ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་གིས་ འབྲུག་ལུ་ གཟིགས་སྐོར་གནང་ཡོདཔ། 

པདྨ་དབང་འདུས། འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌི་ཨེན་དུང་གེལ་གྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ཇའི་ཤང་ཀར་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༡༦ ལས་ ༡༨ ཚུན་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།  གཟིགས་སྐོར་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ རྒྱ་འབྲུག་གི་ ཕྱི་འབྲེལ་བློན་པོ་ ༢ ཀྱི་བར་ན་ རྒྱལ་རབས་ཅན་གྱི་ལུང་གཤོང་ བུམ་ཐང་ལུ་སྦེ་ གསུང་གྲོས་ཚུ་ཡང་གནང་ནུག། དེ་མ་ཚད་ ཕྱི་འབྲེལ་བློན་པོ་ ༢ ཀྱིས་ ཟུང་ཕྱོགས་མཉམ་འབྲེལ་དང་ མཐའ་དོན་གཅིག་པའི་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ད་ མི་དབང་མངའ་ཞབས་མཆོག་དང་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རེན་ད་ར་ མོ་དི་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ དམིགས་བསལ་གྱི་ རྒྱ་འབྲུག་མཉམ་འབྲེལ་སྣ་ཚོགས་ཀྱི་ ཡར་འཕེལ་དང་ བཙན་ཐབས་ལུ་ ངལ་རངས་ཡོད་ལུགས་ཚུ་ཡང་ བཤད་ཡོདཔ་ཨིན་པས།

Web Developer
National News

རྩིས་ལོ་ ༢༠༢༦-༢༧ གྱི་དོན་ལུ་ ལོ་བསྟར་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།  

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་དང་ དངུལ་རྩིས་བློན་པོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ཚུ་གིས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ བློན་པོ་དང་གཅིག་ཁར་ རྩིས་ལོ་ ༢༠༢༦-༢༧ གྱི་དོན་ལས་ ལོ་བསྟར་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ནུག། དེ་ཡང་ ལས་སྡེ་ཚུ་གིས་ རང་སོའི་ལོ་བསྟར་གྲུབ་འབྲས་ཆིངས་ཡིག་ནང་ བཀོད་དེ་ཡོད་པའི་ ལས་སྣ་ཚུ་གི་ གྲུབ་འབྲས་ཚུ་ བཏོན་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་དང་ མི་སྟོབས་ཀྱི་ རྒྱབ་སྐྱོར་ཚུ་གནང་ནི་གི་ ཁས་ལེན་དང་ ལས་སྡེ་ཚུ་གི་ཁ་ཐུག་ལས་ གྲུབ་འབྲས་ཚུ་ མཐར་འཁྱོལ་ཅན་སྦེ་ བཏོན་ཐབས་ལུ་ བརྩོན་ཤུགས་ཀྱི་ ཁས་ལེན་སྦེ་ཨིན་པས། རྩིས་ལོ་ ༢༠༢༦-༢༧ ལུ་ ལྷན་ཁག་དེ་གིས་ གྲུབ་འབྲས་ཀྱི་ བརྡ་སྟོན་གཙོ་བོ་ ༤༦ བརྒྱུད་དེ་ ཁྱད་ལཱ་ལས་ཁུངས་ ༦ གི་ནང་ ལོ་བསྟར་གྲུབ་འབྲས་ ༣༨ དེ་ཅིག་ བཏོན་ནི་གི་ ཁས་ལེན་འབད་ནུག།

National News

མི་རྗེ་བློན་ཆེན་མཆོག་གིས་ རྩིས་ལོ་ ༢༠༢༦-༢༧ གྱི་ ལོ་བསྟར་གྲུབ་འབྲས་ཆིངས་ཡིག་ཚུ་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ལྷན་ཁག་ ༦ དང་ རྫོང་ཁག་ ༡༩ ཁྲོམ་སྡེ་ ༣ གྱིས་ མི་རྗེ་བློན་ཆེན་མཆོག་དང་ དངུལ་རྩིས་བློན་པོ་ ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ཚུ་དང་གཅིག་ཁར་ རྩིས་ལོ་ ༢༠༢༦-༢༧ གྱི་དོན་ལུ་ ལོ་བསྟར་གྲུབ་འབྲས་ཆིངས་ཡིག་ཚུ་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། མི་རྗེ་བློན་ཆེན་གྱིས་ གོང་འཕེལ་གྱི་དོན་ལུ་ འཆར་གཞི་བརྩམ་ནི་དང་ བདེ་སྒྲིག་འབད་ནི་ཚུ་ གལ་ཆེཝ་ཨིན་རུང་ གྲུབ་འབྲས་བཏོན་ནི་དེ་ གོང་འཕེལ་ཚད་འཇལ་འབད་ནི་ལུ་ གལ་ཆེ་ཤོས་ཨིན་ཟེར་གསུངས་ནུག།

