ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

འབྲུག་གི་བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༡ པའི་ནང་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ འབྲུག་གི་བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་གུ་ ངོ་སྤྲོད་གསལ་ཞུ་ ཕུལ་ཡོདཔ་ཨིན་པས།དེ་ཡང་ འབྲུག་གི་བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་འབད་དགོ་པའི་ རྒྱབ་ཁུངས་དང་ དམིགས་དོན་ རྩོམ་རིགས་ཐབས་བྱུས་དང་ ཤེས་རྟོགས་ དེ་ལས་ བརྡ་བརྒྱུད་ལས་ཁང་དང་ བརྡ་བརྒྱུདཔ་ཚུ་གི་ དཀའ་ངལ་དང་ གདོང་ལན་ གྲོས་འདེབས་ཚུ་འབདཝ་ད་ དོན་ཚན་ཁག་ ༡༠ དེ་ཅིག་ ཡོངས་སུ་རྫོགསཔ་སྦེ་ གསལ་ཞུ་ཕུལ་ནུག།དེ་གི་ཤུལ་ལས་ ཚོགས་གྲལ་འཐུས་མི་ཚུ་གིས་ བསམ་འཆར་དང་ དོགས་པ་ཚུ་ བཀོད་ཡོདཔ་བཞིན་དུ་ ཚོགས་ཆུང་གི་ འབྲེལ་ཡོད་འཐུས་མི་ཚུ་གིས་ དོགས་སེལ་དང་ ལན་གསལ་ཚུ་ ཞུ་ཡོདཔ་ཨིན་པས།དེ་མ་ཚད་ སྙན་ཞུའི་དོན་ཚན་དང་ གྲོས་འདེབས་རེ་རེ་བཞིན་དུ་ལུ་ གསུང་གྲོས་ཞིབ་ཞིབ་སྦེ་ གནང་པའི་ཤུལ་ལས་ གྲོས་འདེབས་ ༡ ནང་འཁོད་ཞལ་འཛོམས་ནང་ ལེགས་བཅོས་ཀྱི་དོན་ལུ་ གནང་ཡོད་རུང་ གྲོས་འདེབས་མང་ཤོས་ཅིག་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

National News

རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༨ པའི་ནང་ བདེ་ཆེན་རྩེ་མོ་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་གྲལ་གཏོགས།

སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༨ པའི་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མའི་གུ་ གསུང་གྲོས་གནང་སར་ སྤུ་ན་ཁ་ བདེ་ཆེན་རྩེ་མོ་ སློབ་གྲྭ་ལྟེ་བའི་ སློབ་དབུ་འཛིན་གྱི་གཙོས་པའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ནུག།དེ་ཡང་ སློབ་ཕྲུག་དང་ ལས་བྱེདཔ་ཚུ་གིས་ ཁྲིམས་བཟོའི་བྱ་རིམ་ཚུ་ དངོས་སུ་སྦེ་ མཐོང་ཚུགས་པའི་ གོ་སྐབས་བཟང་པོ་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་ཀྱི་ གལ་གནད་ཆེ་བའི་ གྲོས་ཐག་ཚུ་ ག་དེ་སྦེ་ གཅདཔ་ཨིན་ནའི་སྐོར་ལས་ཡང་ ཤེས་ཚུགསཔ་ཨིན་པས།ཚོགས་བཞུགས་དེ་ནང་ འཐུས་མི་ཚུ་གིས་ རྒྱལ་ཁབ་ལུ་ གལ་གནད་ཆེ་བའི་ ཁྲིམས་དོན་གཙོ་བོ་ཅིག་ཨིན་མི་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་དཔྱད་ཡིག་གུ་ གསུང་གྲོས་གནང་ནུག།སློབ་གྲྭ་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ སློབ་ཕྲུག་ཚུ་ལུ་ གཞུང་སྐྱོང་གི་སྐོར་ལས་ ཤེས་ཡོན་འཐོབ་ཐབས་ལུ་དང་ རྒྱལ་ཡོངས་ཀྱི་ གནད་དོན་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བྱིན་ནིའི་དོན་ལས་ཨིན་པས།རྒྱལ་ཁབ་ནང་ སློབ་གྲྭ་མང་ཤོས་ཅིག་གི་ སློབ་ཕྲུག་ཚུ་ལུ་ གཞུང་སྐྱོང་དང་ དམངས་གཙོའི་སྐོར་ལས་ སློབ་སྟོན་འབད་ནིའི་དོན་ལུ་ […]

