ArchiveAboutContact
National News

ལ་ཡག་ལུ་ཡོད་མི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་རྦེད་དེ་ ཆུ་རུད་ཐོན་ཡོདཔ་ལས་ ས་གནས་ཁག་གི་ནང་གནོད་སྐྱོན།

gyalchi · 1 min read

པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༢༩ གི་དྲོ་པ་ ལ་ཡག་ལུ་ཡོད་པའི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་དེ་ རྦེད་པའི་རྐྱེན་གྱིས་ མོ་ཆུ་དང་ སྤུ་ན་གཙང་ཆུ་བདའ་སྟེ་ ཆུ་རུད་ཐོནམ་ལས་ ས་གནས་ཁག་མ་འདྲཝ་ཚུ་ནང་ གནོད་སྐྱོན་བྱུང་ཡོདཔ་ད་ དེ་ཡང་ མགར་ས་ལུ་འབད་བ་ཅིན་ ལྟག་རྩེ་དམག་ཁང་དང་ མགར་ས་ཚ་ཆུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
ལྟག་རྩེ་དམག་ཁང་ལུ་ གསར་བབསྐྲུན་འབད་ཡོད་པའི་ མི་མང་ཆབ་གསང་དང་ མཛོད་ཁང་ཚུ་ཚུ་ མེདཔ་བཏང་པའི་ཁར་ མགར་ས་དང་ ལ་ཡག་བར་ནའི་ འཁོར་ལམ་ལུ་ཡང་ གནོད་སྐྱོན་བྱུང་ནུག།
མགར་ས་ཚ་ཆུ་ལུ་ མི་མང་ཚ་ཆུ་སྦང་སའི་ ཆུ་རྫིང་ ༢ དང་ ཆེ་མཐོ་སྦང་སའི་ ཆུ་རྫིང་ཚུ་དང་སྦྲགས་ཏེ་ ཆབ་གསང་དང་ ངལ་སངས་ས་གོ་ ཐོག་གཡབ་ཅན་གྱི་ས་གོ་ ཆུ་སྦང་སའི་རྡོ་ཁྱིམ་ གོ་ལ་སོར་སའི་ཁང་ཁྱིམ་ ཚོང་གི་འབྲེལ་སྟེགས་ཚུ་ ཕྱགས་བདའ་ཡོདཔ་མ་ཚད་ སྣུམ་འཁོར་བཞག་ཐང་དང་ རྒྱལ་འཛིན་མགྲོན་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་མི་ ཆབ་གསང་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
ཁྱེགས་མཚོ་རྦེད་པའི་སྐོར་ལས་ ལ་ནོར་འཚོ་མི་ཚུ་གིས་ ཉེན་བརྡ་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ ཁྱབ་སྤེལ་འབད་ཡོདཔ་ད་ ལ་ཡག་དང་ མགར་ས་ལུ་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་ཡོད་མི་ཚུ་ ས་གནས་དབང་འཛིན་ཚུ་གིས་ འགོ་འདྲེན་ཐོག་ལུ་ ཉེན་སྲུང་ལྡན་པའི་ ས་ཁོངས་ཚུ་ནང་བསྐྱལ་ནུག།
སྤུ་ན་ཁ་ལུ་འབད་བ་ཅིན་ མོ་ཆུ་དང་ སྤུ་ན་གཙང་ཆུ་བདའ་སྟེ་ སྡོད་མི་ཚུ་གི་དོན་ལུ་ བརྒྱུད་འཕྲིན་དང་ སྡེ་ཚན་གྲོས་གནས་ མི་སྡེ་བརྡ་བརྒྱུད་ཚུ་གིས་མ་དོ་བར་ ཉེན་བརྡའི་སྒྲ་སྐད་བཏང་སྟེ་ སྔ་གོང་ཉེན་བརྡ་ཚུ་འབད་ཡོདཔ་ཨིན་པས།
དེ་བསྒང་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ མི་སེར་དང་ དགེ་སློང་ཚུ་ རང་སོའི་སྡོད་ཁྱིམ་ནང་ལས་ ཐོན་འགྱོ་ས་དང་ དབང་འདུས་ཕོ་བྲང་ བ་འཇོའི་མི་སེར་ཚུ་ སྣུམ་འཁོར་ནང་འཛུལ་ཏེ་ ས་ཁ་མཐོ་སར་སོང་ནུག།
