པདྨ་དབང་འདུས།
སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ ཧ་ཐི་སར་ སློབ་གྲྭ་སྒེར་སྡེ་ཚད་འཛིན་གྱི་ས་ ཧ་ཐི་སར་ སློབ་གྲྭའི་མདུན་བསྐྱོད་ཀྱི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཞི་རིམ་སློབ་གྲྭ་གསརཔ་ཅིག་ གཞི་བཙུགས་འབད་ནི་སྦེ་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས།
དེ་ཡང་ གོ་དོན་ཆིངས་ཡིག་དང་འཁྲིལ་ཏེ་ རྩ་ཕན་ ༢ ཀྱི་ཁ་ཐུག་ལས་ ཨ་ལོའི་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་ཐོག་ལས་ སློབ་རིམ་ ༦ པ་ཚུན་ལུ་ གོང་འཕེལ་གཏང་ནི་གི་ ལཱ་ཚུ་འབད་ནི་ཨིནམ་སྦེ་བཀོད་ནུག།
ཧ་ཐི་སར་ སློབ་གྲྭ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྡོད་མི་ཚུ་གི་དོན་ལུ་ འབྲུག་བཱ་ཀ་ལོ་རི་ཡེཊ་ རྩ་གཞུང་ཐོག་ལས་ ཀླདཔ་དང་ སེམས་ཁམས་ གཟུགས་ཁམས་ མི་སྡེ་དང་འབྲེལ་བ་ དེ་ལས་ ཆོས་དང་འབྲེལ་བའི་ ཀུན་ཚང་གོང་འཕེལ་གྱི་ གནད་དོན་ཁག་ ༥ གི་ནང་ ཤེས་ཡོན་གྱི་ ཞབས་ཏོག་ཚུ་ བསྒྲུབ་ནི་ཨིན་པས།
སློབ་གྲྭ་དེ་ཡང་ སྤྱི་ལོ་ ༢༠༢༨ ལུ་ འགོ་འབྱེད་འབད་ནི་དང་ སློབ་གྲྭ་དེ་ནང་ འབྲུག་དང་ རྒྱལ་སྤྱིའི་སློབ་དཔོན་ཚུ་ བཙུགས་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱི་ མཉམ་འབྲེལ་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ སིའུ་ཧི་ཨང་ལི་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གཏང་པའི་སྐབས་ལུ་ བཟའ་ཚང་དང་ མ་འོངས་མི་རབས་ཀྱི་དོན་ལས་ དགོས་མཁོ་ཡོད་པའི་ འཆར་གཞི་ཚུ་ བརྩམ་དགོཔ་དང་ ཤེས་ཡོན་དེ་ འཚོ་རྟེན་རུང་བའི་ ཁྲོམ་ཚོགས་བཟོ་བསྐྲུན་གྱི་ དགོས་དོན་ཅན་གྱི་ ཆ་ཤས་ཅིག་ཨིནམ་ལས་ ད་རེས་ཀྱི་ སློབ་གྲྭ་གསར་བཙུགས་ཀྱི་ འཆར་གཞི་དེ་ གནད་འགག་ཅན་གྱི་ གཞི་འགྱམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
དྲག་ཤོས་ཨ་རུན་ཀུ་མར་གྱིས་ ཧ་ཐི་སར་སློབ་གྲྭ་དེ་ མི་དབང་མངའ་བདག་རིན་པོ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཟིགས་སྣང་ལས་ སེམས་སྐུལ་བྱུང་ཡོད་པའི་ སློབ་གྲྭ་ཅིག་ཨིནམ་ད་ དེ་ཡང་ དགེ་ལེགས་ཕུག་གི་ ལམ་སྲོལ་ལུ་ གཞི་བརྟེན་ཏེ་ ཨ་ལོ་དང་ མི་སྡེ་ཡོངས་ཀྱིས་ འབྲུག་གི་ངོ་རྟགས་དང་ ལམ་སྲོལ་ཚུ་ལུ་ བརྩི་བཀུར་ཡོདཔ་ བཟོ་ནི་གི་དོན་ལུ་ཨིན་པའི་ གསལ་བཤད་འབད་ནུག།
གྲོས་འཆར་ཐོག་གི་ སློབ་གྲྭ་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྡོད་མི་ཚུ་གི་དོན་ལུ་ ཤེས་ཡོན་དང་ མི་སྡེའི་འཚོ་བ་ དེ་ལས་ ཞབས་ཏོག་ཚུ་ཡོད་པའི་ འཚོ་རྟེན་རུང་བའི་ ཁྲོམ་ཚོགས་བཟོ་བསྐྲུན་འབད་ནི་ལུ་ ཁྱབ་ཆེ་བའི་ བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་ཨིན་པས།
གོ་དོན་ཆིངས་ཡིག་དེ་ཡང་ རྩ་ཕན་ ༢ ཀྱི་བར་ན་ མཉམ་འབྲེལ་འགོ་བཙུགས་ཀྱི་ བརྡ་མཚོན་ཅིག་ཨིནམ་ལས་ མཉམ་འབྲེལ་ཐོག་གི་ འཆར་གཞི་ཁ་གསལ་ཚུ་ ཡར་འཕེལ་དང་འཁྲིལ་ཏེ་ ཁྱབ་སྤེལ་འབད་ནི་ཨིནམ་སྦེ་བཀོད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དཔལ་འབྱོར་ཡར་འཕར་དང་ ཐོན་རིམ་ཅན་གྱི་ བཟོ་གྲྭ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལས་ ཤུལ་མའི་མི་རབས་ཀྱི་ རིག་རྩལ་དང་ འབྲུག་གི་ན་གཞོན་ཚུ་ལུ་ རིག་རྩལ་གྱི་ལྕོགས་གྲུབ་དང་ ཤེས་ཡོན་ དེ་ལས་ གསར་བཏོད་ཀྱི་ ལྕོགས་གྲུབ་ཚུ་ཡོདཔ་ བཟོ་ནིའི་དོན་ལུ་ ཤེས་རིག་དེ་ གནད་དོན་གཙོ་བོ་ཅིག་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཧ་ཐི་སར་ སློབ་གྲྭ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཞི་རིམ་སློབ་གྲྭ་གསརཔ་ གོང་འཕེལ་གྱི་ གོ་དོན་ཆིངས་ཡིག་བཟོ་ཡོདཔ།

