ArchiveAboutContact

Special News

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་འདི་ མཐར་འཁྱོལ་ཅན་སྦེ་བསྒྲུབས་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མེ་རྟ་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་དང་འབྲེལ་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་ནི་གི་ དགོངས་བཞེད་ཟབ་མོ་འདི་ མཐར་འཁྱོལ་ཅན་སྦེ་ བསྒྲུབས་གནང་ཡི།   དེ་ཡང་ དགེ་ལེགས་ཕུག་ མའུ་གཙང་ཆུའི་ མཐའམ་བདའ་སྟེ་ རང་ཟླ་ ༩ པའི་ཚེས་ ༢༢ ལུ་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་ ༡༢ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ པོ་ག་ར་ དུས་ཡུན་ཆུ་ཚོད་ ༩ གི་ ནང་འཁོད་ལུ་ ལེགས་ཤོམ་སྦེ་ བསྒྲུབས་གནང་མི་འདི་ སྔོན་ཆད་རྩ་ལས་ར་ བྱུང་མ་མྱོང་པའི་ ཡ་མཚན་ཅན་གྱི་ རྫུ་འཕྲུལ་བཟུམ་ཅིག་ཨིན་པས། དེ་བཟུམ་མའི་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནས་སར་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་དབང་ཀརྨ་པ་མཆོག་དང་ མཇལ་ཕྲད་མཛད་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྒྱལ་དབང་ཀརྨ་པ་ ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་དང་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ འཛམ་གླིང་རྒྱལ་ཁབ་ ༡༨ ལྷགཔ་ཅིག་ལས་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ ༡༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་ འབྱུང་རབས་ཅན་གྱི་ དུས་སྟོན་ནང་ བྱོན་ཡོད་པའི་ གནས་ཚུལ་མདོར་བསྡུསས།

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་དུས་སྟོན།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་ དུས་སྟོན་ཁྱད་པར་ཅན་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ དར་མཛོད་སྣེ་ལྔ་ བཞེས་པའི་ཤུལ་ལུ་ ཆིབས་གྲལ་བཙར་ཏེ་ སྤུངས་ཐིམ་དགེ་འདུན་འདུས་པའི་ ཀུན་དགའ་རྭ་བའི་ནང་ གདན་འདྲེན་ཞུ་ནུག། དེ་སྦེ་ ཀུན་རྭའི་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ཡོདཔ་ཨིན་པས། དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་དང་ དགེ་འདུན་འདུས་པའི་ ཀུན་རྭའི་ནང་སྦེ་ […]

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་སྲས་སྲོས་ཚུ་ དགེ་ལེགས་ཕུག་ལུ་ བྱོན་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་དང་ མི་དབང་རྒྱལ་སྲསམོ་ལྷན་རྒྱས་ཚུ་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་བཟང་ཁྱད་པར་ཅན་གྱི་ཉིན་མར་ འབྱུང་རབས་ཅན་གྱི་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་ཧེ་མ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཕྱག་ཕེབས་གནང་ནུག། བྱང་ཆུབ་མཆོད་རྟེན་ གསར་བཞེངས་ཀྱི་ མཐའ་བཅད་གྲ་སྒྲིག་དོན་ལུ་ ཁས་བླངས་པ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ བརྩོན་ཤུགས་ཐོག་ལས་ ཞབས་ཏོག་ཚུ་ ཞུ་བའི་བསྒང་ཡོདཔ་ད་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་ འབྱུང་རབས་ཅན་གྱི་ དུས་སྟོན་ནང་ གྲལ་གཏོགས་འབད་བར་ དགེ་ལེགས་ཕུག་ལུ་ འགྲུལ་བསྐྱོད་འབདཝ་ཨིན་པས། དུས་སྟོན་དེ་ཁར་ དགེ་ལེགས་ཕུག་ལུ་ མི་གྲངས་ ༢༠༠,༠༠༠ ལས་ལྷག་སྟེ་ སྤུངས་འཛོམས་འབད་ནི་བཟུམ་ཅིག་ཡོདཔ་ད་ དེ་ཡང་ འབྲུག་གི་འབྱུང་རབས་ནང་ མི་སེར་སྤུངས་འཛོམས་ཀྱི་ གྲངས་ཚད་མཐོ་ཤོས་ཅིག་ འོང་ནི་ཨིན་པས་ཟེར་བཀོད་ནུག། དེ་བསྒང་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ནང་པའི་བླ་སློབ་ རྒྱལ་སྤྱིའི་སྐུ་མགྲོན་ཚུ་གིས་ […]

