ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༩ པ་ ཚོགས་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༩ པ་ ཚོགས་གནང་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་ལུ་ ཕྱི་རྒྱལ་ལས་ ཐད་ཀར་དུ་ མ་རྩ་གཞི་བཙུགས་འབད་མི་ འོང་བཅུག་དགོཔ་ གལ་གནད་ཆེ་བའི་སྐོར་ལས་ གསལ་བཤད་མཛད་ནུག།དེ་ཡང་ བློན་ཆེན་གྱི་ ཡིག་ཚང་ལས་ མི་སྡེ་བརྡ་བརྒྱུད་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཕྱི་རྒྱལ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་གི་དོན་ལུ་ དེང་དུས་དང་མཐུན་པའི་ གནས་སྟངས་བཟོ་ཐབས་ལུ་ ཚོང་འབྲེལ་གྱི་ ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དགོཔ་ཡོད་ལུགས་ཚུ་ཡང་ གསུངས་ཡི་ཟེར་ཨིན་པས།དེ་མ་ཚད་ ཞལ་འཛོམས་དེ་ནང་ འབྲུག་གི་དཔལ་འབྱོར་ལྕོགས་གྲུབ་ གསལ་སྟོན་དང་ ཡར་དྲགས་གཏང་ཐབས་ལུ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ནང་ རྒྱ་གར་ལུ་ ལམ་འགྲུལ་འགྲེམ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

National News

རྒྱ་གར་གྱི་ ལམ་སེལ་ལས་སྡེ་ ཌཱན་ཊག་ལས་འགུལ་དང་ འབྲུག་མེ་རླུང་བཟོ་གྲྭའི་བར་ན་ གོ་བརྡའི་ཆིངས་ཡིག།

སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ འབྲུག་རྒྱལ་ཁབ་ནང་ གཞི་རྟེན་མཁོ་ཆས་དང་ མཐུད་འབྲེལ་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ གལ་གནད་ཅན་གྱི་ ཐབས་ལམ་ཅིག་སྦེ་ རྒྱ་གར་གྱི་ ས་མཚམས་ལམ་སེལ་ལས་སྡེ་ ཌཱན་ཊག་ལས་འགུལ་གྱིས་ འབྲུག་མེ་རླུང་བཟོ་གྲྭ་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།མཚན་རྟགས་དེ་ཡང་ ཐིམ་ཕུ་སེམས་རྟོགས་ཁ་ལུ་ཡོད་མི་ ཌཱན་ཊག་ལས་འགུལ་གྱི་ ཡིག་ཚང་གཙོ་ཁང་ནང་སྦེ་ ཌཱན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ དོ་འཛིན་རོ་ཧིཊ་གུབ་ཏ་དང་ འབྲུག་མེ་རླུང་བཟོ་གྲྭ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ སེངྒེ་རྒྱ་མཚོ་ ༢ ཀྱིས་ བཀོད་ཡོདཔ་ཨིན་པས།ཆིངས་ཡིག་དེ་ནང་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲགས་གཏང་ནིའི་དོན་ལས་ ཌཱན་ཊག་ལས་འགུལ་གྱིས་ ལམ་རྟགས་བཀལ་ནི་དང་ ཚོན་གཏང་པའི་བསྒང་ཡོད་མི་ཚུ་ནང་ མེ་རླུང་བཀྲམ་སྤེལ་འབད་ཐབས་ལུ་ཨིནམ་སྦེ་ གསལ་བཀོད་འབད་ནུག།འབྲུག་ལུ་ ཌཱན་ཊག་ལས་འགུལ་དེ་ སྤྱི་ལོ་ ༡༩༦༡ ལོར་ གཞི་བཙུགས་འབད་ཡོདཔ་ད་ དུས་དེ་ལས་ཚུར་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གཏིང་ཟབ་དང་ ཡུན་བརྟན་ཅན་སྦེ་ གནས་ཏེ་ཡོདཔ་ཨིན་པས།དེ་ཡང་ ཌཱན་ཊག་ལས་འགུལ་གྱིས་ འབྲུག་གི་ས་གནས་མཐའ་ཟུར་དང་ ལུང་ཕྱོགས་ཚུ་ མཐུད་སྦྲེལ་གྱི་དོན་ལས་ འཁོར་ལམ་དང་ […]

