་ཀྱི་ཧེ་མར་ འཛམ་གླིང་སྤྱི་ཚོགས་ སྐྱབས་བཅོལ་ལས་སྡེ་གིས་ དཔར་བསྐྲུན་འབད་མི་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས། དེ་མ་ཚད་ སྙན་ཞུའི་ནང་ ཞིབ་འཚོལ་གྱི་ གྲུབ་འབྲས་ཚུ་གིས་ འཁྲུག་རྩོད་དང་ གནས་སྤོ་འགྱོ་མི་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་བར་ན་ གཅིག་མཚུངས་མཐོང་དོ་ཡོདཔ་སྦེ་བཀོད་ནུག། ད་རུང་ འཛམ་གླིང་སྤྱི་ཚོགས་ སྐྱབས་བཅོལ་ལས་སྡེའི་ ལག་ལེན་ལས་རོགས་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གཤིས་གནས་སྟངས་ལུ་བརྟེན་ཏེ་ ཉམ་ཆུང་དང་ གནས་སྤོ་འགྱོ་ཚུ་གི་ […]

gyalchi
World News

ནིའུ་ཡོག་གི་ ཁྲོམ་སྡེ་ཅིག་ནང་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ ནིའུ་ཡོག་གི་ཁྲོམ་སྡེ་ བུ་རུག་ལིན་ཟེར་སར་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། མེ་རྐྱེན་དེ་ཡང་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡ དང་ སྐར་མ་ ༤༠ དེ་ཅིག་ཁར་ འགོ་དང་པ་ བྱུང་ཡོད་པའི་ སྙན་ཞུ་ཐོབ་པའིི་ཤུལ་ལས་ མེ་བསད་སྡེ་ཚན་དང་ གློ་བུར་གྱི་ གསོ་བའི་ལས་བྱེདཔ་ ༢༣༠ ལྷགཔ་ཅིག་ སཱན་སེཊ་གླིང་གའི་ ཉེ་འདབས་ཀྱི་ ས་གནས་ནང་ བཏང་ཡོདཔ་ཨིན་པས། མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ མ་ཤེས་ཏེ་འབད་རུང་ ཞིབ་དཔྱད་འབད་དོ་ཡོདཔ་སྦེ་ ནིའུ་ཡོག་ཁྲོམ་སྡེའི་ མེ་བསད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། ལི་ཐི་ཡམ་ཨའི་འོན་གྱི་ འཕྲུལ་ལྟོ་ཡོད་མི་ལུ་བརྟེན་ཏེ་ ཉེན་ཁ་ཅན་གྱི་ རྒྱུ་དངོས་ཚུ་ལུ་ མཁས་མཆོག་ཨིན་མི་ ལས་བྱེདཔ་ཚུ་ཡང་ ས་གནས་དེ་ཁར་ བཏང་ཡོད་རུང་ མེ་རྐྱེན་དེ་དང་ […]

