སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ཚུན་ ཚོགས་གནང་མི་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པའི་ ཚོགས་བཞུགས་ནང་ དཔྱད་ཡིག་དང་ འཕྲི་སྣོན་དཔྱད་ཡིག་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་དང་ ཕྱིར་བཏོན་ཚུ་མཛད་ནུག།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་དེ་ ཆ་འཇོག་གྲུབ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཀའ་གྲོལ་གནང་བའི་དོན་ལུ་ ཕུལ་ནི་སྦེ་ཡོད་ཟེར་ཨིན་པས།
འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དེ་ འབྲུག་གི་གཅིག་སྒྲིལ་ཁྲལ་གྱི་ལམ་ལུགས་ལུ་ གདོང་ལན་བྱུང་མི་དང་ གཞུང་གིས་ དཔལ་འབྱོར་བསྐྱར་གསོའི་ནང་ གཙོ་རིམ་བཟུང་ནིའི་དོན་ལུ་ གཙོ་བོར་གཏོན་དོ་ཡོདཔ་ལས་ ད་རེས་ ཁྲལ་གྱི་རིམ་ལུགས་ཆ་ཚང་ གྲ་སྒྲིག་མ་འགྱོ་མི་ལུ་བརྟེན་ཏེ་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུའི་ བྱ་སྒོའི་རིམ་པ་ནང་ལས་ ཕྱིར་བཏོན་མཛད་ནུག།
དེ་མ་ཚད་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དང་ རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༣ ཅན་མ་ཡང་ ཚོགས་ཁང་ ༢ ཀྱི་བར་ན་ དོན་ཚན་དག་པ་ཅིག་གུ་ གོ་དོན་ལེན་ནིའི་ནང་ དཀའ་ངལ་ཐོན་ཡོདཔ་ལས་ ཚོགས་ཐེངས་ཤུལ་མའི་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ ཆ་འཇོག་མཛད་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཀའ་འགྲོལ་ཞུ་ནི་ཨིན་པས།
དེ་ལས་ འབྲུག་གི་སྤྱི་ཚོགས་ཀྱི་ ཐོབ་ཐངས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མའི་གུ་ གསུང་གྲོས་གནང་པའི་སྐབས་ལུ་ དཔྱད་ཡིག་དེ་དང་འབྲེལ་བའི་ གྲོས་བསྟུན་དང་ ཞིབ་འཚོལ་ཧེང་སྐལ་འབད་དགོཔ་སྦེ་ བཀོད་མི་ལུ་བརྟེན་ཏེ་ ཚོགས་ཐེངས་ཤུལ་མའི་ནང་ གསུང་གྲོས་གནང་ནི་སྦེ་ ཆ་འཇོག་མཛད་ནུག།
འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མའི་གུ་ གསུང་གྲོས་གནང་དགོ་མི་དེ་ཡང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་ གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་ འབྲུག་གི་དངུལ་ཕོགས་ བསྐྱར་བཟོའི་བཅའ་ཁྲིམས་ ༢༠༢༣ ཅན་མ་ ༢ ཀྱི་ནང་ དོན་ཚན་གཉིས་ལྡབ་སྦེ་ ཚུད་ཡོད་མི་དང་ གཞན་མཁོ་གལ་ཆེ་བའི་ གནད་དོན་མ་མཐུན་མི་ཚུ་ མཐུན་སྒྲིག་བཟོ་ཐབས་ལུ་ དམིགས་ཏེ་ཨིན་པས།
ཁྲིམས་ལུགས་དེ་ཚུ་གིས་ འབྲུག་གི་སྤྱི་ཚོགས་གཞི་བཀོད་ཀྱི་ དྭངས་གསལ་དང་ ཕན་ནུས་ཅན་ལུ་ ཐོ་ཕོག་ཡོདཔ་ད་ གྲོས་འབུལ་ཕུལ་མི་ དཔྱད་ཡིག་དེ་གིས་ དེ་བཟུམ་མའི་ བྱ་སྟབས་མ་བདེཝ་དང་ དཀའ་ངལ་ཚུ་སེལ་ཏེ་ ཁྲིམས་བཟོའི་བྱ་རིམ་ཚུ་ནང་ གཅིག་མཐུན་དང་ ཆིག་སྒྲིལ་ཚུ་ བརྟན་ཏོག་ཏོ་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་རུང་ གྲོས་བསྟུན་དང་ ཞིབ་འཚོལ་ བསྐྱར་ཞིབ་ཚུ་ ཧེང་སྐལ་ར་འབད་དགོཔ་ལས་ ཕར་འགྱངས་མཛད་ནུག།
དྲི་བཀོད་མཛད་རིམ།