National News

མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་མི་ ༧༧༡ གིས་ ཁས་བླངས་དམ་བཅའ་ཞུ་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་མི་ ༧༧༡ གིས་ ཞི་གཡོག་ནང་ འཛུལ་ཞུགས་ཀྱི་དོན་ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ ཀུན་རྭ་ནང་སྦེ་ ཁས་བླངས་དམ་བཅའ་ ཞུ་ཡོདཔ་ཨིན་པས། དེ་ཡང་ སྤྱི་ལོ་ ༢༠༢༤ ལོར་ ཞི་གཡོག་ཆོས་རྒྱུགས་ མཐར་འཁྱོལ་མི་ ཨམ་སྲུ་ ༣༩༥ དང་ ཕོ་སྐྱེས་ ༣༧༦ གི་གྲས་ལས་ བདག་སྐྱོང་ཞབས་ཏོག་ནང་ ༥༦ དང་ དངུལ་རྩིས་ཞབས་ཏོག་ནང་ ༤༡ འཕྲུལ་རིག་ཞབས་ཏོག་ནང་ ༣༨༩ ཤེས་རིག་ཞབས་ཏོག་ནང་ ༢༨༥ ཡོད་མི་ཚུ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ནང་ལས་ གསར་བསྐོས་འབད་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

དགེ་ལེགས་ཕུག་ བསམ་གཏན་ཐང་ནང་སྦེ་ གཞུང་འབྲེལ་ཐོག་ལས་ ཚེ་འདས་དྲགོས་ཚེ་རིང་དབང་དྲག་གི་མེ་སྦྱང་།

སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ བསམ་གཏན་གླིང་རྒེད་འོག་ བསམ་གཏན་ཐང་ནང་སྦེ་ གཞུང་འབྲེལ་ཐོག་ལས་ ཚེ་འདས་དྲགོས་ཚེ་རིང་དབང་དྲག་གི་ མེ་སྦྱང་འབད་ནུག།མེ་སྦྱང་གི་ གསུང་ཆོག་དེ་ཡང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་སྐུ་བགྲེས་ སྤྲུལ་སྐུ་འཕྲིན་ལས་མཆོག་ དབུ་བཞུགས་ཐོག་ལུ་ དགེ་ལེགས་ཕུག་གྲྭ་ཚང་གི་ དགེ་སློང་ཚུ་གིས་ གནང་ཡོདཔ་ད་ དེ་བསྒང་ རྒྱལ་གཞུང་འབྲུག་གི་དམག་སྡེ་གིས་ གུས་བཏུད་ཀྱི་ཚུལ་ལུ་ སྟི་སྭ་ཡང་ ཞུ་ཡོདཔ་ཨིན་པས།མེ་སྦྱང་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་གཙོ་འཛིན་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་གཙོས་པའི་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ ཁྲི་འཛིན་འོགམ་ དྲགོས་སྐལ་བཟང་དབང་འདུས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ ཕྱི་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་ རྒྱལ་པོའི་གཟིམ་དཔོན་ དྲགོས་ཨོ་རྒྱན་རྣམ་རྒྱལ་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ དྲག་ཁག་ ༣ གྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ནུག།དེ་མ་ཚད་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་དང་ ཕུན་ཚོགས་གླིང་ལུ་ […]

National News

མི་དབང་ཞབས་ལས་ གཞུང་ཚབ་དང་ དྲུང་ཆེན་ གཙོ་འཛིན་འོགམ་གསར་བསྐོས།

སྤྱི་ཟླ་ ༡༢ པའི་ཚེས་ ༢༠ ལུ་ མི་དབང་མཆོག་གི་ཞབས་ལས་ དྲགོས་ཀརྨ་ལྷ་མོ་དེ་ བང་ལ་དེཤ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ད་ དེ་བཟུམ་སྦེ་ མཁའ་འགྲུལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་དབང་ཕྱུག་དེ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་ དྲུང་ཆེན་དང་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་གི་མདོ་ཆེན་ ཚེ་དབང་རིག་འཛིན་དེ་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོད་པའི་ གནས་ཚུལ་མོར་བསྡུས།

