ArchiveAboutContact
National News

འབྲུག་གི་བྱ་རིགས་དུས་སྟོན་ ཐེངས་ ༦ པ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ལུ་ གཞལམ་སྒང་གིས་ འགོ་འདྲེན་འཐབ་ནི།

gyalchi · 1 min read

འབྲུག་གི་ཁྱད་ཆོས་ཅན་གྱི་ བྱ་རིགས་བལྟ་ནིའི་ དུས་སྟོན་སྐབས་ལུ་ གཞལམ་སྒང་གི་ བྱ་རིགས་དང་ སྐྱེ་ལྡན་རིགས་སྣ་ དངོས་གནས་ལམ་སྲོལ་ཚུ་གི་ཉམས་མྱོང་།       

བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་འོག་གི་ བལྟ་བཤལ་ལས་ཁུངས་ཀྱིས་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་བྱ་རིགས་དུས་སྟོན་ ཐེངས་ ༦ པ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་ཡང་ གཞལམ་སྒང་རྫོང་ཁག་དེ་ བྱ་རིགས་བལྟ་མི་དང་ རང་བཞིན་གནས་སྟངས་ལུ་དགའ་མི་ དེ་ལས་ ཉམས་མྱོང་གསར་རྙེད་ཚུ་ནང་ སྤྲོ་བ་ཡོད་མི་ཚུ་ འཛམ་གླིང་མཐའ་དབུས་མེད་པའི་ བལྟ་བཤལ་པ་ཚུ་གི་དོན་ལུ་ འབྲུག་གི་སྐྱེ་ལྡན་བལྟ་བཤལ་གྱི་ ས་གོ་གཙོ་བོ་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

གཞལམ་སྒང་དེ་ ཐིམ་ཕུ་ལས་ དུས་ཡུན་ཆུ་ཚོད་ ༨ ཀྱི་ས་ཁར་ འབྲུག་གི་དབུས་ཕྱོགས་ལུ་ ཆགས་ཏེ་ཡོདཔ་ད་ རྫོང་ཁག་དེ་གི་ཕྱོགས་ ༣ ཉེན་སྲུང་ཅན་གྱི་ རྒྱལ་འཛིན་མ་ནཱཛ་རྒྱལ་ཡོངས་གླིང་ག་དང་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ག་ དེ་ལས་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ག་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ལས་ བྱ་རིགས་བལྟ་མི་ཚུ་གི་དོན་ལུ་ སྤྲོ་ཉམས་དང་ལྡན་པའི་ ས་ཁོངས་ཅིག་ཨིན་པས།

ལུང་ཕྱོགས་དེ་ནང་ བྱ་རིགས་མ་འདྲཝ་ ༣༥༧ དེ་ཅིག་ཡོད་པའི་ཁར་ ལུང་ཕྱོགས་དེ་གི་ རང་བཞིན་གནས་སྟངས་དང་བསྟུན་ཏེ་ གཅན་གཟན་སྟག་ བེང་གཱལ་ཊའི་གར་ཟེར་མི་དང་ སྤྱ་སེར་གོལ་ཌེན་ལང་གུར་ཟེར་མི་ཚུ་ཡོདཔ་ད་ མང་སྡེ་ཆུ་དང་ གྲང་མེད་ཆུ་གི་ ཆུ་གཞོང་ཚུ་ནང་འབད་བ་ཅིན་ ཆུ་དང་འབྲེལ་བའི་ དཔའ་རྩལ་ཅན་གྱི་ འོས་འབབ་ཡོད་པའི་ ས་གོ་ཅིག་ཨིན་ཟེར་བཀོད་ནུག།