National News

མི་རྗེ་བློན་ཆེན་གྱིས་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་དང་མཇལ་ཕྲད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ ཨོ་ནོ་ ཀི་ཅི་དང་ མཇལ་ཕྲད་མཛད་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་གྱིས་ འབྲུག་ལུ་ རྒྱབ་སྐྱོར་འཕྲོ་མཐུད་དང་ ལེགས་སྨོན་གནང་མི་ལུ་ རྒྱ་པཱན་གཞུང་གི་ བློན་ཆེན་དང་ མི་སེར་ཚུ་ལུ་ ངལ་རངས་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།རྒྱལ་ཁབ་ ༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་ སྒྲིང་སྒྲིང་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་དང་ རྒྱལ་ཁབ་ ༢ ཀྱི་ མི་སེར་དང་ མི་སེར་གྱི་བར་བན་ མཐུན་འབྲེལ་ཡར་དྲག་གཏང་ནིའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

མི་དབང་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ འབྲུག་གི་དོན་ལས་ རྒྱ་པཱན་གཞུང་ཚབ་ ཨོ་ནོ་ཀེའི་ཅི་གིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

རྒྱལ་ཡོངས་ཚོགས་འདུའི་ནང་ སྡེ་ཚན་ག་པའི་ བློན་པོ་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ སྡེ་ཚན་ག་པའི་ བློན་པོ་ཚུ་ལུ་ དྲི་བ་བསྡོམས་ ༧ ཕུལ་ཡོདཔ་ད་ དེ་ཡང་ ངག་ཐོག་གི་ དྲི་བ་ ༦ དང་ ཡིག་ཐོག་གི་དྲི་བ་ ༡ ཨིན་པས། དེ་ཡང་ དངུལ་རྩིས་བློན་པོ་ལུ་ དྲི་བ་ ༤ དང་ ནང་སྲིད་བློན་པོ་དང་ ཕྱི་འབྲེལ་བློན་པོ་ལུ་ དྲི་བ་རེ་རེ་ བཀོད་ཡོདཔ་ད་ ཡིག་ཐོག་གི་ དྲི་བ་ ༡ པོ་དེ་ ནང་སྲིད་བློན་པོ་ལུ་ཕུལ་ནུག། དངུལ་རྩིས་བློན་པོ་ལུ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ཁེ་ཕན་ དངུལ་ཀྲམ་ ༣༠,༠༠༠ ལས་ དངུལ་ཀྲམ་ ༡༥༠,༠༠༠ ལུ་ ཡར་སེང་འབད་ནི་གི་ ཁས་བླངས་དང་འབྲེལ་བའི་ ཞིབ་འཚོལ་གྱི་ གནས་སྟངས་དང་ རེ་བ་བསྐྱེད་པའི་དུས་ཚོད་ ཡང་ན་ གྲོས་ཐག་བཅད་ནིའི་སྐོར་ལས་ དུས་མཐུན་བཟོ་དགོ་པའི་ དྲི་བ་བཀོད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ […]

National News

ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་ཀྱི་ བར་མཚམས་སྙན་ཞུ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༣ པའི་ནང་ དམིགས་བསལ་ཤེས་རིག་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་རྫོང་ཁག་གི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ མདང་ཞག་ ཚོགས་ཐེངས་ ༣༣ པའི་ནང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་ཀྱི་ མཐའ་དཔྱད་སྙན་ཞུ་ཕུལ་ཡི།དེ་ཡང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༣ པ་ བརྩི་སྲུང་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་རིག་བསྐྱར་བཟོ་དང་ ལེགས་སྒྱུར་འབད་དགོ་པའི་ བཀའ་སློབ་དང་ སྤྱི་ལོ་ ༢༠༢༠ ལུ་ གསེར་ཁྲི་གུ་ལས་ བཀའ་ཤོག་ཡང་ གནང་ཡོད་མི་ལས་ སེམས་ཤུགས་ཐོབ་སྟེ་ བསྐྱར་ཞིབ་འབད་དགོ་པའི་ རྒྱབ་ཁུངས་དང་ དམིགས་དོན་ ཞིབ་འཇུག་གི་ཐབས་ལམ་ ག་བསྡུར་གྱི་ ཞིབ་འཇུག་དང་ ཞིབ་རྟོག་དང་ ཤེས་རྟོགས་ དེ་ལས་ གྲོས་འདེབས་དང་བཅསཔ་སྦེ་ དོན་ཚན་ཁག་ ༧ དེ་ཅིག་གུ་ སྙན་ཞུ་ཡོངས་རྫོགས་སྦེ་ ཕུལ་ཡོདཔ་ཨིན་པས།དེ་ལས་ ཚོགས་ཆུང་གིས་ སྙན་ཞུ་ཕུལ་མི་གུ་ འཐུས་མི་ ༧ […]

