ArchiveAboutContact

Special News

Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་འཛིན་ས་ཁ་མཐོ་སའི་ དུས་སྟོན་ནང་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་ཁག་ ལ་ཡག་ལུ་ རྒྱལ་འཛིན་ས་ཁ་མཐོ་སའི་ དུས་སྟོན་ ༢༠༢༦ པའི་ནང་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ དང་ ༢༤ གི་བར་ན་ བརྩི་སྲུང་འབད་དོ་ཡོདཔ་ད་ དུས་སྟོན་བརྩི་སྲུང་ནང་ གླང་མགོ་ཐང་ མཐའ་བསྐོར་ཏེ་ གཡག་སྤུ་ལས་གྲུབ་པའི་གུར་ཚུ་ སྤུབས་ཡོད་མིའི་ནང་ལས་ ས་ཁ་མཐོ་སའི་ བཟའ་འཐུང་དང་ ས་གནས་ཀྱི་ ཐོན་སྐྱེད་ཚུ་ འགྲེམ་སྟོན་འབད་ནི་དང་གཅིག་ཁར་ གླུ་གར་དང་ སྒོ་ནོར་འགྲེམ་སྟོན་ རྟ་རྒྱུགས་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། དུས་སྟོན་དེ་ མི་དབང་མངའ་བདག་རིན་པོ་ཆཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ས་ཁ་མཐོ་སའི་ ལམ་སྲོལ་གོང་འཕེལ་དང་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ལུ་ རྒྱབ་སྐྱོར་གྱི་དོན་ལས་ སྤྱི་ལོ་ ༢༠༡༦ ལུ་ གཞི་བཙུགས་གནང་ནུག། དུས་དེ་ལས་ཚུར་ དུས་སྟོན་དེ་ འབྲུག་མི་དང་ རྒྱལ་སྤྱིའི་བལྟ་བཤལ་པ་ཚུ་གི་དོན་ལུ་ ས་ཁ་མཐོ་སའི་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་ཉམས་མྱོང་གི་དོན་ལུ་ […]

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨང་ཅན་ཡོ་བྱད་ གྲོས་གནས་ཀྱི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ ཉིནམ་དང་འབྲེལ་ཏེ་ སེམས་རྟོགས་ཁ་རྫོང་ནང་སྦེ་ ཨང་ཅན་ཡོ་བྱད་ གྲོས་གནས་ཀྱི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡོདཔ་ད་ དེ་ཡང་ མི་དབང་མཆོག་གིས་ ཡོ་བྱད་ཀྱི་ ཨང་ཅན་ཕྱག་ཕྲེང་ ཕྱག་ལེན་ཐོག་ལས་ ཐུགས་སྨོན་ཚུ་གནང་ནུག། ཡོ་བྱད་ཀྱི་ ལམ་སྲོལ་དེ་ ལོ་ངོ་སྟོང་ཕྲག་ལས་ལྷག་པའི་ ལམ་སྲོལ་ཅིག་ཨིནམ་ད་ དེ་ཡང་ ཇི་སྲིད་ནམ་གནས་ཀྱི་བར་ན་ སྨོན་ལམ་གྱི་ ཡུན་བརྟན་དང་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་ ༣ དར་ཞིང་རྒྱས་པའི་ཕྱིར་དུ་ འཕགས་པའི་དགེ་འདུན་ལུ་ འབུལ་བ་སྦེ་ ཕུལཝ་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལམ་སྲོལ་དེ་ ཚོགས་བསགས་སྒྲིབ་སྦྱང་གི་ གཞི་གནས་སྦོམ་ཅིག་ཨིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་ ཕྱི་ལས་ཕར་ཡང་ ཕྱིར་སྤེལ་འབད་རུང་བའི་ ལམ་སྲོལ་བཟང་པོ་ཅིག་ཨིན་པས་ཟེར་ གསུངས་གནང་ནུག། ད་རེས་ཀྱི་ རྟེན་འབྲེལ་དེ་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ཨང་ཅན་ཡོ་བྱད་ཀྱི་ གྲོས་གནས་འགོ་བཙུགས་པའི་ དུས་སྐབས་ཨིནམ་ད་ སྤྱི་ཟླ་ ༡༡ པའི་ཚེས་ ༡ […]

gyalchi
Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ བདེ་བ་ཅན་གྱི་ཞིང་བཀོད་ གསར་བཞེངས་ཀྱི་དོན་ལས་ ས་བསླང་རྟེན་འབྲེལ་ མཛད་གནང་ཡོདཔ།