gyalchi

National News

National News

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས། སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་དེ་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག། དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ […]

gyalchi
National News

འབྲུག་ལུ་ རྒྱ་གར་གཞུང་གི་ བློན་པོ་ཅིག་ གཟིགས་སྐོར་ལུ་བྱོན་ཡོདཔ།

མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གཞུང་གི་ སྤྱི་ཚོགས་ལས་དོན་དང་ མི་རིགས་གྲངས་ཉུང་ལས་དོན་བློན་པོ་ ཤྲཱི་ཀི་རེན་རི་ཇི་ཇུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་དུ ས་སྟོན་ནང་ གྲལ་གཏོགས་མཛད་ནི་ཨིན་པས། དེ་མ་ཚད་ བློན་པོ་ཀི་རེན་རི་ཇི་ཇུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་འགྲུབ་ཐབས་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གི་ ཁས་ལེན་དང་ རྒྱ་གར་གྱི་ རྒྱབ་སྐྱོར་ལུ་ ཆེད་དུ་བསྔོ་བའི་ སྨོན་འདེབས་ཚུ་ཡང་ ཕུལ་ནི་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། ཤྲཱི་ཀི་རེན་རི་ཇི་ཇུ་གི་ གཟིགས་སྐོར་དེ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ཡོད་པའི་ ཡུན་གནས་མཐུན་ལམ་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་གྲུབ་གནས་ལུ་ འགྱུར་བ་མེད་པའི་ རྒྱབ་སྐྱོར་གྱི་ བརྡ་མཚོནམ་ཨིན་པའི་གནས་ཚུལ།

gyalchi
National News

ལ་ཡག་ལུ་ཡོད་མི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་རྦེད་དེ་ ཆུ་རུད་ཐོན་ཡོདཔ་ལས་ ས་གནས་ཁག་གི་ནང་གནོད་སྐྱོན།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༢༩ གི་དྲོ་པ་ ལ་ཡག་ལུ་ཡོད་པའི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་དེ་ རྦེད་པའི་རྐྱེན་གྱིས་ མོ་ཆུ་དང་ སྤུ་ན་གཙང་ཆུ་བདའ་སྟེ་ ཆུ་རུད་ཐོནམ་ལས་ ས་གནས་ཁག་མ་འདྲཝ་ཚུ་ནང་ གནོད་སྐྱོན་བྱུང་ཡོདཔ་ད་ དེ་ཡང་ མགར་ས་ལུ་འབད་བ་ཅིན་ ལྟག་རྩེ་དམག་ཁང་དང་ མགར་ས་ཚ་ཆུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། ལྟག་རྩེ་དམག་ཁང་ལུ་ གསར་བབསྐྲུན་འབད་ཡོད་པའི་ མི་མང་ཆབ་གསང་དང་ མཛོད་ཁང་ཚུ་ཚུ་ མེདཔ་བཏང་པའི་ཁར་ མགར་ས་དང་ ལ་ཡག་བར་ནའི་ འཁོར་ལམ་ལུ་ཡང་ གནོད་སྐྱོན་བྱུང་ནུག། མགར་ས་ཚ་ཆུ་ལུ་ མི་མང་ཚ་ཆུ་སྦང་སའི་ ཆུ་རྫིང་ ༢ དང་ ཆེ་མཐོ་སྦང་སའི་ ཆུ་རྫིང་ཚུ་དང་སྦྲགས་ཏེ་ ཆབ་གསང་དང་ ངལ་སངས་ས་གོ་ ཐོག་གཡབ་ཅན་གྱི་ས་གོ་ ཆུ་སྦང་སའི་རྡོ་ཁྱིམ་ གོ་ལ་སོར་སའི་ཁང་ཁྱིམ་ ཚོང་གི་འབྲེལ་སྟེགས་ཚུ་ ཕྱགས་བདའ་ཡོདཔ་མ་ཚད་ སྣུམ་འཁོར་བཞག་ཐང་དང་ རྒྱལ་འཛིན་མགྲོན་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་མི་ ཆབ་གསང་ཡང་ མེདཔ་བཏང་ཡོདཔ་ཨིན་པས། ཁྱེགས་མཚོ་རྦེད་པའི་སྐོར་ལས་ ལ་ནོར་འཚོ་མི་ཚུ་གིས་ ཉེན་བརྡ་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ ཁྱབ་སྤེལ་འབད་ཡོདཔ་ད་ ལ་ཡག་དང་ མགར་ས་ལུ་ […]