National News

རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་མཆོག་ལུ་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་མཆོག་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་ བཀྲ་ཤིས་ཀྱིས་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ གཞུང་འབྲེལ་དུ་ཕུལ་ནུག།སྙན་ཞུ་དེ་ནང་ ལྷན་ཁག་དང་ ལས་ཁུངས་ ལས་སྡེ་ཚུ་ནང་ གཞུང་གི་ཟད་འགྲོ་དང་ དངུལ་འབྲེལ་འཛིན་སྐྱོང་ མི་མང་ལས་སྡེའི་ འགན་འཁྲི་ཚུ་གི་སྐོར་ལས་ ཤེས་རྟོགས་གཙོ་བོ་ཚུ་ གསལ་བཀོད་འབད་དེ་ཡོདཔ་ད་ དྭངས་གསལ་དང་ འགན་འཁྲི་ མི་མང་ཐོན་སྐྱེད་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ལུ་དམིགས་ཏེ་ གལ་ཆེ་བའི་ བལྟ་རྟོག་དང་ གྲོས་འཆར་ཚུ་ཡང་ གསལ་སྟོན་འབད་ཡོདཔ་ཨིན་པས།ཞལ་འཛོམས་སྐབས་ལུ་ ཁྲི་འཛིན་དང་ རྩིས་ཞིབ་ཡོངས་ཁྱབ་ ༢ ཀྱི་བར་ན་ རྩིས་ཞིབ་ཀྱི་ གྲུབ་འབྲས་དེ་གིས་ སྲིད་བྱུས་བཟོ་ནི་དང་ གཞུང་སྐྱོང་ནང་ ཕན་གནོད་ཚུ་གུ་ གསུང་གྲོས་གཏིང་ཟབ་སྦེ་ གནང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ མི་མང་དངུལ་འབྲེལ་འཛིན་སྐྱོང་ སྒྲིང་སྒྲིང་བཟོ་ནི་དང་ གཙུག་སྡེའི་འགན་འཁྲི་ ཡར་དྲག་གཏང་ཐབས་ལུ་ ལམ་ལུགས་ཀྱི་ གནད་དོན་ཚུ་སེལ་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་བསྒང་ ཚོགས་སྡེའི་ཁྲི་འཛིན་གྱིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཁ་ཐུག་ལས་ […]

National News

རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ སྡེ་ཚན་ཁ་པའི་ ལྷན་ཁག་ཚུ་ལུ་ དྲི་བཀོད་ལས་རིམ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ སྡེ་ཚན་ཁ་པའི་ བློན་པོ་ཚུ་ལུ་ དྲི་བཀོད་ལས་རིམ་ནང་ དྲི་བ་བསྡོམས་ ༥ གི་གྲས་ལས་ སོ་ནམ་དང་ སྒོ་ནོར་བློན་པོ་ལུ་ དྲི་བ་ ༣ དང་ གསོ་བའི་བློན་པོ་ལུ་ དྲི་བ་ ༢ ཞུ་ནུག།དེ་ཡང་ རྩི་རང་ལུ་ སོ་ནམ་གྱི་ ཅ་ཆས་ཚུ་ལུ་ རིན་དངུལ་ཕབ་ཆག་གི་ གྲོགས་རམ་དང་ བསིལ་མཛོད་ཁང་མེད་མི་ དེ་ལས་ ལ་གོང་གསུམ་གྱི་ མི་སེར་ཚུ་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་ སྡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ སྒེར་གྱི་སྨན་བཅོས་ཞབས་ཏོག་ལུ་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་མི་ དེ་ལས་ ངང་ལམ་སྨན་ཁང་ བཟོ་སྐྲུན་གྱི་ དུས་ཚོད་ཕར་འགྱངས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ དྲི་བ་ཞུ་ཡོདཔ་ཨིན་པས།སྤ་རོ་རྫོང་ཁག་ ལམ་གོང་ཝང་ཅང་འཐུས་མི་གིས་ སྤ་རོ་ལུ་ འབྱ་བརྔ་ནི་གི་ འཕྲུལ་ཆས་རྙིངམ་ཐལ་ཏེ་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལཝ་ལས་ འབྱ་བསྡུ་ནིའི་དུས་ཚོད་ འཕྱིས་དོ་ཡོད་ལུགས་དང་ རྒྱ་པཱན་ལས་ འཕྲུལ་ཆས་གསརཔ་ཚུ་ ལྷོད་ནི་དེ་ཡང་ དུས་ཚོད་འཕྱིས་མི་ལུ་ གཞིར་བཞག་སྟེ་ སོ་ནམ་པ་ཚུ་ལུ་ […]

