ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༤ པ་དེ་ མཇུག་བསྡུ་གནང་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༤ པ་དེ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ མཇུག་བསྡུ་གནང་ཡི། དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ བློན་པོ་ལྷན་རྒྱས་ཚུ་གིས་གཙོས་པའི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་དང་ གཞུང་གི་དཔོན་ཁག་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

སྤུ་ན་ཁ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

རང་ཟླ་ ༡༠ པའི་ཚེས་ ༨ སྤྱི་ཟླ་ ༡༢ པའི་ཚེས་ ༨ ལས་ འགོ་བཙུགས་ཏེ་ སྤུ་ན་ཁ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཐེངས་ ༨ པ་དེ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ བླ་སྤྲུལ་དང་ དགེ་སློང་ ཨ་ནེམ་ལ་སོགས་པ་ཚུ་གིས་ གནང་དོ་ཡོདཔ་ད་ སྨོན་ལམ་ཆེན་མོ་དེ་ རང་ཟླ་ ༡༠ པའི་ཚེས་ ༡༥ ལུ་ འགྲོལ་གནང་ནི་ཨིན་པས། སྨོན་ལམ་ཆེན་མོ་དེ་ནང་ དད་ལྡན་གྱི་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་དོ་ཡོདཔ་མ་ཚད་ ལས་ཚོགས་སློབ་དཔོན་མཆོག་གིས་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ ཨ་ནེམ་མཐོ་རིམ་བཤད་གྲྭའི་ བཙུན་གསར་དགེ་སློང་མ་ ༢ ལུ་ བཀྲིས་ལེགས་དར་ཡང་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

ཁག་འབགཔ་ཐོག་གི་ སློབ་དཔོན་ཚུ་ གཏན་འཇགས་ལས་གཡོགཔ་ལུ་ སྒྱུར་བཅོས་ཀྱི་ཐབས་ལམ།

ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ ཁག་འབགཔ་སློབ་དཔོན་ཚུ་ གཏན་འཇགས་ལས་གཡོགཔ་ལུ་ སྒྱུར་བཅོས་ཀྱི་ ཐབས་ལམ་བཏོན་ཏེ་ རྒྱལ་ཁབ་ནང་ སློབ་དཔོན་གྱིས་མ་ལང་པའི་ དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ནང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ སྤྱི་ལོ་ ༢༠༢༥ འཐོནམ་ད་ རྒྱལ་ཡོངས་སློབ་སྟོན་ ལཱ་གཡོག་ཟེར་མི་ སྒྲིག་བཀོད་ཅིག་ གཞི་བཙུགས་འབད་ནི་ཨིན་ཟེར་གསུངས་ཡི།དེ་འབདཝ་ལས་ ཁག་འབགཔ་སློབ་དཔོན་ཚུ་ གཏན་འཇགས་ལས་གཡོག་པའི་གྲངས་སུ་ འཕོ་འགྱུར་གྱི་དོན་ལས་ གོ་རིམ་ཅན་གྱི་ མདུན་ལམ་དང་གཅིག་ཁར་ རྒྱལ་ཡོངས་ལྕོགས་གྲུབ་ཀྱི་ ཚད་གཞི་ཚུ་ཡང་ ངེས་གཏན་བཟོ་སྟེ་ ཁག་འབགཔ་སློབ་དཔོན་ཚུ་གིས་ རྒྱུན་མཐུད་ཅན་གྱི་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་འབད་དགོ་ཟེར་ཨིན་པས།ད་རེས་ གྲོས་འཆར་ཅིག་ཨིན་མི་ རྒྱལ་ཡོངས་སློབ་སྟོན་ ལཱ་གཡོག་གི་འོག་ལུ་ ཁག་འབགཔ་སློབ་དཔོན་ཚུ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་དགོ་པའི་ཁར་ འོས་འབབ་བརྟག་དཔྱད་ཀྱི་ ཆོས་རྒྱུགས་ཅིག་ཡང་ཕུལ་ཏེ་ རྒྱལ་ཁབ་ནང་ སྤུས་ཚད་ཅན་གྱི ཤེས་ཡོན་སྤེལ་ནི་དེ་ ངེས་གཏན་བཟོ་ནི་ཨིན་པས།སྤྱི་ལོ་ ༢༠༢༥ ལུ་ འགོ་བཙུགས་ནི་ཨིན་མི་ […]