gyalchi
National News

འབྲུག་གིས་ ཉིནམ་གཅིག་ནང་ འབྱུངས་རབས་ཅན་གྱི་ མཆོད་རྟེན་ ༡༠༨ གསར་བཞེངས་ལུ་གྲ་སྒྲིག།

པདྨ་དབང་འདུས། སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡ རེས་གཟའ་ཟླ་བར་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཟུང་སྟེ་ ཉིནམ་གཅིག་ནང་ མཆོད་རྟེན་ ༡༠༨ གསར་བཞེངས་གནང་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ནང་ བཞེངས་གནང་ནི་གི་ ལས་འགུལ་གསལ་བསྒྲགས་གནང་སྟེ་ ཟླཝ་ ༨ འགོར་ཡོདཔ་ད་ ལས་འགུལ་འགོ་འདྲེན་འཐབ་མི་ཚུ་གིས་ དེ་བསྒང་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ཚུ་གིས་གཙོས་པའི་ མི་གྲངས་ ༡༥༠,༠༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ལུ་ སྤུངས་འཛོམས་འབད་ནི་གི་ ཚོད་རྩིས་བཏོན་ནུག། དེ་ཡང་ རྒྱ་གར་ཨ་སཱམ་དང་ འབྲུག་གི་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་པའི་ མའོ་གཙང་ཆུའི་ ཆུ་འགྲམ་བདའ་སྟེ་ ཀི་ལོ་མི་ཊར་ ༡༢ […]

gyalchi

World News

World News

ར་ཤི་ཡའི་ བཙན་དབང་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ ཁྲོམ་ཁ་ལས་ མི་སེར་ཚུ་ བེ་ལ་རུཛ་ལུ་ལྷོད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ ར་ཤི་ཡའི་ བཙན་དབང་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ཁྲོམ་ ཨོ་ལེཤ་ཀི་ཟེར་ས་ལས་ མི་སེར་ཚུ་ གནམ་གྲུ་ ༤ གི་ནང་སྦེ་ འཕུར་འགྲུལ་འབད་དེ་ ས་གནས་བེ་ལ་རུཛ་ལུ་ལྷོད་ནུག། དེ་ཡང་ ཡུ་ཨེཛ་གི་ རྒྱབ་སྐྱོར་ཐོག་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ལོ་ ༥ ལང་དོ་ཡོད་མི་ ཕྱད་མདའ་དེ་ འགྲོ་བ་མིའི་དོན་ལས་ མཚམས་འཇོག་འབད་བའི་སྐབས་ལུ་ ཨོ་ལེཤ་ཀི་ལས་ བཀྲེས་སྐོམ་གྱི་ སྡུག་བསྔལ་གྱིས་ ཉམས་ཐག་སྟེ་ཡོད་མི་ མི་སེར་བརྒྱ་ལས་བཅད་མི་ཚུ་ ཁྲོམ་དེ་ནང་ལས་ ཐོན་སོང་ཡོདཔ་ཨིན་པས། ཡུ་ཀེ་རེན་གྱི་སྲིད་འཛིན་ བོ་ལོ་ཌི་མིར་ ཛེ་ལེནཛ་ཀི་དང་ འབྲེལ་ཆགས་ཅན་གྱི་ ཞི་བདེ་བཟོ་མི་ ངོམ་ཌེ་བིཌ་ཨ་ར་ཁ་མི་ཡ་གིས་ གནམ་གྲུ་ ༤ པ་དེ་ གནམ་ཐང་གོ་མེལ་ཟེར་སར་ ཆགས་པའི་ཤུལ་ལས་ ཆུ་ཚོད་དག་པ་ཅིག་ནང་ སྤོ་བཤུད་འབད་མི་ མི་སེར་ཚུ་ ཡུ་ཀེ་རེན་གྱི་ འདུམ་འགྲིག་སྡེ་ཚན་དང་སྦྲགས་ཏེ་ ཨོ་ལེཤ་ཀི་ལས་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ འཕུར་འགྲུལ་འབད་ཡི་ཟེར་བཤད་ནུག། དེ་གི་ཤུལ་ལུ་ […]

