ArchiveAboutContact
National News

མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་གནང་ཡོདཔ།

· 1 min read

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་ རིམ་པ་བཞིན་དུ་གནང་ཡི།
དེ་ཡང་ མི་འབད་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལས་སྐྱིད་དབང་ཕྱུག་ལུ་ འབྲུག་པའི་ལམ་སྲོལ་དང་ བཟོ་བཀོད་ཚུ་ ཉམས་སྲུང་འབད་བའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཚེ་འདས་ལས་སྐྱིད་དབང་ཕྱུག་གིས་ ལོ་ངོ་ ༢༩ གི་རིང་ལུ་ ཞི་གཡོག་ནང་ བརྩོན་ཤུགས་ཅན་བསྐྱེད་དེ་ ཕྱག་ཞུ་བའི་སྐབས་ལུ་ འབྲུག་རང་ལུགས་ཀྱི་ བཟོ་བཀོད་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
ཁོ་གིས་ སྤ་རོ་དུང་དཀར་རྫོང་ གསར་བཞེངས་ཀྱི་ ལཱ་ཚུ་ལུ་ ལྟ་རྟོག་འབད་དེ་ རང་ལུགས་བཟོ་བཀོད་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ བདེ་ཆེན་ཕུག་ ལྷ་ཁང་དང་ དབང་འདུས་ཕོ་བྲང་རྫོང་ ཉམས་སྲུང་འབད་ནི་ལུ་ཡང་ རྒྱ་ཆེ་བའི་ ཕན་འདེབས་འབད་ཡོདཔ་ད་ གསེར་གྱི་རྟགས་མ་དེ་ ཁོ་གི་ཚབ་ལུ་ གནས་ཚང་ལྷ་མོ་དབྱངས་ཅན་གྱིས་ཞུ་ཡི།
རྒྱལ་ཁབ་ནང་ སྙིང་ནད་མཁས་མཆོག་ འགོ་དང་པ་ཨིན་མི་ ཌོག་ཊར་མ་ཧེཤ་ གུ་རུང་གིས་ འབྲུག་པའི་གསོ་རིག་ལམ་ལུགས་ནང་ ཕན་འདེབས་སྦོམ་འབད་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཌོག་ཊར་གུ་རུང་གིས་ འབྲུག་ལུ་ གོང་འཕེལ་ཅན་གྱི་ བྱ་རིམ་ཚུ་ འགོ་བཙུགས་ཐོག་ལས་ དོན་ཧིང་གི་ ནདཔ་ལེ་ཤ་ཅིག་ སྨན་བཅོས་འབད་དེ་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ འབྲུག་མི་ཚུ་གི་གྲས་ལས་ མོ་འཱུནཊ་ཨེ་ཝ་རེཛ་ཟེར་མི་ གངས་རི་གུ་ འཛེགས་ཡོད་པའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ལས་ སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ཨིན་མི་ མོ་འཱུནཊ་ཨེ་ཝ་རེཛ་གི་ གངས་རིའི་སྤྱི་ཏོག་ཁར་ ལྷོད་ཡོདཔ་ཨིན་པས།
དམག་སྲིད་སི་སི་ ཆེད་ཏི་རི་གིས་ ཁྲིམས་བསྟར་སྤྱོད་དང་ རྐྱེན་ངན་འཛིན་སྐྱོང་ དེ་ལས་ འཛམ་གླིང་ཞི་བདེའི་ ཞབས་ཏོག་ཚུ་ལུ་ མིག་དཔེ་བཟང་པོ་སྟོན་པའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
དམག་སྲིད་སི་སིར་ ཆེད་ཏི་རི་གིས་ ལོ་ངོ་ ༢༤ ལྷགཔ་ཅིག་གི་རིང་ལུ་ འགོ་ཁྲིད་པའི་ འགན་ཁུར་འབག་སྟེ་ འབྲུག་ལུ་ གལ་གནད་ཆེ་བའི་ མི་སྡེ་ཉེན་སྲུང་དང་ ལག་ལེན་འཇོན་ཐངས་ཚུ་ ཡར་དྲགས་བཏང་ནུག།
བཀྲིས་དཔལ་འབྱོར་གྱིས་ འབྲུག་ལུ་ ཁྲོམ་ཚོགས་འཆར་གཞི་དང་ གཞི་རྟེན་གོང་འཕེལ་གཏང་ནི་ལུ་ དྲག་ཤོས་ཅིག་སྦེ་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
མི་སྡེ་གཞིས་ཆགས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ དགེ་ལེ་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཐིམ་ཕུ་བཟོ་བཀོད་འཆར་གཞི་ཚུ་རྩིས་ཏེ་ ལས་འགུལ་ལེ་ཤ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བླམ་སྐལ་བཟང་གིས་ རྒྱལ་འཛིན་བཀའ་འགྱུར་ལས་འགུལ་ནང་ ཕན་འདེབས་སྦོམ་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