National News

རྒྱལ་ཡོངས་ཚོགས་སྡེའི་ནང་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་དང་ ཤེས་རིག་ཁྲིམས་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུ་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་ཚུ་ཆ་འཇོག།

སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༤ པའི་ནང་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་སྙན་ཞུ་ དེ་ལས་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་ཚུ་ ཆ་འཇོག་གྲུབ་ ནུག།དེ་ཡང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ བུམ་ཐང་གི་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ ནང་འཁོད་ཞལ་འཛོམས་ནང་ ཞུན་དག་འབད་བའི་ སྙན་ཞུ་ཕུལ་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ དེ་ ཆ་འཇོག་གནང་དགོ་པའི་ གྲོས་འབུལ་ཕུལ་བའི་ཤུལ་ལུ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།དེ་གི་ཤུལ་ལུ་ དམིགས་བསལ་ཤེས་རིག་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་གྱི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ ནང་འཁོད་ཞལ་འཛོམས་ཀྱི་ དུས་མཐུན་སྙན་ཞུ་ཡོངས་རྫོགས་ཕུལ་ཏེ་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གྲོས་འབུལ་ཕུལ་མི་དང་བསྟུན་ཏེ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ནུག།དེ་བཟུམ་སྦེ་ར་ མི་སྡེ་དང་ ལམ་སྲོལ་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ མགར་སའི་འཐུས་མི་ ཚེ་རིང་གིས་ གྲོས་འདེབས་དག་པ་ཅིག་ལུ་ ནང་འཁོད་ཞལ་འཛོམས་ནང་ ལེགས་བཅོས་འབད་ཡོད་པའི་ སྙན་ཞུ་ཕུལ་ཏེ་ […]

National News

འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས།

སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༤ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་ཡོདཔ་ད་ དུས་ཅི་ ཆོས་རྒྱུགས་དེ་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ མི་གྲངས་ ༢,༩༠༥ གིས་ གྲལ་གཏོགས་འབད་མིའི་གྲས་ལས་ ཞི་གཡོག་གི་ ས་སྟོང་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ ཞི་གཡོག་ནང་ བསྐོ་བཞག་གི་དོན་ལུ་ གདམ་ཁ་རྐྱབ་ནི་ཨིན་པས། ཞི་གཡོག་ཆོས་རྒྱུགས་དེ་ གཟེངས་ཐོན་དང་ དྭངས་གསལ་གུ་ གཞི་བརྟེན་འབད་དེ་ ལཱ་གཡོག་ནང་ བསྐོ་བཞག་གི་ བྱ་སྒོའི་རིམ་པ་ མཐོ་ཤོས་ཨིནམ་ད་ དེ་ཡང་ སྔོན་འགྲོའི་ཆོས་རྒྱུགས་དང་ ཆོས་རྒྱུགས་གཙོ་བོ་ དེ་ལས་ ངག་ཐོག་དྲིས་ལན་ཚུ་ ལག་ལེན་དམ་དྲགས་ཀྱི་སྒོ་ལས་ མ་འོངས་པའི་ འགོ་ཁྲིདཔ་ཚུ་གི་ གདམ་འཐུ་འབད་ཐངས་དང་ ཞི་གཡོག་ནང་ ཁྱད་ལཱའི་བཟང་སྤྱོད་དང་ སེམས་ཤུགས་ཚུ་ གོང་འཕེལ་གཏང་ཐབས་ལུ་ཨིན་པས།  རྒྱ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐར་འཁྱོལ་བྱུང་མི་ཚུ་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་དང་ གྲུབ་འབྲས་མཐོ་དྲགས་ཐོན་མི་ […]