ཉིན་གྲངས་ ༢ ཀྱི་ དུས་སྟོན་དེ་ཡང་ ལས་སྣ་མ་འདྲཝ་ཚུ་གི་སྒོ་ལས་ བྱ་རིགས་བལྟ་ནི་གི་ ལས་སྣ་གོང་འཕེལ་དང་ སྐྱེ་ལྡན་བལྟ་བཤལ་བཙན་ཐབས་ ས་གནས་ཀྱི་དཔལ་འབྱོར་ལུ་ རྒྱབ་སྐྱོར་ཚུ་གི་དོནལས་ བཟོ་སྒྲིགས་འབད་ཡོདཔ་ད་ དུས་སྟོན་གྱི་སྐབས་ལུ་ ས་གནས་དེ་ཁར་འཛོམས་མི་ཚུ་ལུ་ རྒྱལ་ཡོངས་དང་ ས་གནས་ཀྱི་ བྱ་རིགས་མཁས་མཆོག་ཚུ་གིས་ བྱ་རིགས་ཉམས་སྲུང་དང་འབྲེལ་བའི་ གསལ་བཤད་དང་ གློག་བརྙན་ཚུ་ སྟོན་ནི་དང་ ལུས་སྦྱོང་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལས་ སྟིང་སྟིང་སྦིས་ལས་ ཡེ་སྦི་ལབ་རྩའི་བར་ན་ ཀི་ལོ་མི་ཊར་ ༢༡ གི་ རྒྱུག་འགྲན་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་བཟུམ་སྦེ་ དུས་སྟོན་དེ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ བཟོ་ནིའི་དོན་ལས་ སྦེར་ཏི་ལུ་ གྲུ་གཏང་ནི་དང་ ཉ་བཟུང་ནི་གི་ ལས་རིམ་ཚུ་ཡང་ཡོད་པའི་ཁར་ རང་སོའི་གདོང་ཚུ་ བྱ་རིགས་དང་ རི་དྭགས་སེམས་ཅན་གྱི་ བཟོ་རྣམ་ཅན་སྦེ་ ཚོན་གཏང་ནི་གི་ ལས་རིམ་ཚུ་ཡང་ཡོདཔ་སྦེ་བཀོད་ནུག།

ལམ་སྲོལ་གྱི་ ལས་རིམ་ནང་ དུས་སྟོན་དེ་གི་ གཙོ་རིམ་དང་ ས་གནས་ཀྱི་སྙན་ཆ་ ཞབས་བྲོ་ གར་འཆམ་ཚུ་ཡོད་པའི་ནང་ལས་ འབྲུག་གི་ལམ་སྲོལ་དང་ རང་བཞིན་གནས་སྟངས་ གཅིག་སྒྲིལ་གྱི་ བརྡ་མཚོན་ལུ་ བྱ་རིགས་དང་ འབྲེལ་བའི་ལྟདམོ་ཚུ་ཡང་ བྱ་རིགས་ཀྱི་རྣམ་པའི་ཚུལ་ལུ་ སྟོན་ནི་ཨིན་པས།

བཟའ་ཆས་འགྲེམ་སྟོན་གྱི་ འབྲེལ་སྟེགས་ནང་ལས་ གཞལམ་སྒང་གི་ འཚོ་བའི་བཟའ་འཐུང་ ཁ་རང་དང་ ཉ་མེ་སྐམ་ སྤ་ཚར་ སྦང་ཆང་ལ་སོགས་པ་ཚུ་ཡང་ འཐོབ་ནི་ཨིན་པའི་ཁར་ དུས་སྟོན་ནང་ འཛོམས་མི་ཚུ་གིས་ འབྲུག་གི་ལམ་སྲོལ་ཅན་གྱི་ བཟོ་རིགས་ ༡༣ ནང་ཚུད་པའི་ ཚར་ལས་གྲུབ་པའི་ ནང་ཆས་ཀྱི་རིགས་ ལག་ཅུང་དང་ གཟེམ་ རྒྱན་ཆ་ཚུ་ཡང་ བལྟ་ནི་དང་ ཉོ་ནི་འཐོབ་ཟེར་བཀོད་ནུག།

འབྲུག་རྒྱལ་ཁབ་ནང་ བྱ་རིགས་མ་འདྲཝ་ ༧༧༠ ལྷགཔ་ཅིག་ཡོདཔ་ད་ དེ་ཚུ་གི་གྲས་ཁར་ རྩ་མེད་ཐལ་སྲིད་པའི་ བྱ་རིགས་ཆུ་བྱ་དཀརཔོ་དང་ བྱ་རྒོད་བྱང་ཁོགས་དཀརཔོ་དང་ མཆུ་ཏོག་དམརཔོ་ཚུ་བཟུམ་མའི་ བྱ་རིགས་ཡང་ཡོདཔ་ཨིན་པས།