རྒྱལ་འཛིན་བཀའ་འགྱུར་ལས་འགུལ་གྱི་ འགོ་འཛིན་ཨིན་མི་ བླམ་སྐལ་བཟང་གིས་ ལྟ་རྟོག་འབད་དེ་ ག་ནི་བ་ རྩ་ཆེ་བའི་ རྒྱལ་བའི་བཀའ་འགྱུར་ཆེན་མོ་ གསེར་བྲིས་མ་ པོ་ཏི་ ༡༡༡ མཇུག་བསྡུ་ཡོདཔ་ད་ དེ་ཡང་ མི་དབང་རྒྱལ་སྲས་མཆོག་དང་ རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ གསར་བཞེངས་གནང་ནུག།
ཨ་ཏུལ་བ་གཱེ་གིས་ མོན་ཊིལ་མགྲོན་སྐྱོང་དང་འཁྲིལ་ཏེ་ འབྲུག་གི་མཐའ་འཁོར་གཞུང་སྐྱོང་ནང་ གལ་ཆེ་བའི་ འགན་ཁུར་འབག་པའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཁོ་གིས་ འབྲུག་གི་གནམ་གཤིས་སྲིད་བྱུས་དང་ རིག་རྩལ་གོང་འཕེལ་ལས་རིམ་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱགས་སྙིགས་ཀླད་ཀོར་གྱི་ དགོངས་དོན་དང་འཁྲིལ་ཏེ་ ཕྱགས་སྙིགས་འཛིན་སྐྱོང་གི་ ཐབས་བྱུས་ཚུ་ སྒྲིང་སྒྲིང་བཟོ་ཡོདཔ་ཨིན་པས།
མཐའ་ཡས་ལེན་ལུ་ འབྲུག་གི་གདོན་གཅོད་སྐུ་ཚབ་བགྲེསཔ་ ཧེན་རི་ཧོ་གིས་ འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ མཐུན་ལམ་དང་ ལམ་སྲོལ་གྱི་ དོན་གཅོད་མཐུན་ལམ་ཚུ་ སྒྲིང་སྒྲིང་བཟོ་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
རྒྱ་པཱན་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་ ཌོག་ཊར་རོའི་ཅི་ ན་ག་ཏ་གིས་ སྤྱི་ལོ་ ༢༠༠༨ ལས་ ལོ་ངོ་ ༡༠ གི་རིང་ལུ་ ཤེས་ཡོན་ལས་རིམ་དང་ ཆེ་མཐོའི་བལྟ་སྐོར་ དེ་ལས་ སོ་ནམ་དང་ སྒོ་ནོར་སྨན་བཅོས་ལུ་ རྒྱབ་སྐྱོར་འབད་དེ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མཐུན་ལམ་ཚུ་ ཡར་དྲགས་བཏང་ཡོད་པའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཨབ་བཱཛ་ ཨི་སུ་ཕ་ལི་གིས་ ལོ་ངོ་ ༢༢ ལྷགཔ་ཅིག་ ཤྲཱི་ལངྐ་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་སྦེ་ ཕྱག་ཞུ་སྟེ་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ གྲོགས་རམ་འབད་བའི་ཁར་ ཀོ་ཝིཌ་-༡༩ གི་སྐབས་ལུ་ཡང་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཀོར་ནེ་ལིཛ་ཀ་ལེན་གྱིས་ ལོ་ངོ་ ༡༦ ལྷགཔ་ཅིག་ ནེ་དར་ལེན་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་སྦེ་ ཕྱག་ཞུ་བའི་རིང་ལུ་ འབྲུག་དང་ ནེ་དར་ལེན་གྱི་བར་ན་ མཐུན་ལམ་སྒྲིང་སྒྲིང་བཟོ་བའི་ཁར་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་དེ་ གཙུག་སྡེ་ཚུ་གི་བར་ན་ མཉམ་འབྲེལ་གང་དྲག་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