རང་ཟླ་ ༩ པའི་ཚེས་ ༡༡ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བདེ་བ་ཅན་གྱི་ཞིང་བཀོད་ གསར་བཞེངས་ཀྱི་དོན་ལུ་ ས་བསླང་རྟེན་འབྲེལ་ མཛད་གནང་ནུག། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་བསྐྱེད་ཟབ་མོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ནང་པ་སངས་རྒྱས་པའི་ གཙུག་ལག་ཁང་ཁྱད་པར་ཅན་ མང་རབས་ཅིག་ གསར་བཞེངས་གནང་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་གིས་ འགོ་འདྲེན་མཛདདེ་ ས་གནས་དཀོན་མཆོག་ཆོས་གླིང་ལུ་ བདེ་བ་ཅན་གྱི་ཞིང་ཁམས་ གསར་བཞེངས་གནང་ནི་ཨིན་པས། ས་རྒྱ་ཨེ་ཀར་ ༣༠ ལྷགཔ་ཅིག་གི་ ས་ཁོངས་ནང་ བཞེངས་གནང་ནི་ཨིན་པའི་ བདེ་བ་ཅན་གྱི་ཞིང་བཀོད་འདི་ མགོན་པོ་འོད་དཔག་མེད་ཀྱི་ དག་པའི་ཞིང་ཁམས་ ཉམས་དགའ་བ་དང་ བྱིན་ཆགས་པ་ འོད་དཔག་མེད་ཀྱི་ ཉམས་ལེན་དང་ སྒྲུབ་པ་གནང་སའི་ ཆོས་ཁང་ལ་སོགས་པ་ རྟེན་དང་བརྟེན་པ་བཅས་པ་ བཞེངས་གནང་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག། དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་ལུ་ཡང་ ཞབས་སོར་འཁོད་དེ་ ཐུགས་སྨོན་དང་ […]

gyalchi
Special News

མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ད་སའི་དུས་སྟོན་ བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུ་དེ་ཝི་པཱན་ཅ་ཡཱན་ ལྷ་ཁང་ནང་སྦེ་ ད་སའི་དུས་སྟོན་ བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ ལྷ་ཁང་ནང་ ཐུགས་སྨོན་ཚུ་ གནང་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ ད་སའི་ཌི་ཀ་ཚུ་ཡང་གནང་ནུག། འབྲུག་ལུ་ ད་སའི་ཟེར་མི་ དུས་སྟོན་དེ་ བཟའ་ཚང་ཚུ་གིས་ རང་སོའི་ནང་མི་ རྒན་རྒས་ཚུ་ལས་ དངོས་གྲུབ་ཞུ་བའི་ དུས་སྐབས་ཅིག་ཨིནམ་ད་ དེ་ཡང་ ཧིན་དུའི་ཆོས་ལུགས་ནང་ བསྔགས་བརྗོད་ཅན་གྱི་ ཆོས་ཀྱི་རྒྱལཔོ་དགའ་བྱེད་ཀྱི་ སྲིན་པོའི་རྒྱལཔོ་ ལངྐ་མགྲིན་བཅུ་པ་ལས་ རྒྱལ་ཁ་ཐོབ་པའི་ རྗེས་དྲན་དུས་སྟོན་སྦེ་ བརྩི་སྲུང་ཞུཝ་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་སེར་ཚུ་དང་གཅིག་ཁར་ ད་སའི་དུས་སྟོན་ བརྩི་སྲུང་གི་དོན་ལས་ ལྷན་བཞུགས་གནང་མི་དེ་གིས་ མི་དབང་མཆོག་དང་ འབྲུག་གི་མི་སེར་ཚུ་གི་བར་ན་ བཟའ་ཚང་གཅིག་བཟུམ་མའི་ གཏིང་གཟབ་ཆེ་བའི་ འདུ་ཤེས་དང་འབྲེལ་བའི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།