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ ༥༠༠ བཙོང་ནི་སྦེ་ ཆ་འཇོག་འབད་ཡོདཔ།

བི་བི་སི། ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ གལ་ཆེ་བའི་གོ་མཚོན་ མི་ཛ་ཡེལ་ ༥༠༠ བཙོང་ནི་སྦེ་ ཆ་འཇོག་འབད་ཡོད་རུང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱེལ་འདྲེན་གྱི་དོན་ལས་ ལོ་ངོ་དག་པ་ཅིག་ འགོར་ནི་ཨིན་པའི་ གསལ་བཤད་འབད་ནུག། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ཛ་ཡེལ་དེ་ཚུ་ལུ་ རིན་གོང་ཌོ་ལར་འཐེར་འབུམ་ ༢.༡ དེ་ཅིག་ གནས་ནི་ཨིན་ཚུ་ག་ར་ ཡུ་རོབ་དང་ ཀེ་ན་ཌ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ མཐུན་ཕྱོགས་ཚུ་གིས་ བྱིན་འོང་ཟེར་ཨིན་པས། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ གི་ཕྱི་རུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཡུ་ཨེཛ་ལུ་ ར་ཤི་ཡ་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནིའི་དོན་ལས་ ནུས་ཤུགས་ཅན་གྱི་ གོ་མཚོན་ཚུ་ གང་མགྱོགས་སྦེ་ གཏང་དགོ་པའི་ ཞུ་བ་འབད་ནུག། ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་ལང་མི་དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ས་གནས་ […]

gyalchi
World News

ཨི་ཐོ་པི་ཡ་ལུ་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༥ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ཨི་ཐོ་པི་ཡའི་ ཨམ་ཧ་ར་ལུང་ཕྱོགས་ལུ་ མི་སེར་ཚུ་གི་ སྡོད་སྒར་ནང་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་ཚུ་ མང་ཤོས་ཅིག་ར་ ཨ་ལུ་ཚུ་ཨིནམ་སྦེ་བཀོད་ནུག། མ་གཞི་ གནོད་འཚུབ་བཀལ་མིའི་སྐོར་ལས་ གཏན་འཁེལ་སྦེ་ ཧ་གོ་མ་ཚུགས་རུང་ ཨེཌ་ཌིཛ་ཨེ་བཱ་བཱ་ལུ་ ཊིག་རི་ལུང་ཕྱོགས་ཀྱི་ ངོ་ལོགཔ་དང་ གཞུང་གི་བར་ན་ འདས་པའི་ཟླཝ་ནང་ལས་ར་ མ་འགྲིགས་པར་ཡོད་ཟེར་ཨིན་པས། དེ་བསྒང་ རྫས་བམ་ ༥ དེ་ཅིག་ འགས་མིའི་ནང་ མི་སེར་ལེ་ཤ་ཅིག་ལུ་ བྱུང་ཡོདཔ་ལས་ མི་སྡེའི་ངོ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་དེ་ ཤི་རྐྱེན་བྱུང་མིའི་ཕུངམོ་ཚུ་ བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་སྦེ་བཀོད་ནུག། འཐུས་མི་ཚུ་གིས་ སྡོད་སྒར་དེ་ཁར་ ཤི་རྐྱེན་བྱུང་མི་ ༡༣ གྱི་ ཕུངམོ་དེ་ཚུ་ ས་དོང་ནང་ སྦ་ནི་ལུ་ གྲོགས་རམ་འབད་ཡོདཔ་མ་ཚད་ རྨ་སྐྱོན་བྱུང་མི་ ༣༦ ལུ་ཡང་ སྨན་བཅོས་ཀྱི་དོན་ལས་ གྲོགས་རམ་འབད་་ནུག་ཟེར་ […]