དེ་འབདཝ་ལས་ འབྲུག་གི་ཉམས་སྲུང་གི་ ཐབས་ལམ་དེ་ཡང་ བྱ་རིགས་བཟུང་ནི་དང་ དཀྲོགས་ནི་མིན་པར་ གཅིག་སྒྲིལ་ཐོག་ལུ་གནས་ཏེ་ ཡུན་བརྟན་ཅན་གྱི་ འཚོ་བའི་ཐབས་ལམ་ལུ་ གཙོ་བོར་བཟུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

འཁོར་ལོ་ཆུ་ལུ་ གློག་མེ་ལས་འགུལ་གྱིས གཙང་ཆུ་ཁ་སྒྱུར་མཐར་འཁྱོལ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མེ་ག་ཝཱཊ་ ༦༠༠ འབད་མི་ བཀྲིས་གཡང་རྩེ་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་གྱི་ ཆུ་མཛོད་གཙོ་བོ་ བཟོ་བསྐྲུན་གྱི་དོན་ལུ་ མི་ཊར་ ༦༨༦ འབད་མི་ གཙང་ཆུ་ཁ་སྒྱུར་གྱི་ ས་དོང་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡི་ཟེར་ཨིན་པས། དེ་སྦེ་ ས་དོང་ཁ་སྒྱུར་གྱི་ མཇུག་བསྡུའི་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་གྱི་ཁྲི་འཛིན་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ དྲུང་ཆེན་བྱོན་ནུག། གཙང་ཆུ་ཁ་སྒྱུར་གྱི་ ས་དོང་དེ་ ཆུ་ཀིའུ་བིག་མི་ཊར་ ༡,༡༡༢ རེ་ བརྒྱུད་སྤེལ་འབད་ནི་གི་ ཤོང་ཚད་ཡོདཔ་ད་ བཟོ་བསྐྲུན་མཇུག་བསྡུ་ནི་ལུ་ ཟླཝ་ ༢༠ དེ་ཅིག་འགོར་ཡོདཔ་ཨིན་པས། ད་ལས་ཕར་ གཙང་ཆུ་ལས་ ཆུ་འདྲེན་ནི་དང་ ཆུ་མཛོད་གཙོ་བོའི་དོན་ལུ་ གཞི་འགྱམ་བརྐོ་ནི་ཚུ་རྩིས་ཏེ་ ས་འོག་གློག་མེ་འཕྲུལ་ཁང་ བཟོ་བསྐྲུན་འབད་ནི་དང་ ཅབ་ལང་ཆུ་ ཁ་སྒྱུར་གྱི་ལཱ་ཚུ་ འབད་ནི་ཨིནམ་སྦེ་བཀོད་ནུག། འཁོར་ལོ་ཆུ་ གློག་མེ་ལས་འགུལ་དེ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ […]

