ArchiveAboutContact

Archive

Browse by month

11260 stories

World News

ར་ཤི་ཡ་དམག་སྡེའི་ དོ་སྐྱེལ་འདྲེན་གནམ་གྲུ་ཅིག་ལུ་ཐུག་རྐྱེན།

རེའུ་ཊརཛ།སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ ར་ཤི་ཡ་དམག་སྡེའི་ དོ་སྐྱེལ་གནམ་གྲུ་ཅིག་ གནམ་ཐང་ནང་ ཆགས་ནི་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ འཕྲུལ་ཨམ་གུ་ལས་ མེ་འབར་བའི་སྟབས་ཀྱིས་ གནམ་གྲུ་དེ་ནང་ འགྲུལ་པ་ ༩ ཡོད་ས་ལས་ འགྲུལ་པ་ ༤ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ར་ཤི་ཡའི་ ནུབ་ཕྱོགས་ཁྲོམ་སྡེ་ རེ་ཟེན་ཟེར་སར་ བྱུང་ཡོདཔ་ད་ ཐུག་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ ལམ་འགྲུལཔ་ ༥ པོ་དེ་ སྨན་ཁང་ནང་ བསྐྱལ་ཡི་ཟེར་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།དེ་སྦེ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་ ལས་སྡེ་ག་གིས་ ག་ཅི་འབད་བར་ བཏང་བཏངམ་ཨིན་ན་ ཧིང་སང་སང་ཅིག་སྦེ་ ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་དང་ མཱོལ་ཌོ་ཝ་ རྒྱལ་ཁབ་ ༢ ཡུ་རོབ་གཅིག་བསྡོམས་ཚོགས་པའི་ འཐུས་མིར་ངོས་ལེན།

བི་བི་སི།ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་ ཅར་ལེཛ་ མ་ཡེ་ཀཱལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་དང་ མཱོལ་ཌོ་ཝ་ རྒྱལ་ཁབ་ ༢ ཡུ་རོབ་གཅིག་བསྡོམས་ཚོགས་པའི་ འཐུས་མི་སྦེ་ ངོས་ལེན་མཛད་ཅི་ཟེར་ཨིན་པས།དེ་ཡང་ དུས་ཅི་ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་བའི་ཤུལ་ལས་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་ འཐུས་མི་སྦེ་ འཛུལ་ཞུགས་ཀྱི་ ཞུ་ཡིག་ཕུལ་ཡོདཔ་བཞིན་དུ་ ངོས་ལེན་མཛད་ནུག།མ་གཞི་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་དེ་ཡོད་རུང་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀིབ་ཀྱི་ཁྲོམ་དཔོན་ ཝི་ཏ་ལི་ ཀི་ལིཆ་ཀོ་གིས་འབད་བ་ཅིན་ མི་ཁུངས་གཅིག་པའི་ མི་སེར་ཚུ་ལུ་ སེམས་ཚོར་དྲག་པོའི་སྒོ་ལས་ གུས་བཏུད་ཞུ་ཡོད་ཟེར་ཨིན་པས།ད་ལས་ཕར་ཡང་ ཡུ་རོབ་ཀྱི་ བཟའ་ཚང་ཚུ་ལུ་ ཁོང་གིས་འབད་དགོཔ་ ལེ་ཤ་ཅིག་ར་ཡོདཔ་བཞིན་དུ་ ཡུ་ཀེ་རེན་གྱི་ མི་སེར་ཚུ་གིས་ གནས་ཚིག་ཚུ་ མཐར་འཁྱོལ་ཅན་ཅིག་སྦེ་ བཟོ་ནི་དང་ གལ་གནད་ཆེ་བའི་ ཁྲིམས་ཚུ་བརྩམ་སྟེ་ ཆ་འཇོག་འགྲུབ་པའི་ བློ་སྤོབས་ཐོབ་སྟེ་ཡོད་ཟེར་ཨིན་པས།གལ་སྲིད་ ཡུ་ཀེ་རེན་ རྒྱལ་ཁབ་དེ་ ར་ཤི་ཡ་གིས་ དབང་པ་ཅིན་ རྒྱལ་ཁབ་དེ་ནང་ མ་འོངས་གནས་སྟངས་དེ་ […]