gyalchi
World News

རྒྱ་གར་གྱི་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ གནས་སྐོརཔ་ ༥ རྩིས་ཏེ་ མི་གྲངས་ ༦ འབག་མི་ གནམ་གྲུ་ཅིག་ལུ་ཐུག་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ གནས་སྐོརཔ་ ༥ རྩིས་ཏེ་ མི་གྲངས་ ༦ འབག་ཐོག་ལས་ འཕུར་འགྲུལ་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ནུག། དེ་ཡང་ ཨུ་ཊ་ར་ཁཱན་གྱི་ གཙོ་འཛིན་བློན་པོ་ པུཤ་ཀར་སིང་ དྷ་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ཅ་མོ་ལི་རྫོང་ཁག་ནང་ ཇོ་ཤི་མཱཐ་གཡུས་ཚན་གྱི་ ཉེ་འདབས་ལུ་ ཐུག་རྐྱེན་བྱུང་ནུག་ཟེར་ཨིན་པས། གནམ་གྲུ་དེ་ ཧིན་དུའི་གནས་སྐོར་ས་གནས་ བཱ་དི་རི་ནཱཐ་ལས་ ཕྱི་རོ་ཁམས་ཅིག་ཁར་ འཕུར་འགྲུལ་འབད་ཡོདཔ་ད་ ཐུག་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ མ་ཤེས་རུང་ ལུང་ཕྱོགས་དེ་ཁར་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ མཐོང་གསལ་ཆེ་ཏོག་ཏོ་ མེདཔ་སྦེ་བཀོད་ནུག། རྒྱ་ནག་དང་ ནེ་པཱལ་གྱི་ ས་མཚམས་ལུ་ཡོད་པའི་ ཧི་མ་ལ་ཡའི་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ ཧིན་དུའི་ལྷ་ཁང་ཚུ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ གནས་སྐོརཔ་ས་ཡ་ལས་བཅད་དེ་ འགྲུལ་སྐྱོད་འབད་དོ་ཡོདཔ་ཨིན་པས། བཱ་ཌི་རི་ནཱཐ་དེ་ ཅར་དྷམ་གནས་སྐོར་གྱི་ མཐའ་འཁོར་ལུ་ཡོད་མི་ […]