National News

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཞུང་དྲུང་ཆེན་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་ དྲུང་ཆེན་དང་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་ དྲུང་ཆེན་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག། དེ་ཡང་ མཐའ་ཡས་ལེན་ལུ་ འབྲུག་གི་གཞུང་ཚབ་སྦེ་ ཕྱག་ཞུ་མི་ ཀུན་བཟང་རྡོ་རྗེ་དེ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་ དྲུང་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས། སྒོ་ནོར་ལས་ཁུངས་ནང་ ཡོངས་ཁྱབ་མདོ་ཆེན་སྦེ་ ཕྱག་ཞུ་མི་ ཌོག་ཊར་བཀྲིས་དབྱངས་འཛོམས་རྡོ་རྗེ་དེ་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་ དྲུང་ཆེན་སྦེ་ བསྐོ་བཞག་གནང་ནུག།

National News

གཞུང་གྲྭ་ཚང་ནང་ ཡོད་ཏན་སྡེ་ཚན་གྱི་བླམ་དང་ བར་གཤོང་སློབ་གྲྭའི་དབུ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

རང་ཟླ་ ༨ པའི་ཚེས་ ༡ སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ཡོན་ཏན་སྡེ་ཚན་གྱི་བླམ་དང་ བར་གཤོང་སློབ་གྲྭའི་དབུ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས། དེ་ཡང་ དབང་འདུས་ཕོ་བྲང་ ཤར་ཀ་གཞི་ལས་ཨིན་མི་ རིག་འཛིན་རྡོ་རྗེ་དེ་ ཡོན་ཏན་སྡེ་ཚན་གྱི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༢ ལས་སྤུངས་ཐིམ་གཞུང་དགེ་འདུན་གྲྭ་ཚང་ལྟེ་བར་ སྒྲ་པའི་སྡེ་ཚན་ནང་ འཛུལ་ཞུགས་འབད་དེ་ ལོ་ངོ་ ༦ ལྷག་ཙམ་གྱི་རིང་ལུ་ དཀྱིལ་ཆོག་སློབ་སྦྱོང་གྱི་རིམ་པ་ཚུ་ མཐར་འཁྱོལ་བའི་ཤུལ་ལུ་ རྟ་ལོ་གསང་སྔགས་ཆོས་གླིང་བཤད་གྲྭ་ལས་ མཐར་མཁྱོལ་ནུག།

National News

དགེ་ལེགས་ཕུག་གི་ ཁྲོམ་གཞི་སྒྱུར་གྱི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ རྒྱ་པཱན་མཉམ་འབྲེལ།

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡོད་མི་ དགེ་ལེགས་ཕུག་ ཁྲོམ་གྱི་སྦུག་ན་ཡོད་མི་ ཁྲོམ་རྙིངམ་དེ་ གཞི་སྒྱུར་འབད་དོ་ཟེར་ཨིན་པས། ད་རེས་ ས་ཆ་མི་ཊར་ ༣༦,༠༠༠ གྲུ་བཞི་ནང་ཡོད་མི་ སྒྲིང་ཁྱིམ་ ༤༠ བསྐྱར་བསྐྲུན་ཐོག་ལས་ འབྲུག་གི་ཁྱད་ཆོས་ཅན་གྱི་ རང་བཞིན་མཐའ་འཁོར་དང་ མཐུན་སྒྲིག་ཐོག་ལས་ སྤྲོ་ཉམས་དང་ལྡན་པའི་ དཔལ་འབྱོར་གྱི་ ཁྲོམ་སྡེ་ལྟེ་བ་ཅིག་སྦེ་ མཐུད་སྦྲེལ་འབད་ནི་དང་ འབྲུག་པའི་ལམ་སྲོལ་ཅན་གྱི་ སྒྲིང་ཁྱིམ་ཚུ་ལུ་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ དེང་དུས་ཀྱི་ གནས་ཚད་ཁར་ འཐོབ་ནི་ཡོདཔ་ བཟོ་ནི་ཨིན་ཟེར་བཀོད་ནུག།

Web Developer
National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ངག་དབང་བསྟན་འཛིན་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམ་ཡོདཔ།