National News

མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་ རིམ་པ་བཞིན་དུ་གནང་ཡི།དེ་ཡང་ མི་འབད་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལས་སྐྱིད་དབང་ཕྱུག་ལུ་ འབྲུག་པའི་ལམ་སྲོལ་དང་ བཟོ་བཀོད་ཚུ་ ཉམས་སྲུང་འབད་བའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།ཚེ་འདས་ལས་སྐྱིད་དབང་ཕྱུག་གིས་ ལོ་ངོ་ ༢༩ གི་རིང་ལུ་ ཞི་གཡོག་ནང་ བརྩོན་ཤུགས་ཅན་བསྐྱེད་དེ་ ཕྱག་ཞུ་བའི་སྐབས་ལུ་ འབྲུག་རང་ལུགས་ཀྱི་ བཟོ་བཀོད་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།ཁོ་གིས་ སྤ་རོ་དུང་དཀར་རྫོང་ གསར་བཞེངས་ཀྱི་ ལཱ་ཚུ་ལུ་ ལྟ་རྟོག་འབད་དེ་ རང་ལུགས་བཟོ་བཀོད་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ བདེ་ཆེན་ཕུག་ ལྷ་ཁང་དང་ དབང་འདུས་ཕོ་བྲང་རྫོང་ ཉམས་སྲུང་འབད་ནི་ལུ་ཡང་ རྒྱ་ཆེ་བའི་ ཕན་འདེབས་འབད་ཡོདཔ་ད་ གསེར་གྱི་རྟགས་མ་དེ་ ཁོ་གི་ཚབ་ལུ་ གནས་ཚང་ལྷ་མོ་དབྱངས་ཅན་གྱིས་ཞུ་ཡི།རྒྱལ་ཁབ་ནང་ སྙིང་ནད་མཁས་མཆོག་ འགོ་དང་པ་ཨིན་མི་ ཌོག་ཊར་མ་ཧེཤ་ གུ་རུང་གིས་ འབྲུག་པའི་གསོ་རིག་ལམ་ལུགས་ནང་ […]

National News

མི་དབང་མངའ་བདག་ཞབས་ལས་ དབང་ཕྱུག་རྣམ་རྒྱལ་ལུ་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་ དབང་ཕྱུག་རྣམ་རྒྱལ་ལུ་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ཡི།དབང་འདུས་ཕོ་བྲང་རྫོང་ཁག་ལས་ སྐྱེས་ལོ་ ༦༠ འབད་མི་ དབང་ཕྱུག་རྣམ་རྒྱལ་གྱིས་ ཤེས་རིག་ལས་སྡེའི་ནང་ ལོ་ངོ་ ༢༥ ལྷགཔ་ཅིག་གི་རིང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།དེ་ཡང་ དབྱངས་ཅན་ཕུག་དང་ འབྲུག་རྒྱལ་ བྱ་དཀར་ ཉི་མ་སློབ་གྲྭ་ཚུ་ནང་ སློབ་དཔོན་དང་ དབུ་འཛིན་སྦེ་ ཕྱག་ཞུ་བའི་ཁར་ སྤ་རོ་ཤེས་རིག་འགོ་དཔོན་དང་ ཤེས་རིག་ལྷན་ཁག་ནང་ ལྟ་རྟོག་གཙོ་འཛིན་སྦེ་ཡང་ ཕྱག་ཞུ་ནུག།སྤྱི་ལོ་ ༢༠༡༨ ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་དེ་ ལོ་ངོ་ ༥ གི་རིང་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་སྦེ་ ཕྱག་ཞུ་བའི་ཁར་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ལས་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ནང་ སློབ་ཕྲུག་ལས་དོན་དང་ སློབ་དཔོན་ཞབས་ཏོག་གི་ མདོ་ཆེན་སྦེ་ ཕྱག་ཞུཝ་ཨིན་པའི་གནས་ཚུལ།

National News

མི་དབང་མཆོག་གི་ཞབས་ལས་ ཚེ་དབང་རྟ་མགྲིན་ལུ་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ མི་དབང་མཆོག་གིས་ རྒྱལ་འཛིན་ཐིམ་ཕུ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་དབང་རྟ་མགྲིན་ལུ་ བཀབ་ནེ་དཀརཔོ་དང་ དཔའ་རྟགས་གནང་ཡི།སྤ་རོ་ཁང་ཁུ་ལས་ སྐྱེས་ལོ་ ༦༦ འབད་མི་ ཚེ་དབང་རྟ་མགྲིན་གྱིས་ ཤེས་རིག་ལས་སྡེའི་ནང་ ལོ་ངོ་ ༣༥ གི་རིང་ལུ་ ཕྱག་ཞུ་ཡོདཔ་ད་ དེ་ཡང་ དབྱངས་ཅན་ཕུག་སློབ་གྲྭ་དང་ ཤེས་རབ་བརྩེ་ མཐོ་རིམ་སློབ་གྲྭ་ཚུ་ནང་ དབུ་འཛིན་སྦེ་ ཕྱག་ཞུ་ནུག།དེ་ལས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ཡོངས་ཁྱབ་མདོ་ཆེན་དང་ ཤེས་རིག་ལྷན་ཁག་ནང་ མདོ་ཆེན་ཚུ་བརྩིས་ཏེ་ འགོ་ཁྲིདཔ་གི་ འགན་ཁུར་གལ་ཅན་ ལེ་ཤ་ཅིག་གི་ནང་ར་ ཕྱག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།