gyalchi

National News

National News

མཆོད་རྟེན་ ༡༠༨ གསར་བཞེངས་དུས་སྟོན་གྱི་ ཚད་འཛིན་ཅན་གྱི་ གསེར་གྱི་ཤོག་བྱང་།

སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཁྲོམ་ཚོགས་དེ་ ཁྱད་དུ་འཕགས་པའི་ གོམ་པ་མདུན་སྤོའི་ བརྡ་མཚོན་ལུ་ མཐོ་ཚད་མི་ཊར་ ༡༥ རེ་འབད་མི་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ནང་ གསར་བཞེངས་གནང་ནི་ཨིན་མི་ འབྱུང་རབས་ཅན་གྱི་ དུས་སྟོན་ལུ་ པདྨ་འབྲུག་བྷུ་ཊཱན་ ཁྲལ་ཡངས་མཛོད་ཁང་གིས་ ཚད་འཛིན་ཅན་གྱི་ མཆོད་རྟེན་ ༡༠༨ ཀྱི་ དུས་དྲན་གསེར་གྱི་ཤོག་བྱང་ གསར་བཏོན་འབད་ནི་ཨིན་པས། མཆོད་རྟེན་ ༡༠༨ པོ་གིས་ ཡ་མཚན་ཆེ་བའི་ ཡིད་ཆེས་དང་ གཅིག་སྒྲིལ་ མཉམ་བསྡོམས་རྩོན་ཤུགས་ཚུ་གིས་ བརྡ་མཚོན་ཨིནམ་ད་ མཆོད་རྟེན་དེ་ཚུ་ ཉིནམ་གཅིག་ནང་ དུས་མཉམ་ལུ་ གསར་བཞེངས་གནང་ནི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མདུན་སྐྱོད་ནང་ ངེས་གསལ་ཅན་གྱི་ དུས་སྐབས་ཅིག་ཨིན་མི་དེ་ཡང་ མ་འོངས་མི་རབས་ཚུ་གིས་ རྗེས་དྲན་གྱི་ བགོ་སྐལ་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། འབྱུང་རབས་ཅན་གྱི་ དུས་སྐབས་རྗེས་དྲན། གསེར་གྱི་ཤོག་བྱང་དེ་ དམིགས་བསལ་གྱིས་ […]

gyalchi
National News

ཆུ་རུད་ཀྱིས་ མགར་ས་ཚ་ཆུ་ ཕྱགས་བདའ་ཡོདཔ་མ་ཚད་ སྤུ་ན་ཁ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༩ གི་ནུབ་མོ་ ཆུ་རུད་ཚབས་ཆེན་ཅིག་ བྱུང་མི་ལུ་བརྟེན་ཏེ་ སྤུ་ན་ཁ་རྫོང་ཁག་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་པའི་ཁར་ འཁོར་ལམ་ཚུ་ཡང་ ཆུ་རུད་ཀྱིས་ འབག་འོང་མི་ རག་རོ་ཚུ་གིས་གང་སྟེ་ རྒྱུན་འགྲུལ་འབད་ནི་ལུ་ གནོད་སྐྱོན་བྱུང་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ ཆུ་རུད་དེ་གིས་ མགར་སའི་ཚ་ཆུ་ཡང་ ཡོངས་རྫོགས་སྦེ་ར་ ཕྱགས་བདའ་ཡོདཔ་སྦེ་ སྙན་ཞུ་ཅིག་ནང་བཀོད་ནུག། ཨིན་རུང་ ད་ཚུན་གྱི་བར་ན་ མི་ལུ་རྐྱེན་ངན་བྱུང་པའི་ ལོ་རྒྱུས་མེདཔ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གནོད་སྐྱོན་དང་ གནས་སྟངས་ཚུ་ བལྟ་རྟོག་འབད་བའི་བསྒང་ར་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

འབྲུག་གི་བྱ་རིགས་དུས་སྟོན་ ཐེངས་ ༦ པ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ལུ་ གཞལམ་སྒང་གིས་ འགོ་འདྲེན་འཐབ་ནི།