gyalchi
World News

ཡུ་ཨེཛ་ལུ་ ཀྲོབ་མདའ་དམ་འཛིན་གྱི་ དཔྱད་ཡིག་འགོ་དང་པ།

བི་བི་སི།ཡུ་ཨེཛ་ལུ་ ཁྲིམས་བཟོ་ཚོགས་སྡེ་གིས་ ལོ་ངོ་ ༣༠ མ་ལངམ་ཅིག་ནང་ ག་ནི་བ་ གལ་གནད་ཆེ་བའི་ ཀྲོབ་མདའ་དམ་འཛིན་གྱི་ དཔྱད་ཡིག་འགོ་དང་པ་ གསར་བརྩམས་འབད་ནུག།དེ་ཡང་ འདས་པའི་ཟླཝ་ནང་ ནིའུ་ཡོག་གི་ བ་ཕེ་ལོ་ཁྲོམ་སྡེའི་ སྣ་ཚང་ཚོང་ཁང་དང་ ཡུ་ཝཱལ་ཌེ་ གྲོང་སྡེའི་ནང་ཡོད་མི་ སློབ་གྲྭ་ཆུང་བ་ དེ་ལས་ ཊེག་སིཛ་རྫོང་ཁག་ཚུ་ནང་ མི་གྲངས་བསྡོམས་ ༣༡ དེ་ཅིག་ དམར་བསད་འབད་ནི་དེ་གིས་ དཔྱད་ཡིག་དེ་ བརྩམས་ཡོདཔ་ཨིན་པས།ཨིན་རུང་ དཔྱད་ཡིག་གུ་ སྲིད་འཛིན་ཇཱོ་བའི་ཌེན་གྱིས་ མཚན་རྟགས་བཀོད་མ་གནང་པའི་ཧེ་མར་ ཚོགས་དམངས་ལས་ གནང་བ་འགྲོལ་དགོཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་དབུ་ཁྲིད་ཚུ་གིས་ རྒྱལ་ཁབ་སྤྱང་ཀ་ཚུ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་འཐོབ་ཚུགསཔ་ བཟོ་ནི་གི་དམིགས་གཏད།

ཨེན་ཌི་ཊི་ཝི།འཛམ་གླིང་དབུ་ཁྲིད་ཚུ་གིས་ རྒྱལ་ཁབ་སྤྱང་ཀ་ཚུ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་འཐོབ་ཚུགསཔ་ བཟོ་ནི་གི་ དམིགས་གཏད་སྐྱེདཔ་བཞིན་དུ་ སྨན་ཁབ་བཟོ་བསྐྲུན་ལས་སྡེ་ཚུ་ལུ་ སྨན་ཁབ་མར་ཕབ་དང་ ཡང་ཅིན་ སྐྱེལ་སྤྲོད་མར་ཕབ་འབད་དགོ་ཟེར་ཨིན་པས།དེ་ཡང་ སྨན་ཁབ་ཐེར་འབུམ་ཕྱེད་ཀ་དེ་ཅིག་ ཆུད་ཟད་མི་འགྱོ་ནིའི་དོན་ལུ་ཨིནམ་ད་ སྨན་ཁབ་ཚུ་ཡང་ མང་ཤོས་ཅིག་ར་ མོ་ཌར་ན་དང་ ཕའི་ཛར་གྱིས་གཙོས་པའི་ རྒྱ་གར་གྱི་ སེ་རམ་གཙུག་སྡེ་དང་ ནོ་ཝ་ཝེགཛ་ ཇཱོན་སཱན་དང་ཇཱོན་སཱན་ ཀོ་ལོ་ཝར་ སྐྱེ་ལྡན་སྨན་ཁབ་ཚུ་ མཁོ་མངགས་འབདཝ་ཨིན་པས།མ་གཞི་ སྤྱི་ཟླ་འདི་གི་ནང་འཁོད་ལུ་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ མི་འབོར་བརྒྱ་ཆ་ ༧༠ དེ་ཅིག་ལུ་ སྨན་ཁབ་བཙུགས་ཚརཝ་འབད་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ ཉེན་ཁ་ཆེ་སུ་ཡོད་མི་ གསོ་བའི་ལཱ་འབད་མི་དང་ ལོ་ན་རྒན་ཤོས་ཚུ་ལུ་ སྨན་ཁབ་བརྒྱ་ཆ་ལས་བརྒྱ་སྦེ་ར་ བཙུགས་ཚར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡན་མར་གྱི་ འགོ་ཁྲིདཔ་བགྲེསཔ་ ཨམ་ཨང་སན་སུ་ཀི་དེ་ དམ་བཙོན་ནང་སྤོ་བཤུད།