National News

མི་དབང་མཆོག་གི་ཞབས་ལས་ འབྲུག་གི་བལྟ་བཤལ་ལས་སྡེ་ལུ་ རྒྱལ་ཡོངས་གཟེངས་བསྟོད་ འབྲུག་ཐུགས་སྲས་ཀྱི་རྟགས་མ།

འདས་པའི་ལོ་ ༥༠ གི་རིང་ལུ་ འབྲུག་གི་བལྟ་བཤལ་ལས་སྡེ་གིས་ རྒྱལ་ཁབ་ནང་ བལྟ་བཤལ་གོང་འཕེལ་གྱི་དོན་ལས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུངས་ངལ་རངས་དང་བཅས་པའི་སྒོ་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།དེ་ཡང་ སྤྱི་ལོ་ ༡༩༧༤ ལུ་ གཞི་བཙུགས་འབད་མི་ རིན་ཐང་ཆེ་བ་དང་ འབོར་ཚད་ཉུང་པའི་ བལྟ་བཤལ་གྱི་ སྲིད་བྱུས་འདི་ འགྱུར་བ་མེད་པར་ ལག་ལེན་འཐབ་སྟེ་ འཛམ་གླིང་ནང་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རང་བཞིན་གྱི་ མཛེས་ཆ་ཚུ་ ཡུན་བརྟན་ཐོག་ལུ་ གསལ་སྟོན་དང་ སྙན་གྲགས་ཚུ་ ཁྱབ་སྤེལ་འབད་བའི་ ངོས་འཛིན་ལུ་ཡང་ཨིན་པས།འབྲུག་གི་བལྟ་བཤལ་ལས་སྡེའི་ནང་ འབྲུག་བལྟ་བཤལ་ལས་ཁུངས་དང་ འབྲུག་ལྟ་བཤལ་ལག་ལེན་ཚོགས་པ་ བཟའ་ཁང་ཚོགས་པ་ བལྟ་བཤལ་ལམ་སྟོན་ཚོགས་པ་ ལག་བཟོའི་ཚོགས་པ་ དེ་ལས་ རྒྱལ་གཞུང་བལྟ་བཤལ་དང་ མགྲོན་སྐྱོང་གཙུག་སྡེ་ཚུ་ ཚུདཔ་ཨིན་པས།མི་དབང་མཆོག་གི་ཞབས་ལས་ འབྲུག་གི་བལྟ་བཤལ་ལས་སྡེ་ཚུ་གིས་ འཛམ་གླིང་ནང་ ཁྱབ་སྤེལ་འབད་བ་ལུ་བརྟེན་ཏེ་ མི་དབང་མཆོག་ རྒྱལ་ཁབ་ག་ཏེ་བྱོན་རུང་ འབྲུག་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས་ དཔའ་ཉམས་བྱུང་ཡི་ཟེར་ གསུངས་གནང་ཡི།དེ་མ་ཚད་ ཕྱི་མི་མང་རབས་ཅིག་དང་ ཚོང་འབྲེལ་འཐབ་མི་ འགོ་ཁྲིདཔ་ཚུ་ཡང་ ལེ་ཤ་ཅིག་ […]

National News

སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ ཚོགས་ཐེངས་ ༢ པའི་ནང་ དཔྱད་ཡིག་ཚུ་ཆ་འཇོག།

སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ཚུན་ ཚོགས་གནང་མི་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པའི་ ཚོགས་བཞུགས་ནང་ དཔྱད་ཡིག་དང་ འཕྲི་སྣོན་དཔྱད་ཡིག་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་དང་ ཕྱིར་བཏོན་ཚུ་མཛད་ནུག།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་དེ་ ཆ་འཇོག་གྲུབ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཀའ་གྲོལ་གནང་བའི་དོན་ལུ་ ཕུལ་ནི་སྦེ་ཡོད་ཟེར་ཨིན་པས།འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དེ་ འབྲུག་གི་གཅིག་སྒྲིལ་ཁྲལ་གྱི་ལམ་ལུགས་ལུ་ གདོང་ལན་བྱུང་མི་དང་ གཞུང་གིས་ དཔལ་འབྱོར་བསྐྱར་གསོའི་ནང་ གཙོ་རིམ་བཟུང་ནིའི་དོན་ལུ་ གཙོ་བོར་གཏོན་དོ་ཡོདཔ་ལས་ ད་རེས་ ཁྲལ་གྱི་རིམ་ལུགས་ཆ་ཚང་ གྲ་སྒྲིག་མ་འགྱོ་མི་ལུ་བརྟེན་ཏེ་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུའི་ བྱ་སྒོའི་རིམ་པ་ནང་ལས་ ཕྱིར་བཏོན་མཛད་ནུག།དེ་མ་ཚད་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ […]

Online now: 7 Today: 2617 Total visitors: 12647