ཨིན་རུང་ སྤུ་ན་ཁ་ ལྕང་ཡུལ་ལུ་ སྡོད་ཁྱིམ་ ༢ ཀྱི་ནང་ ཆུ་འཛུལ་ཏེ་ མེདཔ་བཏང་པའི་ཁར་ རེད་བརྔ་བཞག་མི་ཚུ་ ཆུ་གིས་སྦང་ཡོདཔ་ད་ ལཱ་ཁུ་ལུ་ སྒོ་ནོར་ ༨ བྱང་སྟོར་ཤོར་ས་ལས་ ༣ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
འཛོམས་གླིང་ཐང་ལུ་ཡང་ ཆུ་ཞིང་ཨེ་ཀར་ ༢ ལྷགཔ་ཅིག་ མེདཔ་བཏང་པའི་ཁར་ འཁོར་ལམ་ཚུ་བསུབ་སྟེ་ རྒྱུན་འགྲུལ་འཐབ་མ་ཚུགསཔ་ བཟོ་ཡོདཔ་ད་ དགོན་ཤར་རི་རྒེད་འོག་ནང་ གཞན་གོ་ས་སྤྱི་འོག་དང་ སྒུམ་སྒང་ཡོར་བོ་སྤྱི་འོག་ ༢ ཀྱི་བར་ན་ཡོད་མི་ ཟམ་ ༢ མེདཔ་བཏང་ཡོདཔ་མ་ཚད་ ཡེ་སྦི་ལབ་རྩ་ལུ་ཡང་ རྐང་ཟམ་ ༡ དང་ ཆུ་ཞིང་ཚུ་ ཕྱགས་བདའ་ནུག།
ཆུ་རུད་དེ་གིས་ འཁོར་ལམ་དག་པ་ཅིག་ར་ མེདཔ་བཏང་ཡོདཔ་ལས་ སྤུ་ན་ཁ་དང་ མགར་ས་ལས་ མི་སེར་ལེ་ཤ་ཅིག་ར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མཆོད་རྟེན་ ༡༠༨ བཞེངས་སར་ འགྱོ་མ་ཚུགས་པར་ ལུས་ཡོདཔ་མ་ཚད་ བལྟ་བཤལ་ ༡༣༠ དེ་ཅིག་ཡང་ འཁོར་ལམ་མེདཔ་ཤོར་མི་ལུ་བརྟེན་ཏེ་ ལ་ཡག་ལུ་ ལུས་ཡོདཔ་ཨིན་པས།
བལྟ་བཤལ་པ་ཚུ་གི་དོན་ལུ་ བལྟ་བཤལ་ལས་ཁུངས་དང་ བལྟ་བཤལ་ཚོང་སྡེ་ཚུ་གིས་ འགོ་འདྲེན་འཐབ་སྟེ་ བལྟ་བཤལ་པ་ཚུ་གི་ ཉེན་སྲུང་ངེས་གཏན་ བཟོ་བའི་ཁར་ བལྟ་བཤལ་ལས་ཁུངས་ཀྱིས་ ཁེ་གྱོང་ཕོག་མི་ཚུ་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་སའི་ ས་གོ་ཚུ་ནང་ རྐང་འགྲུལ་ཚུ་ བག་ཐོན་གྱི་སྒོ་ལས་ ལག་ལེན་འཐབ་དགོ་པའི་ སླབ་བྱ་ཚུ་བྱིན་ནུག།
ཆུ་རུད་ཐོན་པའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ལ་ཡག་རྒཔོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ལུ་ཤི་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་ཚུ་ མ་གོ་ཟེར་ཨིན་རུང་ གཡག་འཚོ་མི་ཚུ་དང་ ཁོང་གི་སྒོ་ནོར་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ད་རེས་ ཆུ་རུད་ཀྱི་ གནོད་སྐྱོན་ཚུ་ དབྱེ་ཞིབ་དང་ མཚོ་གི་གནས་སྟངས་དེ་ཡང་ བལྟ་རྟོག་འབདཝ་འབད་ས་ར་ཡོདཔ་ད་ ད་རེས་ གནས་སྐབས་གཅིག་ ལམ་འགྲུལ་གྱི་ དཀའ་ངལ་ལུ་བརྟེན་ཏེ་ མི་སྡེ་དང་ གཞི་རྟེན་མཁོ་ཆས་ མེདཔ་བཏང་ཡོད་མི་ཚུ་ནང་ འགྱོ་མ་ཚུགས་པར་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས། སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་དེ་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག། དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ […]