Related

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ འབྲུག་གི་འཕྲུལ་ལྟོ་བསྡུ་སྒྲིག་དང་ བཟོ་བཏོན་མཐུན་རྐྱེན་དང་པའི་དོན་ལུ་ ཀུན་སློང་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ།
སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཏ་ལུ་ གཞི་གནས་འབད་དེ་ཡོད་མི་ གཙང་དག་ནུས་ཤུགས་ལས་སྡེ་ པ་ཏེལ་གི་རིན་ཊེག་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཟོ་བཏོན་དང་ བསྡུ་སྒྲིག་མཐུན་རྐྱེན་ གཞི་བཙུགས་ཀྱི་དོན་ལུ་ ཀུན་སློང་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག། མཐུན་རྐྱེན་དེ་ནང་ལས་ འཕྲུལ་ལྟོའི་ནུས་ཤུགས་ སྲུང་མཛོད་རིམ་ལུགས་ཚུ་ བཟོ་བཏོན་འབད་ནི་དང་ དེ་ཚུ་ཡང་ ཉིན་དྲོད་དང་ རླུང་ཤུགས་ ཆུར་བརྟེན་ནུས་ཤུགས་ཚུ་གི་ འཛིན་ཆས་ཚུ་གི་ཐོག་ལས་ བཟོ་བཏོན་འབད་ནི་ཨིན་པས། མཐུན་རྐྱེན་དེ་ཡང་ གོ་རིམ་གཉིས་སྦེ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ད་ མཐུན་རྐྱེན་དེ་གི་ བཟོ་བསྐྲུན་ལྕོགས་གྲུབ་དེ་ གི་ག་ཝཱཊ་ཨ་ཝར་ ༡༠ ཚུན་འོང་ནི་ཨིནམ་སྦེ་བཀོད་ནུག། དེ་ཡང་ འབྲུག་ལུ་ འཕྲུལ་ལྟོའི་ནུས་ཤུགས་སྲུང་མཛོད་རིམ་ལུགས་ དང་པ་སྦེ་ གནས་ནི་ཨིནམ་ད་ མཐུན་རྐྱེན་དེ་གིས་ ཆུར་བརྟེན་ནུས་ཤུགས་སྤྱོད་ཐོག་ལས་ འཕྲུལ་ལྟོ་སྡེ་ཚན་དང་ ནུས་ཤུགས་འཛིན་ཆས་ཚུ་ བཟོ་བཏོན་འབད་དེ་ འབྲུག་གི་ཚོང་མགྲོན་པ་དང་ ལུང་ཕྱོགས་ནང་གི་ ཚོང་མགྲོན་པ་ཚུ་ལུ་ མ་སྤེལ་བའི་ཧེ་མར་ བསྡུ་སྒྲིག་དང་ བརྟག་དཔྱད་ཀྱི་ ལམ་ལུགས་ཚུ་ […]

ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མ་འོངས་དྲན་ཤེས་ཅན་ འཚོ་རྟེན་གྱི་དོན་ལུ་ མཉམ་འབྲེལ་ཆིངས་ཡིག།
པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ ཨ་མཱན་སྡེ་ཚན་དང་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་ དེ་ལས་ གི་རིན་ཌི་ཇི་ཊལ་ཚད་འཛིན་གྱི་ཡན་ལག་ ཇི་ཌི་ཨེལ་རེ་བེན་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆོ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་སྒྲུབ་ཐབས་ལུ་ ཐབས་བྱུས་ཅན་གྱི་ རྒྱབ་སྐྱོར་ཕུལ་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས། མཉམ་འབྲེལ་དེ་གིས་ རྒྱལ་སྤྱིའི་གནས་ཚད་ཁར་ དལ་ཉམས་མགྲོན་སྐྱོང་དང་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ དེ་ལས་ ཡུན་བརྟན་དང་ དྲན་ཤེས་ཅན་གྱི་ མ་འོངས་པའི་དོན་ལུ་ འབྲུག་གི་རེ་འདུན་ཚུ་ གཅིག་ཁར་བསྡུཝ་ཨིནམ་སྦེ་བཀོད་ནུག། དེ་ཡང་ ཨ་མཱན་སྡེ་ཚན་གྱིས་ རྒྱལ་སྤྱིའི་གནས་ཚད་ཁར་ མགྲོན་སྐྱོང་དང་ འཚོ་རྟེན་གྱི་ མཁས་རིག་དང་སྦྲགས་ཏེ་ ལོ་ངོ་བཅུ་ཕྲག་ལས་ལྷག་པའི་ དུས་ཡུན་ནང་ དལ་ཉམས་མགྲོན་སྐྱོང་ ལག་ལེན་འཐབ་མི་་ཨིན་པའི་ ངོ་རྟགས་ཅན་གྱི་ ལཱ་ཤུལ་གྱི་སྒོ་ལས་ ཁེ་ཕན་འབད་ནི་ཨིན་པས། དེ་བཟུམ་སྦེ་ པེ་ཤི་ཡེནཛ་ ཀེ་པི་ཊལ་སྡེ་ཚན་གྱི་ ཁ་ཐུག་ལས་ མ་དངུལ་དང་ གཞི་ཁྱིམ་འཛིན་སྐྱོང་གི་ ཉམས་མྱོང་ཚུ་གི་སྒོ་ལས་ ཕན་ཐབས་འབད་ནི་དང་ ཇི་ཌི་ཨེལ་རེ་བེན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་ལུ་ རྒྱབ་སྐྱོར་གྱི་ […]

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།
རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས། སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་དེ་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག། དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ […]

Leave a Reply