gyalchi
World News

ཡུ་རོབ་ནང་འཁོད་ཀྱི་ གནམ་གྲུ་ལེ་ཤ་ཅིག་ལུ་ རྫས་བམ་གྱི་ ཉེན་བརྡ་འབད་ཡོདཔ།

བི་བི་སི། བདུན་ཕྲག་འདི་ནང་ ཡུ་རོབ་ནང་འཁོད་ཀྱི་ གནམ་གྲུ་ལེ་ཤ་ཅིག་ལུ་ རྫས་བམ་གྱི་ ཉེན་བརྡ་འབད་ཡོདཔ་ལས་ གནོད་སྐྱོན་ལན་ཐེངས་ ༢ བྱུང་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༥ གི་དྲོ་པ་ ཌབ་ལིན་ལས་ རོམ་ལུ་འགྱོ་མི་ ཨེ་ཡར་ལིང་གཱཛ་གི་ གནམ་གྲུ་ཅིག་རྩིས་ཏེ་ ཨི་ཊ་ལི་དང་ པོ་ལེན་ བཱལ་ག་རི་ཡ་ ཨཛ་ཊི་ཡ་ དེ་ལས་ ཅེཛ་ཅི་ཡ་ལུ་འགྱོ་མི་ གནམ་གྲུ་ཚུ་ འཕུར་འགྲུལ་འབད་ནི་ལུ་ གནོད་སྐྱོན་བྱུང་ནུག། དེ་བཟུམ་སྦེ་ ཡུ་ཀེ་ལས་ འཕུར་འགྲུལ་འབད་མི་ གནམ་གྲུ་ ༢ རྩིས་ཏེ་ ཡུ་རོབ་ཀྱི་ གནམ་གྲུ་ ༨ ལུ་ ཉེན་བརྡ་འབད་མི་དང་འཁྲིལ་ཏེ་ རྫས་བམ་ཡོད་པའི་ དོགས་པ་ཡོད་རུང་ འཚོལ་ཞིབ་འབད་བའི་སྐབས་ལུ་ གནམ་གྲུ་ཕུད་རྡོག་ ༡ ལས་ར་ རྫས་བམ་མ་ཐོབ་པས་ཟེར་ཨིན་པས། ཨིན་རུང་ ཌབ་ལིན་ལས་ རོམ་ལུ་འཕུར་འགྲུལ་འབད་མི་ གནམ་གྲུ་ཨི་ཨའི་༤༠༢ དེ་ ཉེན་སྲུང་གི་དོན་ལས་ ནོར་མཱན་ཌི་ལུ་ ཁ་སྒྱུར་འབད་དེ་ ཉེན་སྲུང་དང་ལྡནམ་སྦེ་ […]

gyalchi
World News

གངས་རི་ཨི་བེ་རེཛ་གི་ གཞི་སྒར་ཉེ་འདབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ཐུག་རྐྱེན་བྱུང་མིའི་ནང་ རྒྱ་གར་གྱི་ བལྟ་བཤལཔ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ གངས་རི་ཨི་བེ་རེཛ་གི་ གཞི་སྒར་ཉེ་འདབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ཆགས་ནི་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ རྒྱ་གར་གྱི་ བལྟ་བཤལཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ གངས་རི་ཨི་བེ་རེཛ་གི་ ལྷོ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༢ དེ་ཅིག་གི་ས་ཁར་ ཕེ་རི་ཅེ་ཟེར་ས་ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨ དང་ སྐར་མ་ ༡༥ དེ་ཅིག་ཁར་ ཆགས་ནི་འབདཝ་ད་ གནམ་གྲུ་གཅིག་གིས་གཅིག་གི་གཤོག་ཐེག་ བཏོག་བཏང་ནུག་ཟེར་ཨིན་པས། ཧེ་ལི་ཀོབ་ཊར་ལས་སྡེ་ ཕིཤ་ཊེལ་ཨེ་ཡར་གྱིས་ གནམ་གྲུ་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་ རྒྱ་གར་ལས་ཨིན་པའི་ ཕོ་སྐྱེས་དེ་ ཝ་སཱན་ཀུ་མར་ བཱ་ལ་ར་མུ་ཌུ་ཨིན་པའི་ ངོས་འཛིན་འབད་ནུག། ཧེ་ལི་ཀོབ་ཊར་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ཁོང་གི་སྣུམ་འཁོར་ ༡ ཡང་ འབྲེལ་གཏོགས་འབད་དེ་ཡོདཔ་ད་ དེ་བསྒང་ འགྲུལ་པ་གཞན་ ༡ དང་ ཧེ་ལི་ཀོབ་ཊར་གྱི་ དེད་དཔོན་ […]

gyalchi

Advertisiments

News in English

Education

Education

ཀ་རྩོམ་མཆོད་རྟེན་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པའི་ བསྟོད་བསྔགས་བཀྲ་ཤིས་གཡས་སུ་འཁྱིལ་བ།