gyalchi
National News

འབྲུག་ལུ་ རྒྱ་གར་གཞུང་གི་ བློན་པོ་ཅིག་ གཟིགས་སྐོར་ལུ་བྱོན་ཡོདཔ།

མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གཞུང་གི་ སྤྱི་ཚོགས་ལས་དོན་དང་ མི་རིགས་གྲངས་ཉུང་ལས་དོན་བློན་པོ་ ཤྲཱི་ཀི་རེན་རི་ཇི་ཇུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་དུ ས་སྟོན་ནང་ གྲལ་གཏོགས་མཛད་ནི་ཨིན་པས། དེ་མ་ཚད་ བློན་པོ་ཀི་རེན་རི་ཇི་ཇུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་འགྲུབ་ཐབས་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གི་ ཁས་ལེན་དང་ རྒྱ་གར་གྱི་ རྒྱབ་སྐྱོར་ལུ་ ཆེད་དུ་བསྔོ་བའི་ སྨོན་འདེབས་ཚུ་ཡང་ ཕུལ་ནི་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། ཤྲཱི་ཀི་རེན་རི་ཇི་ཇུ་གི་ གཟིགས་སྐོར་དེ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ཡོད་པའི་ ཡུན་གནས་མཐུན་ལམ་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་གྲུབ་གནས་ལུ་ འགྱུར་བ་མེད་པའི་ རྒྱབ་སྐྱོར་གྱི་ བརྡ་མཚོནམ་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
National News

འབྲུག་གིས་ ཉིནམ་གཅིག་ནང་ འབྱུངས་རབས་ཅན་གྱི་ མཆོད་རྟེན་ ༡༠༨ གསར་བཞེངས་ལུ་གྲ་སྒྲིག།

པདྨ་དབང་འདུས། སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡ རེས་གཟའ་ཟླ་བར་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཟུང་སྟེ་ ཉིནམ་གཅིག་ནང་ མཆོད་རྟེན་ ༡༠༨ གསར་བཞེངས་གནང་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ནང་ བཞེངས་གནང་ནི་གི་ ལས་འགུལ་གསལ་བསྒྲགས་གནང་སྟེ་ ཟླཝ་ ༨ འགོར་ཡོདཔ་ད་ ལས་འགུལ་འགོ་འདྲེན་འཐབ་མི་ཚུ་གིས་ དེ་བསྒང་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ཚུ་གིས་གཙོས་པའི་ མི་གྲངས་ ༡༥༠,༠༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ལུ་ སྤུངས་འཛོམས་འབད་ནི་གི་ ཚོད་རྩིས་བཏོན་ནུག། དེ་ཡང་ རྒྱ་གར་ཨ་སཱམ་དང་ འབྲུག་གི་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་པའི་ མའོ་གཙང་ཆུའི་ ཆུ་འགྲམ་བདའ་སྟེ་ ཀི་ལོ་མི་ཊར་ ༡༢ […]

gyalchi
Online now: 4 Today: 629 Total visitors: 51809
22,126Facebook followers
+27Today
+27This month