ArchiveAboutContact

Archive

Browse by month

11260 stories

National News

རྒྱལ་ཁབ་ནང་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

སྒྲོལ་མ་ཡེ་ཤེས། ལོ་བསྟར་བཞིན་དུ་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་ད་ དེ་ཡང་ རང་ལུགས་བསྟན་རྩིས་ཀྱི་ དགོངས་དོན་དང་མཐུནམ་སྦེ་ཨིན་པས། གུ་རུ་རིན་པོ་ཆེ་དེ་ སྤྱིར་བཏང་ལུ་ དེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་ཨིན་པའི་ཁར་ ལྷག་པར་དུ་ ནུབ་ཕྱོགས་བདེ་བ་ཅན་ཞིང་ཁམས་ཀྱི་ མགོན་པོ་འོད་དཔག་མེད་ཀྱི་ཐུགས་ལས་ གསེར་གྱི་རྡོ་རྗེ་ཧྲཱྃ༔ གིས་མཚན་མི་ཅིག་ མེ་ཏོག་པདྨའི་སྦུག་ལུ་ ཕོག་མི་ལས་ སྐུ་འཁྲུངས་ནུག། དེ་ཡང་ གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ ནུབ་ཕྱོགས་དང་ ཨྱོན་ཡུལ་གྱི་ལྷོ་ནུབ་ དེ་ལས་ སྲིན་པོའི་ཡུལ་གྱི་ ཐག་ཉེ་ལུ་ཡོད་མི་ དྷ་ན་ཀོ་ཤའི་མཚོའམ་ སྲིན་དྷུའི་མཚོ་གླིང་ལས་ སྐུ་འཁྲུངས་ཡོདཔ་ད་ མཁས་པ་ལ་ལོ་ཅིག་གིས་ དྷ་ན་ཀོ་ཤའི་མཚོ་དེ་ པ་ཀིཛ་ཏཱན་གྱི་ས་གནས་ སོ་ཝཱཌ་དང་ ལ་ལོ་ཅིག་གིས་ རྒྱ་གར་ཨོ་ཌི་ས་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ཨིན་པས། དུས་ཕུན་སུམ་ཚོགས་པ་ རང་ལུགས་ཆུ་ལུག་ལོར་ སངས་རྒྱས་སྐུ་མྱ་ངན་ལས་འདས་ཏེ་ རྗེས་ལོ་ཤིང་སྤྲེལ་ལས་བགྲངས་པའི་ ལོ་ངོ་བཅུ་གཉིས་འདས་པའི་ངོ་ཐོག་བཅུ་གསུམ་པ་ མེ་ཕོ་སྤྲེལ་ལོ་ཟླཝ་ ༥ པའི་ཚེས་ ༡༠ ལུ་ […]

gyalchi
World News

རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བེ་ ཀྲོབ་མདའ་རྐྱབ་སྟེ་བཀྲོངས་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བེ་དེ་ རྒྱ་པཱན་གྱི་ ནུབ་ཕྱོགས་ཁྲོམ་ལམ་ཅིག་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཕོ་སྐྱེས་ཅིག་གིས་ ཀྲོབ་མདའ་གར་ལྷོད་རྐྱབ་སྟེ་ བཀྲོངས་ཡོདཔ་ཨིན་པས། དེ་ཡང་ ན་ར་གསོ་བའི་གཙུག་ལག་སློབ་སྡེའི་ གློ་བུར་སྨན་བཅོས་ཁང་ནང་ བསྐྱལ་བའི་ཤུལ་ལུ་ གཤགས་ཡོདཔ་ད་ དགུང་ལོ་ ༦༧ བཞེས་མི་ བློན་ཆེན་བགྲེསཔ་དེ་ རྒྱ་པཱན་རྒྱལ་ཁབ་ནང་ དུས་ཡུན་རིངམོ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་ ༢༠༢༠ ལོར་ དགོངས་ཞུ་མཛད་ནུག། དེ་སྦེ་ ཀྲོབ་མདའ་རྐྱབ་མི་ སྐྱེས་ལོ་ ༤༡ འབད་མི་ ངོ་མིང་ཡ་མ་ག་མི་ ཏེ་ཙུ་ཡ་ཟེར་མི་དེ་ཡང་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སིངྒ་པོར་ རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོང་འཐབ་མི་ ༢ ལུ་ སྲོག་ཐོག་གི་ཉེས་ཁྲིམས།