National News

འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་གུ་ ངོ་སྤྲོད་གསལ་ཞུ།

སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༢ པའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༢༧ པའི་ དོན་ཚན་ ༤ པ་དང་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ ༢༠༡༡ ཅན་མའི་ དོན་ཚན་ ༡༦༩ པའི་ དགོངས་དོན་ལྟར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་ སྤྱི་ཚོགས་བཅས་ལུ་ཕུལ་མི་ ངན་ལྷད་ཀྱི་ ལོ་བསྟར་སྙན་ཞུ་ ཐེངས་ ༡༧ པ་འདི་ རྒྱལ་ཡོངས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་སྒང་གི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་གུ་ ངོ་སྤྲོད་གསལ་ཞུ་ ཡོངས་རྫོགས་སྦེ་ཕུལ་ནུག། གསལ་ཞུ་དེ་ནང་ རྒྱབ་ཁུངས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་འཚོལ་དང་ འབྲེལ་གཏུགས་ གྲུབ་འབྲས་ དྲང་སྤྱོད་གནས་རིམ་དང་ གདོང་ལན་ དེ་ལས་ གྲོས་འདེབས་ཛུ་འབདཝ་ད་ གནད་དོན་ཁག་ ༥ ཕུལ་ཡོདཔ་ཨིན་པས། […]

National News

སྤུངས་ཐིམ་གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་གསོལ་ཐབ།

རང་ཟླ་ ༡༠ པའི་ཚེས་ ༡ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་གཙོས་པའི་ འཕགས་པའི་དགེ་འདུནམ་ཚུ་ ནང་རྟེན་བྱིན་ཅན་ཚུ་དང་བཅསཔ་སྦེ་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ གསོལ་ཐབ་ཕེབས་གནང་ནུག། དེ་ཡང་ རང་ཟླ་ ༩ པའི་ཚེས་ ༣༠ སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ དབྱར་གྱི་བཞུགས་གནས་ ཐིམ་ཕུ་བཀྲིས་ཆོས་རྫོང་ལས་ ཆིབས་བསྐྱོད་གནང་སྟེ་ དགུང་ཞག་འཕྲིན་ལས་སྒང་ལུ་ བཞུགས་ཡོདཔ་ད་ དེ་སྦེ་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ མི་སེར་ཚུ་གིས་ བྱོན་ལམ་བདའ་སྟེ་ གྲལ་བསྒྲིགས་ཐོག་ལུ་ ནང་རྟེན་བྱིན་ཅན་ཚུ་ལས་ དབང་ཞུ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་དངུལ་ཁང་གི་ རྒྱལ་ཁབ་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ མི་རྗེ་བློན་ཆེན་མཆོག་གིས་ བང་ལ་དེཤ་དང་ འབྲུག་གི་དོན་ལུ་ འཛམ་གླིང་དངུལ་ཁང་གི་ རྒྱལ་ཁབ་མདོ་ཆེན་གྱི་ གནས་ཡུན་ཚང་མི་ ཨབ་དུ་ལ་ཡེ་ སེག་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ འཛམ་གླིང་དངུལ་ཁང་གིས་ ལོ་ངོ་བཅུ་ཕྲག་གི་བར་ན་ གལ་གནད་ཆེ་བའི་ ཕན་གྲོགས་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ ད་ལས་ཕར་ཡང་ མཉམ་འབྲེལ་ཐོག་ལས་ གསར་བཏོད་ཚུ་གི་ མཐར་འཁྱོལ་ངེས་གཏན་བཟོ་ཐབས་ལུ་ འབྲུག་གི་ཁ་ཐུག་ལས་ ཁས་ལེན་ཡོད་ཟེར་ཨིན་པས། ཨབ་དུ་ལ་ཡེ་གིས་ འཛམ་གླིང་དངུལ་ཁང་གིས་ འབྲུག་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་ལུ་ དཔའ་ཉམས་བྱུང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ ཡར་འཕེལ་ལུ་ཡང་ ལེགས་སྨོན་ཡོད་ལུགས་ཚུ་བཤད་ནུག། མཇལ་ཕྲད་སྐབས་ལུ་ འབྲུག་གི་ཡུན་བརྟན་གོང་འཕེལ་ ཀུན་ཚང་ནང་ འཛམ་གླིང་སྤྱི་ཚོགས་དང་གཅིག་ཁར་ ཡུན་རིང་གི་མཐུན་ལམ་ རྒྱུན་སྐྱོང་འཐབ་སྟེ་ཡོད་མི་ལུ་ གཙོ་བོར་བཟུང་སྟེ་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་མཆོག་གིས་ སླར་བྱུང་གནམ་གཤིས་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ མི་རྗེ་བློན་ཆེན་མཆོག་གིས་ སླར་བྱུང་གནམ་གཤིས་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ ཨམ་མ་ཕཱལ་ཌ་ ཌུ་ཨར་ཊེ་དང་ མཇལ་ཕྲད་ཐོག་ལུ་ སླར་བྱུང་གནམ་གཤིས་མ་དངུལ་དང་ འབྲུག་གི་མཉམ་འབྲེལ་ བཙན་ཐབས་སྐོར་ལས་ གསུང་གྲོས་གནང་ནུག། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རང་བཞིན་གནས་སྟངས་ཉམས་སྲུང་ནང་ འབྲུག་གི་ཁས་ལེན་དང་ རྒྱལ་སྤྱི་གནམ་གཤིས་ལག་ལེན་ལུ་ འགོ་ཁྲིད་ཀྱི་ འགན་ཁུར་འབག་ནི་ལུ་ གཙོ་བོར་བཟུང་ཡོདཔ་ད་ ཨམ་ཌུ་ཨར་ཊེ་གིས་ སླར་བྱུང་གནམ་གཤིས་མ་དངུལ་གྱི་ ཁ་ཐུག་ལས་ འབྲུག་གི་བརྩོན་ཤུགས་ལུ་ ཡིད་ཆེས་དང་ ངལ་རངས་ཡོད་ལུགས་དང་ རྒྱལ་ཁབ་ཀྱི་ གནམ་གཤིས་དང་འབྲེལ་བའི་ རེ་འདུན་ཚུ་ འགྲུབ་ནི་ལུ་ རྒྱབ་སྐྱོར་ངེས་གཏན་འབད་ནི་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་གྱིས་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ཁག་གི་ འཆར་གཞི་འགོ་དཔོན་ཚུ་དང་ ཡོངས་འབྲེལ་ཐོག་ལུ་ཞལ་འཛོམས།

སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཕྱི་རོ་ཁམས་ཅིག་ཁར་ མི་རྗེ་བློན་ཆེན་གྱིས་ རྫོང་བདག་དང་ ཁྲོམ་དཔོན་ དེ་ལས་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ཚུ་གི་ འཆར་གཞི་འགོ་དཔོན་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལུ་ ཞལ་འཛོམས་ཐེངས་ ༣ པ་དེ་ ཚོགས་ཡོདཔ་ཨིན་པས།དེ་བསྒང་ མི་རྗེ་བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རྒྱལ་ཡོངས་ཀྱི་ ཕྱག་འགན་ཚུ་གི་གྲས་ལས་ དམིགས་བསལ་གྱིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་མདུན་བསྐྱོད་ལུ་ ཐུགས་ཞུམ་ནི་མེད་པའི་ བརྩོན་ཤུགས་བསྐྱེད་གནང་མིའི་སྐོར་ལས་ དྲན་གསལ་མཛད་ནུག།ཞལ་འཛོམས་དེ་ནང་ གྲལ་གཏོགས་འབད་མི་ཚུ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ རང་སོའི་འགན་ཁུར་ཚུ་ དད་དམ་གཙང་མའི་སྒོ་ལས་ ཕྱག་ཞུ་ནི་དང་ འགན་འཁྲི་དང་ གྲུབ་འབྲས་ཀྱི་ གནས་ཚད་ཚུ་ མཐོ་དྲགས་ཡོདཔ་ ངེས་གཏན་བཟོ་སྟེ་ རྒྱབ་སྐྱོར་ཕུལ་དགོ་ཟེར་ཨིན་པས།དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ཉིན་རེ་བཞིན་གྱི་ གཞུང་སྐྱོང་ནང་ མཉམ་འབྲེལ་དང་ བརྒྱུད་འབྲེལ་ དེ་ལས་ དུས་ཐོག་གི་བར་འཛུལ་ཚུ་ ཡར་དྲག་གཏང་ཐབས་ལུ་ ལྷན་ཁག་དང་ ལས་སྡེ་ག་ར་གིས་ ཉིན་བསྟར་དང་ ལོ་ངོ་བཞི་དཔྱའི་སྙན་ཞུ་ཚུ་ ཕུལ་དགོཔ་ཡང་ གལ་ཆེ་ཟེར་ གསུངས་ཡོད་པའི་གནས་ཚུལ།

Online now: 12 Today: 2687 Total visitors: 12717