འབྲུག་གི་ཁྱད་ཆོས་ཅན་གྱི་ བྱ་རིགས་བལྟ་ནིའི་ དུས་སྟོན་སྐབས་ལུ་ གཞལམ་སྒང་གི་ བྱ་རིགས་དང་ སྐྱེ་ལྡན་རིགས་སྣ་ དངོས་གནས་ལམ་སྲོལ་ཚུ་གི་ཉམས་མྱོང་།        བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་འོག་གི་ བལྟ་བཤལ་ལས་ཁུངས་ཀྱིས་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་བྱ་རིགས་དུས་སྟོན་ ཐེངས་ ༦ པ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ལུ་ འགོ་འདྲེན་འཐབ་ནི་ཨིན་པས། དེ་ཡང་ གཞལམ་སྒང་རྫོང་ཁག་དེ་ བྱ་རིགས་བལྟ་མི་དང་ རང་བཞིན་གནས་སྟངས་ལུ་དགའ་མི་ དེ་ལས་ ཉམས་མྱོང་གསར་རྙེད་ཚུ་ནང་ སྤྲོ་བ་ཡོད་མི་ཚུ་ འཛམ་གླིང་མཐའ་དབུས་མེད་པའི་ བལྟ་བཤལ་པ་ཚུ་གི་དོན་ལུ་ འབྲུག་གི་སྐྱེ་ལྡན་བལྟ་བཤལ་གྱི་ ས་གོ་གཙོ་བོ་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། གཞལམ་སྒང་དེ་ ཐིམ་ཕུ་ལས་ དུས་ཡུན་ཆུ་ཚོད་ ༨ ཀྱི་ས་ཁར་ འབྲུག་གི་དབུས་ཕྱོགས་ལུ་ ཆགས་ཏེ་ཡོདཔ་ད་ རྫོང་ཁག་དེ་གི་ཕྱོགས་ ༣ ཉེན་སྲུང་ཅན་གྱི་ རྒྱལ་འཛིན་མ་ནཱཛ་རྒྱལ་ཡོངས་གླིང་ག་དང་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ག་ དེ་ལས་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ག་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ལས་ བྱ་རིགས་བལྟ་མི་ཚུ་གི་དོན་ལུ་ […]

gyalchi
National News

འཁོར་ལོ་ཆུ་ལུ་ གློག་མེ་ལས་འགུལ་གྱིས གཙང་ཆུ་ཁ་སྒྱུར་མཐར་འཁྱོལ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མེ་ག་ཝཱཊ་ ༦༠༠ འབད་མི་ བཀྲིས་གཡང་རྩེ་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་གྱི་ ཆུ་མཛོད་གཙོ་བོ་ བཟོ་བསྐྲུན་གྱི་དོན་ལུ་ མི་ཊར་ ༦༨༦ འབད་མི་ གཙང་ཆུ་ཁ་སྒྱུར་གྱི་ ས་དོང་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡི་ཟེར་ཨིན་པས། དེ་སྦེ་ ས་དོང་ཁ་སྒྱུར་གྱི་ མཇུག་བསྡུའི་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་གྱི་ཁྲི་འཛིན་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ དྲུང་ཆེན་བྱོན་ནུག། གཙང་ཆུ་ཁ་སྒྱུར་གྱི་ ས་དོང་དེ་ ཆུ་ཀིའུ་བིག་མི་ཊར་ ༡,༡༡༢ རེ་ བརྒྱུད་སྤེལ་འབད་ནི་གི་ ཤོང་ཚད་ཡོདཔ་ད་ བཟོ་བསྐྲུན་མཇུག་བསྡུ་ནི་ལུ་ ཟླཝ་ ༢༠ དེ་ཅིག་འགོར་ཡོདཔ་ཨིན་པས། ད་ལས་ཕར་ གཙང་ཆུ་ལས་ ཆུ་འདྲེན་ནི་དང་ ཆུ་མཛོད་གཙོ་བོའི་དོན་ལུ་ གཞི་འགྱམ་བརྐོ་ནི་ཚུ་རྩིས་ཏེ་ ས་འོག་གློག་མེ་འཕྲུལ་ཁང་ བཟོ་བསྐྲུན་འབད་ནི་དང་ ཅབ་ལང་ཆུ་ ཁ་སྒྱུར་གྱི་ལཱ་ཚུ་ འབད་ནི་ཨིནམ་སྦེ་བཀོད་ནུག། འཁོར་ལོ་ཆུ་ གློག་མེ་ལས་འགུལ་དེ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ […]