National News

རྒྱ་གར་ཊ་ཊ་གློག་མེ་ལས་སྡེ་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ ༢ ཀྱིས་ གློག་ཤུགས་མེ་ག་ཝཱཊ་ ༥,༠༠༠ གོང་འཕེལ།

ལུང་ཕྱོགས་ནང་ ནུས་ཤུགས་ཀྱི་ ཉེན་སྲུང་བཙན་ཐབས་ལུ་དང་ གཙང་དག་ནུས་ཤུགས་ཀྱི་ གཞི་སྒྱུར་ལུ་ རྒྱབ་སྐྱོར་གྱི་དོན་ལས་ རྒྱ་གར་གྱི་ གཅིག་སྒྲིལ་གློག་མེ་ལས་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཊ་ཊ་གློག་མེ་ལས་སྡེ་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ ༢ ཀྱིས་ ཐབས་བྱུས་ཅན་གྱི་ མཉམ་རུབ་ཐོག་ལས་ འབྲུག་ལུ་ གཙང་དག་གློག་ཤུགས་ མེ་ག་ཝཱཊ་ ༥,༠༠༠ དེ་ཅིག་ གོང་འཕེལ་གཏང་ནི་ཨིན་པས།དེ་ཡང་ གློག་ཤུགས་ཉེན་སྲུང་དང་ ལུང་ཕྱོགས་ནང་ གཅིག་སྒྲིལ་གྱི་དོན་ལུ་ སྤྱི་ལོ་ ༢༠༤༠ འཐོནམ་ད་ སྤྱིར་བཏང་ལུ་ གློག་ཤུགས་ཀྱི་ལྕོགས་གྲུབ་ མེ་ག་ཝཊི་ ༢༥,༠༠༠ གུ་ བཀལ་ནི་གི་ འཆར་སྣང་དང་འཁྲིལ་ཏེ་ཨིན་ཟེར་ མཉམ་འབྲེལ་གྱི་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག།འབྲུག་གཞུང་གི་ཁ་ཐུག་ལས་ དམིགས་གཏད་དེ་ ལམ་སྲོལ་ཅན་གྱི་ ཆུར་བརྟེན་ནུས་ཤུགས་རྐྱངམ་གཅིག་མིན་པར་ ཉིན་དྲོད་གློག་མེ་དང་ ས་འོག་དྲོད་ཤུགས་ཚུ་ གློག་ཤུགས་ཀྱི་དོན་ལས་ གོང་འཕེལ་གཏང་ནི་དང་ ལས་འགུལ་སྒྲིག་བཀོད་ཚུ་ ཐབས་བྱུས་ཅན་གྱི་ མཉམ་རུབ་ཀྱི་ གནས་རིམ་ལུ་ བསྐྱར་བཀོད་འབད་དེ་ འགྲུབ་ནི་གི་ འཆར་གཞི་ཨིན་པས།ད་རེས་ མཉམ་རུབ་ཀྱི་ལཱ་དེ་ ཨེ་ཤི་ཡའི་ལུང་ཕྱོགས་ནང་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ ༢ […]

National News

སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པའི་ནང་ གསུང་གྲོས་གནང་ནི་གི་གྲོས་གཞི།

སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པ་འདི་ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ཚུན་ འཚོགས་གནང་ནི་ཨིནམ་བཞིན་དུ་ ཚོགས་བཞུགས་དེ་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།དེ་ཡང་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དང་། འབྲུག་གི་ནོར་ཁྲལ་དགོངས་དཔྱད་ཡིག་ ༢༠༢༤ ཅན་མ། འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།དེ་བཟུམ་སྦེ་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ གཤམ་གསལ་གྱི་ གྲོས་ཆོད་ཚུ་ དང་ལེན་གྱི་ སྙན་ཞུ་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་མི་དེ་ཡང་ བློན་ཆེན་གྱིས་ ཞི་གཡོགཔ་ཚུ་གི་ དབྱེ་ཞིབ་བརྟག་དཔྱད་རིམ་ལུགས་ (Max System) འདི་ བསྐྱར་ཞིབ་འབད་དེ་ […]

Online now: 6 Today: 2825 Total visitors: 12855