དྲི་བཀོད་མཛད་རིམ་དེ་ བྱ་སྒོའི་རིམ་པ་དང་འཁྲིལ་ཏེ་ བལྟ་རྟོག་དང་ ནན་ཞིབ་ཀྱི་ ཆ་ཤས་ཅིག་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དྲི་བཀོད་སྐབས་ལུ་ དཔལ་འབྱོར་དང་ མི་སྡེ་ སྲིད་བྱུས་ དེ་ལས་ གོང་འཕེལ་དང་འབྲེལ་བའི་ གནད་དོན་མ་འདྲཝ་ཚུ་གི་ དྲི་བ་བསྡོམས་ ༣༨ བཀོད་མིའི་གྲས་ལས་ ངག་ཐོག་དྲིས་ལན་གྱི་དོན་ལུ་ དྲི་བ་ ༢༩ དང་ ཡིག་ཐོག་གི་དོན་ལུ་ དྲི་བ་ ༩ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་དང་ འཐུས་མི་ཚུ་གིས་ཡང་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ དགོས་མཁོ་ཅན་གྱི་ བྱ་སྤྱོད་ཀྱི་དོན་ལུ་ གྲོས་དོན་ ༤ དང་ གྲོས་འདེབས་ ༤ ཕུལ་མི་ཚུ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནུག།
གྲོས་དོན།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ བཅའ་ཁྲིམས་བཞེངས་དགོཔ་དང་། འབྲུག་གི་དངུལ་ཕོགས་ སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མར་ (འཕྲི་སྣོན་) མཛད་དགོཔ། རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༣ ཅན་མར་ (འཕྲི་སྣོན་) མཛད་དགོཔ། མཁོ་སྒྲུབ་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ (འཕྲི་སྣོན་) མཛད་དགོཔ་ཨིན་པས།
གྲོས་འདེབས།
དཔལ་འབྱོར་ལྷན་ཐབས་འཆར་གཞི་དང་། སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་དེ་ སྔར་ག་ཨིནམ་སྦེ་ སྒྲིག་སྒྲིང་བཟོ་དགོཔ། འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ བྱ་ངན་སྔོན་འགོག་དང་ མར་ཕབ་འབད་ནི། འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་གང་མང་ ལེན་དགོཔ་ཚུ་ཨིན་ཟེར་བཀོད་ནུག།
དང་ལེན་སྙན་ཞུ།
ཚོགས་ཐེངས་དང་པའི་ གྲོས་ཆོད་ཚུ་ལུ་ དང་ལེན་སྙན་ཞུ་ ཕུལ་དགོ་མི་ཚུ་ཡང་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ ལོ་ཐོག་དང་ སྒོ་ནོར་རྒུད་འཐུས་ཀྱི་ བློ་གཏད་མ་དངུལ་ གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་ཆོད་བསྟུན་ཏེ་ དང་ལེན་འབད་ཡོད་པའི་ སྙན་ཞུ་དང་།
གསོ་བའི་བློན་པོ་གིས་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནིའི་དོན་ལུ་ གྲོས་ཆོད་དང་འཁྲིབ་བའི་ དང་ལེན་སྙན་ཞུ།
ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གིས་ སོ་ནམ་ཞིང་ལམ་ཚུ་ནང་ གློག་ཐག་དང་ གློག་མེའི་ཀཝ་ཚུ་ འགྱེལ་མི་ལུ་བརྟེན་ཏེ་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ སེལ་ནིའི་དོན་ལས་ ཚོགས་ཁང་གིས་ གྲོས་ཆོད་གནང་མི་དང་འཁྲིལ་ཏེ་ བསྟར་སྤྱོད་འབད་ཡོད་པའི་ སྙན་ཞུ་ཚུ་ ཕུལ་དགོཔ་ཨིན་པས།
དེ་ལས་ མི་རྗེ་བློན་ཆེན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་དབྱེ་ཞིབ་ བརྟག་དཔྱད་རིམ་ལུགས་ བསྐྱར་ཞིབ་འབད་ནི་དང་ བཙན་ཤེད་ཀྱི་ གནས་རིམ་ལམ་ལུགས་དེ་ རྩ་མེད་གཏང་ནིའི་དོན་ལུ་ ཚོགས་ཁང་ལས་ གྲོས་ཆོད་གནང་མི་དང་འཁྲིལ་ཏེ་ སྙན་ཞུ་ཕུལ་དགོ་ཟེར་བཀོད་ནུག།
དེ་མ་ཚད་ དངུལ་རྩིས་བློན་པོ་གིས་ ད་རེས་ གཙོ་རིམ་གོང་འཕེལ་མ་དངུལསྦེ་ གྲོས་འཆར་བཀོད་མི་ འདེམས་ཁོངས་གོང་འཕེལ་གནང་བྱིན་ ལོག་འགོ་བཙུགས་དགོ་པའི་ གྲོས་འདེབས་བསྐྱར་ཞིབ་ཀྱི་ སྙན་ཞུ་དེ་ཡང་ གྲོས་འདེབས་ཐོག་ལུ་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།
སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ ཚོགས་ཐེངས་ ༢ པའི་ནང་ དཔྱད་ཡིག་ཚུ་ཆ་འཇོག།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]