gyalchi

World News

World News

རྒྱ་གར་གྱི་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ གནས་སྐོརཔ་ ༥ རྩིས་ཏེ་ མི་གྲངས་ ༦ འབག་མི་ གནམ་གྲུ་ཅིག་ལུ་ཐུག་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ གནས་སྐོརཔ་ ༥ རྩིས་ཏེ་ མི་གྲངས་ ༦ འབག་ཐོག་ལས་ འཕུར་འགྲུལ་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ནུག། དེ་ཡང་ ཨུ་ཊ་ར་ཁཱན་གྱི་ གཙོ་འཛིན་བློན་པོ་ པུཤ་ཀར་སིང་ དྷ་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ཅ་མོ་ལི་རྫོང་ཁག་ནང་ ཇོ་ཤི་མཱཐ་གཡུས་ཚན་གྱི་ ཉེ་འདབས་ལུ་ ཐུག་རྐྱེན་བྱུང་ནུག་ཟེར་ཨིན་པས། གནམ་གྲུ་དེ་ ཧིན་དུའི་གནས་སྐོར་ས་གནས་ བཱ་དི་རི་ནཱཐ་ལས་ ཕྱི་རོ་ཁམས་ཅིག་ཁར་ འཕུར་འགྲུལ་འབད་ཡོདཔ་ད་ ཐུག་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ མ་ཤེས་རུང་ ལུང་ཕྱོགས་དེ་ཁར་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ མཐོང་གསལ་ཆེ་ཏོག་ཏོ་ མེདཔ་སྦེ་བཀོད་ནུག། རྒྱ་ནག་དང་ ནེ་པཱལ་གྱི་ ས་མཚམས་ལུ་ཡོད་པའི་ ཧི་མ་ལ་ཡའི་མངའ་སྡེ་ ཨུ་ཊ་ར་ཁཱན་ལུ་ ཧིན་དུའི་ལྷ་ཁང་ཚུ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ གནས་སྐོརཔ་ས་ཡ་ལས་བཅད་དེ་ འགྲུལ་སྐྱོད་འབད་དོ་ཡོདཔ་ཨིན་པས། བཱ་ཌི་རི་ནཱཐ་དེ་ ཅར་དྷམ་གནས་སྐོར་གྱི་ མཐའ་འཁོར་ལུ་ཡོད་མི་ […]

gyalchi
World News

བོཛ་ནི་ཡ་ལུ་ ཨི་ཊ་ལི་དམག་སྡེའི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༤ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ བོཛ་ནི་ཡ་དང་ ཧར་ཛེ་གོ་ཝི་ན་ལུ་ ཡུ་རོབ་མཐུན་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་དང་གཅིག་ཁར་ ལག་ལེན་འཐབ་མི་ ཨི་ཊ་ལི་དམག་སྡེའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༡༡ ལུ་ རྨ་སྐྱོན་བྱུང་ནུག། དེ་བསྒང་ ཤི་རྐྱེན་བྱུང་མི་ཚུ་ཡང་ ཨི་ཊ་ལི་དམག་སྡེའི་ འཐུས་མི་ ༢ དང་ ཨི་ཊ་ལི་ཉེན་སྒྲོལ་གྱི་ ཁས་བླངས་དམག་མི་ ༢ ཨིནམ་ད་ རྨ་སྐྱོན་བྱུང་མི་ ༡༡ པོ་ག་ར་ལུ་ སྨན་བཅོས་འབད་དོ་ཡོདཔ་ལས་ ཚེ་སྲོག་ལུ་ ཉེན་ཁ་མེད་ཟེར་ཨིན་པས། དམག་མི་སྐྱེལ་འདྲེན་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ བཱར་ཀོ་རྫོང་ཁག་གི་ གོ་རི་སི་གཡུས་ཚན་ནང་ མར་འབབ་ནི་དང་འབྲེལ་ཏེ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག། གནམ་གྲུ་དེ་ ཡུ་རོ་པིན་ མཉམ་འབྲེལ་དམག་སྡེ་གིས་ འགོ་འདྲེན་འཐབ་མི་ ཨཱལ་ཐི་ཡའི་ ལག་ལེན་ཆ་ཤས་ཅིག་སྦེ་ བགོ་བཀྲམ་འབད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༤ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ ཡུ་ཀེ་རེན་གྱི་ དབུས་ཕྱོགས་ཁྲོམ་སྡེ་ ཌི་ནི་པོ་རོ་ལུ་ ར་ཤི་ཡ་གིས་ ཇེཊ་པ་ཝར་ཟེར་མི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གི་ཐོག་ལས་ མི་མང་འཛོམས་སའི་ ས་ཁོངས་ཅིག་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ སྐྱེས་ལོ་ ༡༡ འབད་མི་ ཨ་ལོ་ཅིག་རྩིས་ཏེ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ནུག། ཡུ་ཀེ་རེན་གཞུང་གི་ རེ་ལི་ལག་ལེན་པ་ ཨུ་ཀ་ར་ཟ་ལི་ཟི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ཁྲོམ་སྡེ་ ཟ་པོ་རི་ཟི་ཡ་ལུ་ འགྲུལ་པ་སྐྱེལ་འདྲེན་འབད་མི་ རེ་ལི་ཅིག་ ཌི་ནི་པོ་རོའི་ ས་གོ་གཅིག་ནང་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། ར་ཤི་ཡའི་ དམག་མི་ཚུ་གིས་ ཤེས་བཞིན་དུ་ ཡུ་ཀེ་རེན་གྱི་ རེ་ལི་མཐུད་འབྲེལ་གྱི་ ས་གོ་སྦོམ་ཅིག་ནང་ མི་སེར་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོད་རུང་ ར་ཤི་ཡའི་ ཁ་ཐུགས་ལས་ ཁས་ལེན་འབད་མ་བཏུབ་སྦེ་བཀོད་ནུག། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ དུས་རྒྱུན་འགྲུལ་སྐྱོད་འབད་མི་ རེ་ལི་དང་ […]