ཀ་དག་གདོད་མའི་མགོན་པོ་པདྨ་འབྱུང་། །ཁ་བཞི་ལྷ་ཡི་སྦས་གནས་དུར་ཤིང་འོག །ག་ནས་མཇལ་ཀྱང་མཛེས་སོ་དྲན་ཤེས་ཁྲོམ། །ང་ཅག་ཆོས་རྒྱལ་ཐུགས་ལས་བསྐྲུན་པ་ལགས། ། ཅ་ཅོ་སྒྲ་མེད་ཡིད་འོང་དགེ་ལེགས་ཕུག །ཆ་རྐྱེན་བླ་སྤྲུལ་གྲངས་མེད་སྤྱན་དྲངས་ནས། །ཇ་ཆང་འདོད་ཡོན་ལོངས་སྤྱོད་བརྒྱ་ཚོ་བཅས། །ཉ་མོ་ཆུ་རྩལ་ངོམ་བཞིན་དགྱེས་པའི་ངང་། ། ཏ་ཐ་ག་ཏའི་ཐུགས་རྟེན་བརྒྱ་དང་བརྒྱད། །ཐ་མལ་མི་ཡི་བློ་ལ་ཤོང་དཀའ་བའི། །ད་བར་འབྱུང་མེད་དུས་བཟང་ཉིན་གཅིག་ལ། །ན་མོ་མཐོང་གྲོལ་བྱང་ཆུབ་མཆོད་རྟེན་བཞེངས། ། པ་སངས་ལྟར་དཀར་རྒྱལ་པོའི་ཐུགས་བསྐྱེད་ཀྱི། །ཕ་གུ་དྲྭ་བ་དབང་གཞུའི་འདོད་སྣམ་དང་། །བ་གམ་བཀོད་ལེགས་གཟུངས་བཞུགས་བྱིན་ལྡན་བཅས། །མ་གྷ་དྷ་ཡི་མཆོད་སྡོང་གླིང་འདིར་བྱོན། ། ཙ་ད་གདན་སྟེང་བཅོམ་ལྡན་ཐུབ་དབང་རྗེ། །ཚ་ངར་ཉོན་མོངས་བདུད་བཞི་བཅོམ་པ་ཡི། །ཛ་ཡ་མངོན་པར་རྫོགས་པའི་གོ་འཕང་བརྙེས། །ཝ་ལེར་བྱང་ཆུབ་མཆོད་རྟེན་བཞེངས་པར་གྲགས། ། ཞ་ལྟར་མཐོ་བའི་མཆོད་རྟེན་གསེར་གྱི་ཏོག །ཟ་བེར་ཁྲི་སྟེང་བླ་ཆེན་བརྒྱ་ཕྲག་ནས། ། འ་འུར་མི་མང་མ་ཎི་གདངས་དབྱངས་ལེན། །ཡ་མཚན་རབ་གནས་གནང་ནས་གསོལ་བ་འདེབས། ། ར་བས་གངས་བསྐོར་འབྲུག་ཡུལ་དགེ་ལེགས་ཕུག །ལ་བ་ཆེ་འདྲའི་ཐབས་ཤེས་ཟུང་འཇུག་ཐོག །ཤཱ་ཀྱའི་རྗེས་འཇུག་ཐེག་པ་གསུམ་པོ་རྣམས། །ས་གསུམ་རབ་དགའི་སྒྲ་དབྱངས་གླིང་འདིར་སྒྲོགས། ། ཧ་ཅང་འཛམ་གླིང་ནད་མུག་མཚོན་གྱི་རྒུད། །ཨ་ཧོ་དཀར་ཕྱོགས་རྒྱལ་བའི་སྨོན་ལམ་འགྲུབ། །རྒྱལ་བསྟན་དར་ཞིང་དཔལ་འབྱོར་གོང་དུ་འཕེལ། །འཛམ་གླིང་ཞི་བདེའི་འབྱུང་བའི་བཀྲ་ཤིས་ཤོག ། ཅེས་པའང་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྔོན་ཆོས་རྒྱལ་མྱ་ངན་མེད་ནས་ མཆོད་རྟེན་བྱེ་བ་བཞེངས་པའི་ལོ་རྒྱུས་དང་ བར་དུ་བོད་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ བོད་ཡུལ་དང་ ཐག་ཉེ་ཡུལ་ལུང་རྣམས་སུ་ མཐའ་འདུལ་ཡང་འདུལ་གྱི་ ལྷ་ཁང་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པ་ལྟ་བུ། ད་ལྟ་འཛམ་གླིང་དམག་འཁྲུགས་མཚོན་གྱི་རྒུད་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འདིར་ […]