བི་བི་སི། མ་ཡན་མར་གྱི་ འགོ་ཁྲིདཔ་བགྲེསཔ་ ཨམ་ཨང་སན་སུ་ཀི་དེ་ མ་ཡན་མར་ རྒྱལ་སའི་བཙོན་ཁང་ ནེ་པི་ཏའུ་ཟེར་སར་ སྤོ་བཤུད་འབད་ཡོདཔ་ད་ དེ་གི་ཧེ་མར་ གསང་བའི་ས་ཁོངས་ཅིག་ནང་ དམ་བཙོན་ཐོག་ལུ་ བཞག་ཡོདཔ་ཨིན་པས། འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཐོབ་མི་ སྐྱེས་ལོ་ ༧༧ འབད་མི་ ཨམ་སུ་ཀི་དེ་ དམངས་གཙོའི་རིང་ལུགས་ནང་ བཙག་འཐུ་གྲུབ་པའི་ཤུལ་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དམག་སྡེ་གིས་ གཞུང་དབང་བཙན་འཕྲོག་ཐོག་ལས་ ཕྱིར་བཏོན་འབད་ནུག། མ་གཞི་ ཨམ་སུ་ཀི་དེ་ལུ་ ལོ་ངོ་ ༡༡ གི་ ཉེས་ཁྲིམས་ཕོག་པའི་ཁར་ ཉེས་འཛུགས་གཞན་ཡང་ ལེ་ཤ་ཅིག་ར་ བཀལ་ཡོད་རུང་ མོ་གིས་ ངོས་ལེན་འབད་མ་བཏུབ་ནི་དེ་གིས་ བཙོན་ཁང་ནང་ལས་སྦེ་ དམིགས་བསལ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་ཨིནཔས། དམག་སྡེ་གཞུང་གིས་ གསལ་བཤད་མདོར་བསྡུས་ཅིག་ གསར་བཏོན་འབད་མིའི་ནང་ མཐོ་གཏུགས་ཀྱི་ཐད་ཁར་ མ་ཡན་མར་ ནག་ཅན་ཁྲིམས་ལུགས་དང་ འཁྲིལ་དགོ་ཟེར་བཀོད་ནུག། དྲང་བདེན་སྡེ་ཚན་གིས་ ཁྲིམས་འདུན་ལས་ དེ་བཟུམ་མའི་ འཁྲུན་ཆོད་གནང་མི་དེ་ ངོ་ཚ་བའི་ གཞི་ཅིག་ལུ་ […]

gyalchi
World News

རྒྱ་ནག་ལུ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ཆུ་རུད་ནང་ལས་སྲོག་སྐྱབས།

བི་བི་སི། རྒྱ་ནག་ལུ་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཏེ་ རྒྱ་ནག་གི་ ལྷོ་ཕྱོགས་དང་ ཤར་ཕྱོགས་མངའ་སྡེའི་ནང་ལས་ མི་སྟོང་ཕྲག་ལེ་ཤ་ཅིག་ སྲོག་སྐྱབས་འབད་ནུག། དེ་ཡང་ སྣུམ་འཁོར་ཚུ་ ཁྲོམ་ལམ་བདའ་སྟེ་ ཆུ་གིས་འབག་འགྱོ་བའི་ མཐོང་སྣང་དང་ མི་ཚུ་ ཆུ་བྲེས་བྲེསཔ་གུ་ལས་ ཐག་པར་བཤེད་དེ་ སྲོག་སྐྱབས་འབད་བའི་ མཐོང་སྣང་ཚུ་ མཐོང་ཚུགསཔ་ཨིན་པས། དེ་འབད་ནི་དེ་གིས་ ཆུའི་མཐའམ་དང་ ས་ཁ་དམའ་ས་ལུ་ སྡོད་མི་ཚུ་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོ་པའི་ གསལ་གཤད་འབད་ནུག། དེ་མ་ཚད་ རྫོང་ཁག་ ༩ གི་ནང་ མི་གྲངས་ ༤༨༥,༠༠༠ ལུ་ཡང་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་པའི་ཁར་ ད་རུང་ཡང་ ཆུ་རུད་འཐོན་ནི་གི་ ཉེན་ཁ་ཡོད་པའི་སྐོར་ལས་ ཉེན་བརྡ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 5 Today: 1153 Total visitors: 8373