gyalchi
World News

སི་པེན་ལུ་ མགྱོགས་ཤུགས་ཅན་གྱི་ རེ་ལི་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦༨ ལུ་ཤི་རྐྱེན།

བི་བི་སི། སི་པེན་རྒྱལ་ཁབ་ཀྱི་ དབུས་ཕྱོགས་ཁ་ཐུག་ལུ་ མགྱོགས་ཤུགས་ཅན་གྱི་ རེ་ལི་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚོས་ ༢༨ ཀྱི་དྲོ་པ་ མེ་ཌི་རིཌ་ལས་ སེ་ཝིལ་ལེ་ ཁ་ཐུག་ལུ་ འགྲུལ་སྐྱོད་འབད་མི་ རེ་ལི་ཅིག་གིས་ ལམ་ཁར་ལུས་མི་ རེ་ལི་གཞན་ཅིག་གུ་ རྒྱབ་ཁ་ལས་ བརྡུངས་བྱིན་ཡོདཔ་ཨིན་པས། ད་རེས་ཀྱི་ ཐུག་རྐྱེན་དེ་ གཙོ་བོ་ར་ གློག་རིག་གི་ འཐུས་ཤོར་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་ སྐྱེལ་འདྲེན་བློན་པོ་གིས་ བཤད་ཡོདཔ་མ་ཚད་ ད་ཚུན་ མི་ལོ་ ༡༣ གྱི་ ནང་འཁོད་ལུ་ རྒྱལ་ཁབ་དེ་ནང་ དེ་བཟུམ་མའི་ ཐུག་རྐྱེན་བྱུང་མི་དེ་ཡང་ སྦོམ་ཤོས་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག། རྐྱེན་ངན་དེ་ནང་ མི་རྐྱེན་མ་བྱུང་མི་ འགྲུལ་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ འགྲུལ་པ་ཚུ་ གནམ་ཁར་གཏོར་བཏང་པའི་ཁར་ […]