gyalchi
Education

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གསུང་རྩོམ་ཕྱོགས་བསྡེབས།

༈ རྒན་བཞུགས་སྐྱིད་པའི་གླིང་གི་གནས་ལ་བསྟོད་པ། ཀ་ནས་ལྷུན་གྱིས་གྲུབ་པའི་རི་བོ་ཡི་སྤོ་ལ། །ཁ་དོག་སྣ་ཚོགས་བཀྲ་བ་ལྗོན་ཤིང་གི་སྐྱེད་ཚལ། །ག་ནས་བལྟས་ཀྱང་གཞན་ཡིད་དབང་མེད་དུ་འཕྲོག་པའི། །ང་ཚོ་རྒན་བཞུགས་སྐྱིད་པའི་གླིང་མཆོག་འདི་དགའ་བ། །ཅ་ཅོ་རང་སེམས་དགའ་བའི་མཚོན་བྱེད་ཀྱི་གླུ་དབྱངས། །ཆ་ལུགས་རང་དབང་མཚོན་པའི་གོས་བཟང་གིས་བརྒྱན་ ནས། །ཇ་སོགས་སྡིག་ཟས་སྤངས་པའི་འདོད་ཡོན་ལ་ལོངས་སྤྱོད། །ཉ་མོའི་འཁྱུག་ལྟར་མཛེས་པའི་ཡོན་བདག་རྣམས་སྐྱིད་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཡུན་རིང་དུ་ཚངས་སྤྱོད། །ཐ་མ་ན་སོ་རྒས་ཤིང་དབང་པོ་རྣམས་རྒུད་དུས། །ད་ལྟ་ཚེ་རིང་ནགས་ཀྱི་དྲང་སྲོང་དེ་བཞིན་དུ། །ན་རྒན་བདེ་ལ་རོལ་བའི་གནས་མཆོག་ནི་འདི་ཡིན། །པ་ཏྲའི་རི་མོ་ལྟ་བུའི་བདག་འཛིན་དེ་མེད་ལ། །ཕ་རོལ་གཞན་སེམས་མགུ་བའི་སྤྱོད་པ་ཡང་མི་དགོས། །བ་ལང་མཆོག་ལྟར་ཅི་དགར་བག་ཡངས་སུ་ཆོག་པ། །མ་ལུས་འགྲོ་བའི་མངའ་བདག་མི་དབང་གི་སྐུ་དྲིན།། ཙ་རི་ཏྲ་ལ་སོགས་པའི་གནས་ཆེན་དང་མཚུངས་ཀྱང་། །ཚ་གྲང་དཀའ་སྤྱད་མ་དགོས་འདི་ཉིད་ཀྱི་ཡོན་ཏན། །ཛ་ལང་དུག་ལྔའི་ངོ་བོ་འཛིན་མེད་ཀྱི་རིག་པ། ། ཝ་ལེར་རྟོགས་པ་ཤར་བའི་གནས་མཆོག་ནི་འདི་ཡིན། །ཞྭ་གོས་ལ་སོགས་ལོངས་སྤྱོད་དོན་གཉེར་གྱི་ཆེད་དུ། །ཟ་ཆོག་ཙམ་ལ་སྦྱངས་པའི་གང་ཟག་ནི་མ་ཡིན། །འ་ཅག་བསྟན་དང་འགྲོ་ལ་གཅེས་པ་ཡི་སེམས་ཀྱིས། །ཡ་མཚན་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་ལགས་སོ། །ར་ལུག་སོགས་ཀྱི་འགྲོ་ལ་འཚེ་བ་དེ་སྤངས་ཤིང་། །ལྭ་བ་དཀར་པོ་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ། །ཤ་ཚ་གྲོགས་བཞིན་གཞན་ཕན་བྱ་བ་ལ་བརྩོན་ནས། །ས་སྟེང་ནད་མུག་འཁྲུག་རྩོད་ཞི་བར་ནི་གྱུར་ཅིག །ཧ་ཅང་ཉམས་དགའ་སྐྱིད་པའི་གླིང་མཆོག་འདིར་་་་ཕེབས་ནས། །ཨ་ཡིག་སྐྱེ་མེད་དོན་ལ་ངལ་གསོ་ཞིག་མཛད་ན། །ད་བཞུགས་ཕྱིས་འབྱོན་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་། །བདེ་ཆེན་ཞིང་དུ་བགྲོད་པའི་སྨོན་ལམ་ཞིག་ཡོད་དོ། །ཅེས་པའང་མཁན་རབས་བདུན་ཅུ་པས་བྲིས་སོ།།

gyalchi

Browse the Archive

Newsletter

Online now: 16 Today: 2110 Total visitors: 63726
22,189Facebook followers
+40Today
+90This month