རང་ཟླ་ ༧ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཉིན་མའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ངག་དབང་བསྟན་འཛིན་མཆོག་ སྤ་རོ་འབྲང་རྒྱས་དགོན་པའི་ སྒྲུབ་ཁང་ནང་སྦེ་ དགོངས་པ་ཆོས་དབྱིངས་ལུ་ ཐིམ་ཡོདཔ་ད་ ད་རེས་ འོད་གསལ་གྱི་ ཐུགས་དམ་ངང་ལུ་ བཞུགས་ཏེ་ཡོདཔ་ཨིན་པས། དེ་ཚེ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་འདུན་འདུས་པ་རྒྱ་མཚོ་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མཆོད་མེ་སྟོང་མཆོད་ཕུལ་ཏེ་ བསྔོ་སྨོན་དང་ གསོལ་འདེབས་ཚུ་གནང་ནུག།

National News

རྩི་རང་གྲྭ་ཚང་གི་ བླམ་གནས་བརྟན་སྐུ་བགྲེས་ དགོངས་པ་རྫོགས་ཡོདཔ།

རང་ཟླ་ ༧ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ རྩི་རང་གི་ བླམ་གནས་བརྟན་སྐུ་བགྲེས་ ངག་དབང་དཔལ་བཟང་མཆོག་ དགུང་ལོ་ ༨༦ གི་ཐོག་ལུ་ བླམ་རང་གི་གཟིམ་ཅུང་ནང་སྦེ་ གཤགས་ཡོདཔ་ཨིན་པས།དེ་ཚེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ འཕགས་པའི་དགེ་འདུནམ་ཚུ་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མཆོད་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་ཚུ་གནང་ནུག།

National News

ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ ལོ་བསྟར་ལྷ་དབང་སྒྲུབ་ཆེན་གྱི་དོན་ལུ་ བུམ་བཀྲིས་བཀལ་གནང་ཡོད།

རང་ཟླ་ ༧ པའི་ཚེས་ ༢༣ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ ལོ་བསྟར་གྱི་ ལྷ་དབང་སྒྲུབ་ཆེན་དངོས་གཞི་ དབུ་འཛུགས་གནང་ནིའི་དོན་ལས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ སློབ་དཔོན་ལྷན་རྒྱས་ཚུ་དང་ འཕགས་པའི་དགེ་འདུནམ་ཚུ་གིས་ བྱིན་རླབས་ཀྱི་ཟེར་མངར་འཕྲོ་བའི་ གཏོར་རྫས་དང་ རྟེན་རྫས་རྩ་ཆེན་ཚུ་ དཀྱིལ་འཁོར་ཆེན་པོའི་དབྱིངས་ལུ་ གཟི་བརྗིད་དང་བཅས་པ་ བཞུགས་སུ་གསོལ་ཏེ་ བུམ་པ་བཀྲ་ཤིས་པའི་ གསུང་ཆོག་རྒྱས་པ་ གནང་ཡོདཔ་ཨིན་པས། དེ་ཡང་ རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་ཆེན་འདི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་སྲས་ འཇམ་དཔལ་རྡོ་རྗེའི་སྤྲུལ་སྐུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༡༠ ལུ་ གཞི་བཙུགས་གནང་ནུག། དེ་སྦེ་ གཞི་བཙུགས་གནང་དགོ་པའི་ རྒྱུ་མཚན་ཡང་ རྒྱལ་སྲས་རིན་པོ་ཆེ་མཆོག་ གདན་ས་ལྕགས་རི་ལུ་ དཔལ་ལྡན་ལྷ་མོའི་ བསྙེན་སྒྲུབ་གནང་སྟེ་ བཞུགས་པའི་སྐབས་ལུ་ […]

National News

རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གསརཔ་གིས་ ཁས་བླངས་དམ་བཅའ་ཕུལ་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བསྟན་པ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་སྦེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ གསང་བྱ་གཏན་འཁེལ་གྱི་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ཨིན་པས།ཁས་བླངས་དམ་བཅའ་དེ་ཡང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ནོར་བུ་ཚེ་རིང་གི་ སྐུ་མདུན་ལུ་སྦེ་ ཕུལ་ཡོདཔ་ད་ དེ་གི་ཤུལ་ལས་ ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ཡང་ ཚོགས་དཔོན་གྱི་ འགན་ཁུར་ཚུ་ ཚོགས་དཔོན་བསྟན་པ་རྡོ་རྗེ་ལུ་ རྩིས་འབུལ་ཞུ་ནུག།

Online now: 33 Today: 779 Total visitors: 3456