gyalchi

Advertisiments

News in English

Education

Education

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གསུང་རྩོམ་ཕྱོགས་བསྡེབས།

༈ རྒན་བཞུགས་སྐྱིད་པའི་གླིང་གི་གནས་ལ་བསྟོད་པ། ཀ་ནས་ལྷུན་གྱིས་གྲུབ་པའི་རི་བོ་ཡི་སྤོ་ལ། །ཁ་དོག་སྣ་ཚོགས་བཀྲ་བ་ལྗོན་ཤིང་གི་སྐྱེད་ཚལ། །ག་ནས་བལྟས་ཀྱང་གཞན་ཡིད་དབང་མེད་དུ་འཕྲོག་པའི། །ང་ཚོ་རྒན་བཞུགས་སྐྱིད་པའི་གླིང་མཆོག་འདི་དགའ་བ། །ཅ་ཅོ་རང་སེམས་དགའ་བའི་མཚོན་བྱེད་ཀྱི་གླུ་དབྱངས། །ཆ་ལུགས་རང་དབང་མཚོན་པའི་གོས་བཟང་གིས་བརྒྱན་ ནས། །ཇ་སོགས་སྡིག་ཟས་སྤངས་པའི་འདོད་ཡོན་ལ་ལོངས་སྤྱོད། །ཉ་མོའི་འཁྱུག་ལྟར་མཛེས་པའི་ཡོན་བདག་རྣམས་སྐྱིད་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཡུན་རིང་དུ་ཚངས་སྤྱོད། །ཐ་མ་ན་སོ་རྒས་ཤིང་དབང་པོ་རྣམས་རྒུད་དུས། །ད་ལྟ་ཚེ་རིང་ནགས་ཀྱི་དྲང་སྲོང་དེ་བཞིན་དུ། །ན་རྒན་བདེ་ལ་རོལ་བའི་གནས་མཆོག་ནི་འདི་ཡིན། །པ་ཏྲའི་རི་མོ་ལྟ་བུའི་བདག་འཛིན་དེ་མེད་ལ། །ཕ་རོལ་གཞན་སེམས་མགུ་བའི་སྤྱོད་པ་ཡང་མི་དགོས། །བ་ལང་མཆོག་ལྟར་ཅི་དགར་བག་ཡངས་སུ་ཆོག་པ། །མ་ལུས་འགྲོ་བའི་མངའ་བདག་མི་དབང་གི་སྐུ་དྲིན།། ཙ་རི་ཏྲ་ལ་སོགས་པའི་གནས་ཆེན་དང་མཚུངས་ཀྱང་། །ཚ་གྲང་དཀའ་སྤྱད་མ་དགོས་འདི་ཉིད་ཀྱི་ཡོན་ཏན། །ཛ་ལང་དུག་ལྔའི་ངོ་བོ་འཛིན་མེད་ཀྱི་རིག་པ། ། ཝ་ལེར་རྟོགས་པ་ཤར་བའི་གནས་མཆོག་ནི་འདི་ཡིན། །ཞྭ་གོས་ལ་སོགས་ལོངས་སྤྱོད་དོན་གཉེར་གྱི་ཆེད་དུ། །ཟ་ཆོག་ཙམ་ལ་སྦྱངས་པའི་གང་ཟག་ནི་མ་ཡིན། །འ་ཅག་བསྟན་དང་འགྲོ་ལ་གཅེས་པ་ཡི་སེམས་ཀྱིས། །ཡ་མཚན་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་ལགས་སོ། །ར་ལུག་སོགས་ཀྱི་འགྲོ་ལ་འཚེ་བ་དེ་སྤངས་ཤིང་། །ལྭ་བ་དཀར་པོ་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ། །ཤ་ཚ་གྲོགས་བཞིན་གཞན་ཕན་བྱ་བ་ལ་བརྩོན་ནས། །ས་སྟེང་ནད་མུག་འཁྲུག་རྩོད་ཞི་བར་ནི་གྱུར་ཅིག །ཧ་ཅང་ཉམས་དགའ་སྐྱིད་པའི་གླིང་མཆོག་འདིར་་་་ཕེབས་ནས། །ཨ་ཡིག་སྐྱེ་མེད་དོན་ལ་ངལ་གསོ་ཞིག་མཛད་ན། །ད་བཞུགས་ཕྱིས་འབྱོན་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་། །བདེ་ཆེན་ཞིང་དུ་བགྲོད་པའི་སྨོན་ལམ་ཞིག་ཡོད་དོ། །ཅེས་པའང་མཁན་རབས་བདུན་ཅུ་པས་བྲིས་སོ།།

gyalchi

Browse the Archive

Newsletter

Online now: 4 Today: 1935 Total visitors: 49031
22,086Facebook followers
+69Today
+100This month