སི་པེན་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་ ཨི་ཡན་པེ་ཊིག་ ཊི་རི་ཡེ་གིས་ ལོ་ངོ་ ༢༠ ལྷགཔ་ཅིག་གི་རིང་ལུ་ འབྲུག་རྒྱལ་ཁབ་འདི་ འགྲེམ་སྟོན་ཐོག་ལས་ དར་ཁྱབ་དང་ ཤེས་རིག་གི་ གོ་སྐབས་ཡར་དྲགས་ དེ་ལས་ སི་པེན་རྒྱལ་ཁབ་ནང་ འབྲུག་མི་ཚུ་ལུ་ རྒྱབ་སྐྱོར་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཧན་ཡུང་ཀིམ་གྱིས་ ལོ་ངོ་ ༢༤ དེ་ཅིག་ ཀོ་རི་ཡ་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་སྦེ་ ཕྱག་ཞུ་ཐོག་ལས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་དང་ ལས་རིམ་ཚུ་གི་ཐོག་ལས་ འབྲུག་དང་ ཀོ་རི་ཡའི་བར་ན་ མཐུན་ལམ་ཡར་དྲགས་བཏང་པའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།
ཌོག་ཊར་བདེ་ཆེན་དབང་མོ་གིས་ ཇ་ན་རཱལ་ སཱར་ཇཱོན་ ཀོ་ཊེ་ལ་ཝ་ལ་ སྲུང་སྐྱོབ་གཙུག་ལག་སློབ་སྡེའི་ནང་ འགྲན་ཟླ་མེད་པའི་ ཤེས་ཡོན་གྱི་ གྲུབ་འབྲས་ཐོན་ཡོད་པའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
མོ་གིས་ གསོ་བ་རིག་པའི་ནང་ ཁྱད་དུ་འཕགས་པའི་ གྲུབ་འབྲས་ལེ་ཤ་ཅིག་ གསལ་སྟོན་འབད་ཡོདཔ་ལས་ གཙུག་ལག་སློབ་སྡེ་དེ་ནང་ལས་ཡང་ གསེར་གྱི་རྟགས་མ་ ༩ ཐོབ་ཡོདཔ་ཨིན་པས།
ཀརྨ་འཇིགས་མེད་ཀྱིས་ ཚོང་ལས་དང་ ཉམས་སྲུང་ དེ་ལས་ འབྲུག་གི་རྐང་རིལ་ གོང་འཕེལ་གཏང་ནིའི་དོན་ལས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
ཆོས་དབྱིངས་རྒྱ་མཚོ་གིས་ འབྲུག་པའི་སྙན་ཆ་དང་ ལམ་སྲོལ་ཚུ་ བསྒྱུར་བཅོས་འབག་འོང་པའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
ཁོ་གིས་ དེང་སང་གི་ བཟོ་སྐྲུན་ཐོག་ལུ་ ས་གནས་ཀྱི་ རིག་རྩལ་ཚུ་ ཡར་དྲགས་བཏང་སྟེ་ འབྲུག་གི་སྙན་ཆའི་བཟོ་གྲྭ་ནང་ བརྗེད་མ་ཚུགས་པའི་ རྟགས་མཚན་སྟོན་ཡོདཔ་ཨིན་པས།
བཀྲིས་ལྷུན་གྲུབ་ཀྱིས་ ཐབས་ཤེས་གསར་བཏོད་ཐོག་ལས་ འབྲུག་པའི་ལྡེབས་རིས་ཉམས་སྲུང་དང་ གནས་བྱིན་ཅན་ཚུ་ བསྐྱར་གསོ་འབད་བའི་ ངོས་འཛིན་ལུ་ མི་དབངཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
ཅཱར་མི་ཆེ་ཌ་དེ་ འཁྲབ་སྲུང་བྲིས་མི་དང་ ལེའུ་བཟོ་མི་ དེ་ལས་ གསར་གཏོད་མདོ་ཆེན་ཅིག་ཨིནམ་ལས་ འབྲུག་པའི་ཞབས་ཁྲ་དང་ ལམ་སྲོལ་གནས་སྟངས་ལུ་ ཕན་འདེབས་འབད་བའི་ངོས་འཛིན་ལུ་ མི་དབངཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
རྣམ་རྒྱལ་དབང་ཕྱུག་གིས་ ཕྱགས་སྙིགས་འཛིན་སྐྱོང་དང་ རང་བཞིན་གནས་སྟངས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ཆོས་དབྱིངས་རྒྱ་མཚོ་ལུ་ འབྲུག་པའི་སྙན་ཆ་དང་ ལམ་སྲོལ་ལུ་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་ མི་དབང་མཆོག་གི་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡི།
ཨྱོན་དི་པག་གིས་ སྐྱ་བཏོག་ནིའི་ རིག་རྩལ་སྦྱོང་བརྡར་ནང་ བདེ་སྲུངཔ་ཚུ་ལུ་ སློབ་སྟོན་ཚུ་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་ལས་ རྒྱལ་ཡོངས་གཟེངས་བསྟོད་ དངུལ་གྱི་རྟགས་མ་གནང་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 6 Today: 4223 Total visitors: 6900