gyalchi
National News

དགེ་ལེགས་ཕུག་ལུ་ ཕྱི་མི་ནང་བསྐྱོད་ཀྱི་དོན་ལུ་ རང་འགུལ་གློག་འཕྲུལ་གྱི་ ཐོན་འཛུལ་སྒོ་ར་སྒོ་འབྱེད།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཕྱི་མི་ནང་བསྐྱོད་ཀྱི་དོན་ལུ་ རང་འགུལ་གློག་འཕྲུལ་སྒོ་ར་ སྒོ་འབྱེད་འབད་ཡོདཔ་ད་ དེ་ཡང་ འོས་ཚད་ཡོད་པའི་ འབྲུག་མི་དང་ རྒྱ་གར་གྱི་ མི་སེར་ཚུ་གིས་ འབྲུག་དང་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ རྐང་ཐང་སྦེ་ འགྲུལ་བསྐྱོད་སྐབས་ལུ་ རང་སོའི་དངོས་གཟུགས་ཁྱད་རྣམ་ཚུ་ བདེན་དཔྱད་འབད་དེ་ ཐོན་འཛུལ་གྱི་དོན་ལུ་ ཉོག་སེལ་འབད་ནི་གི་ ལམ་ལུགས་འགོ་བཙུགས་ཡོདཔ་ཨིན་པས། རང་འགུལ་གློག་འཕྲུལ་གྱི་ ཐོན་འཛུལ་སྒོ་ར་དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྤྱི་འཛིན་ དྲག་ཤོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འགོ་འབྱེད་མཛད་ཡོདཔ་དང་ སྒོ་འབྱེད་རྟེན་འབྲེལ་དེ་ནང་ འགོ་དཔོན་དང་ མགྱོནམོ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག། རང་འགུལ་གློག་འཕྲུལ་སྒོ་ར་དེ་གིས་ འགྲུལ་བསྐྱོད་འབད་མི་ཚུ་གི་ ངོ་རྟགས་ཚུ་ ཐོ་བཀོད་གྲུབ་པའི་ རང་སོའི་དངོས་གཟུགས་ ཁྱད་རྣམ་ཚུ་དང་འབྲེལ་ཏེ་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ད་ འོས་ཚད་ཡོད་པའི་ འགྲུལ་པ་ཚུ་གི་ ཉོག་སེལ་ཚུ་ ནམ་རྒྱུན་གྱི་ ལག་བཟུང་འཕྲུལ་ཆས་ཐོག་ལས་ ཞིབ་དཔྱད་ཚུ་ འབད་མི་དགོ་ནི་ཨིན་པས། ད་རེས་ཀྱི་ ལམ་ལུགས་གསརཔ་དེ་གིས་ ཉོག་སེལ་ལུ་ སྒུག་དགོ་པའི་ དུས་ཡུན་མར་ཕབ་ […]

gyalchi
National News

ཛེག་རེ་པབ་ལིག་གི་ སྲིད་འཛིན་མཆོག་ལུ་ འབྲུག་གི་གཞུང་ཚབ་ འཚོ་སྐྱིད་ཆོས་སྒྲོན་གྱིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འབྲུག་གི་གཞུང་ཚབ་ འཚོ་སྐྱིད་ཆོས་སྒྲོན་གྱིས་ ཛེག་རེ་པབ་ལིག་གི་ པེ་རེག་ཕོ་བྲང་ནང་སྦེ་ སྲིད་འཛིན་པི་ཊར་པ་བེལ་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ནུག། དེ་སྦེ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་བའི་ཤུལ་ལུ་ སྲིད་འཛིན་པི་ཊར་པ་བེལ་དང་ བློན་ཆེན་ཨཱན་ཌྲེཇ་བ་བིཛ་གི་ སྐུ་མདུན་ལུ་བཅར་ཏེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཛེག་རེ་པབ་ལིག་གི་ སྲིད་འཛིན་དང་ བློན་ཆེན་ མི་སེར་བཅས་ལུ་ བཀྲིས་ལེགས་སྨོན་ཡོད་ལུགས་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ ཛེག་རེ་པབ་ལིག་དང་གཅིག་ཁར་ མཐུན་ལམ་མདུན་བསྐྱོད་དང་ མཉམ་འབྲེལ་གྱི་ དང་འདོད་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས། པེ་རེག་ལུ་ གཞུང་ཚབ་སྐྱིད་ཆོས་སྒྲོན་གྱིས་ ཛེག་རེ་པབ་ལིག་གི་ ཕྱི་འབྲེལ་ལྷན་ཁག་དང་ བཟོ་གྲྭ་དང་ ཚོང་འབྲེལ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ སྒེར་སྡེའི་ངོ་ཚབ་ཚུ་དང་ཕྱད་དེ་ དཔལ་འབྱོར་དང་ ཚོང་ལཱ་མཉམ་འབྲེལ་ ཡར་དྲག་གཏང་ནི་དང་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ནུག། འཚོ་སྐྱིད་ཆོས་སྒྲོན་དེ་ ཛེག་རེ་པབ་ལིག་ལུ་ འབྲུག་གི་གཞུང་ཚབ་དང་པ་ཨིནམ་ད་ གཞུང་ཚབ་མོ་ར་ བེལ་ཇི་ཡམ་གྱི་རྒྱལ་ས་ བར་སེལཛ་ལུ་ གཞི་གནས་འབད་དེ་ཡོདཔ་ཨིན་པས། འབྲུག་དང་ […]

gyalchi
Online now: 9 Today: 1496 Total visitors: 44403
22,002Facebook followers
+0Today
+16This month