gyalchi

Advertisiments

News in English

Education

Education

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གསུང་རྩོམ་ཕྱོགས་བསྡེབས།

༈ རྒན་བཞུགས་སྐྱིད་པའི་གླིང་གི་གནས་ལ་བསྟོད་པ། ཀ་ནས་ལྷུན་གྱིས་གྲུབ་པའི་རི་བོ་ཡི་སྤོ་ལ། །ཁ་དོག་སྣ་ཚོགས་བཀྲ་བ་ལྗོན་ཤིང་གི་སྐྱེད་ཚལ། །ག་ནས་བལྟས་ཀྱང་གཞན་ཡིད་དབང་མེད་དུ་འཕྲོག་པའི། །ང་ཚོ་རྒན་བཞུགས་སྐྱིད་པའི་གླིང་མཆོག་འདི་དགའ་བ། །ཅ་ཅོ་རང་སེམས་དགའ་བའི་མཚོན་བྱེད་ཀྱི་གླུ་དབྱངས། །ཆ་ལུགས་རང་དབང་མཚོན་པའི་གོས་བཟང་གིས་བརྒྱན་ ནས། །ཇ་སོགས་སྡིག་ཟས་སྤངས་པའི་འདོད་ཡོན་ལ་ལོངས་སྤྱོད། །ཉ་མོའི་འཁྱུག་ལྟར་མཛེས་པའི་ཡོན་བདག་རྣམས་སྐྱིད་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཡུན་རིང་དུ་ཚངས་སྤྱོད། །ཐ་མ་ན་སོ་རྒས་ཤིང་དབང་པོ་རྣམས་རྒུད་དུས། །ད་ལྟ་ཚེ་རིང་ནགས་ཀྱི་དྲང་སྲོང་དེ་བཞིན་དུ། །ན་རྒན་བདེ་ལ་རོལ་བའི་གནས་མཆོག་ནི་འདི་ཡིན། །པ་ཏྲའི་རི་མོ་ལྟ་བུའི་བདག་འཛིན་དེ་མེད་ལ། །ཕ་རོལ་གཞན་སེམས་མགུ་བའི་སྤྱོད་པ་ཡང་མི་དགོས། །བ་ལང་མཆོག་ལྟར་ཅི་དགར་བག་ཡངས་སུ་ཆོག་པ། །མ་ལུས་འགྲོ་བའི་མངའ་བདག་མི་དབང་གི་སྐུ་དྲིན།། ཙ་རི་ཏྲ་ལ་སོགས་པའི་གནས་ཆེན་དང་མཚུངས་ཀྱང་། །ཚ་གྲང་དཀའ་སྤྱད་མ་དགོས་འདི་ཉིད་ཀྱི་ཡོན་ཏན། །ཛ་ལང་དུག་ལྔའི་ངོ་བོ་འཛིན་མེད་ཀྱི་རིག་པ། ། ཝ་ལེར་རྟོགས་པ་ཤར་བའི་གནས་མཆོག་ནི་འདི་ཡིན། །ཞྭ་གོས་ལ་སོགས་ལོངས་སྤྱོད་དོན་གཉེར་གྱི་ཆེད་དུ། །ཟ་ཆོག་ཙམ་ལ་སྦྱངས་པའི་གང་ཟག་ནི་མ་ཡིན། །འ་ཅག་བསྟན་དང་འགྲོ་ལ་གཅེས་པ་ཡི་སེམས་ཀྱིས། །ཡ་མཚན་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་ལགས་སོ། །ར་ལུག་སོགས་ཀྱི་འགྲོ་ལ་འཚེ་བ་དེ་སྤངས་ཤིང་། །ལྭ་བ་དཀར་པོ་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ། །ཤ་ཚ་གྲོགས་བཞིན་གཞན་ཕན་བྱ་བ་ལ་བརྩོན་ནས། །ས་སྟེང་ནད་མུག་འཁྲུག་རྩོད་ཞི་བར་ནི་གྱུར་ཅིག །ཧ་ཅང་ཉམས་དགའ་སྐྱིད་པའི་གླིང་མཆོག་འདིར་་་་ཕེབས་ནས། །ཨ་ཡིག་སྐྱེ་མེད་དོན་ལ་ངལ་གསོ་ཞིག་མཛད་ན། །ད་བཞུགས་ཕྱིས་འབྱོན་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་། །བདེ་ཆེན་ཞིང་དུ་བགྲོད་པའི་སྨོན་ལམ་ཞིག་ཡོད་དོ། །ཅེས་པའང་མཁན་རབས་བདུན་ཅུ་པས་བྲིས་སོ།།

gyalchi

Browse the Archive

Newsletter

Online now: 7 Today: 1107 Total visitors: 54330
22,133Facebook followers
+1Today
+34This month