ཧིན་དྷཱུཛ་ཊཱན།སིངྒ་པོར་ རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ ཁྲིམས་འགལ་གྱི་ ལཱ་འབདཝ་ལས་ རྒྱ་གར་པཱན་ཇབ་ལས་ མ་ལེ་ཤི་ཡ་ལུ་སྡོད་མི་ དབང་པོ་སྐྱོན་ཅན་ ཀཱལ་ཝཱན་སིང་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་ཕོག་མི་དེ་ རྒྱ་གར་གྱི་ མི་ཁུངས་ ༢ པ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༡༦ ལུ་ ཀཱལ་ཝཱན་སིང་གིས་ སྨྱོ་རྫས་ཧི་རོ་ཡིན་ཟེར་མི་ སིངྒ་པོར་ལུ་ སྐྱེལ་འདྲེན་འབད་བའི་ ཉེས་འཛུགས་ཐོག་ལུ་ སྤྱི་ཟླ་ ༧ པའི་ཚེས་ ༧ གྱི་དྲོ་པར་ སྐྱེས་ལོ་ ༣༢ འབད་མི་ དབང་པོ་སྐྱོན་ཅན་ ཀཱལ་ཝཱན་སིང་དང་ སིངྒ་པོར་ རྒྱལ་ཁབ་ལས་ སྐྱེས་ལོ་ ༤༨ འབད་མི་ ནོ་ར་ཤ་རི་ ༢ ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།དེ་འབདཝ་ད་ མི་སེར་ཚུ་གིས་ ཉེས་ཁྲིམས་སྲོག་ཐོག་ལུ་ བཀལ་མི་དེ་ ཐབས་ཤེས་བཟང་ཤོས་ཅིག་མིན་པའི་ ཉོག་བཤད་བཀོད་ཐོག་ལས་ རྩ་མེད་གཏང་དགོཔ་སྦེ་ སླབ་ཡོད་རུང་ དུས་ཅི་ར་ སིངྒ་པོར་ རྒྱལ་ཁབ་ནང་ མི་གྲངས་ ༤ […]

gyalchi
World News

པ་ཀིཛ་ཏཱན་ལུ་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ཏེ་ མི་གྲངས་ ༧༧ ལུ་ཤི་རྐྱེན།

ཨེན་བི་སི།པ་ཀིཛ་ཏཱན་གྱི་ ནུབ་ཕྱོགས་ཁྲོམ་སྡེ་ ཀུ་ཡེ་ཊ་ཟེར་སར་ ཆར་ཆུ་ལུ་བརྟེན་ཏེ་ བདུན་ཕྲག་ ༣ གྱི་ནང་ ཨམ་སྲུ་དང་ ཨ་ལོ་ཚུ་བརྩིས་ཏེ་ མི་གྲངས་ ༧༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་བཟུམ་སྦེ་ སྤྱི་ཟླ་ ༦ པའི་ཚེས་ ༡༤ ལས་ འགོ་བཟུང་སྟེ་ རྒྱལ་ཁབ་ནང་ རླུང་འཚུབ་འཕྲོ་མཐུད་དེ་ར་ འཕུ་ཡོདཔ་མ་ཚད་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་གི་ ཁྱིམ་དང་ ལམ་ ཟམ་ གློག་མེའི་འཕྲུལ་ཁང་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།དེ་མ་ཚད་ བཱ་ལུ་ཅིཛ་ཏཱན་ལུ་ སྣུམ་འཁོར་ཚུ་ཡང་ ཆུ་རུད་ཀྱིས་ འཕྱག་འབག་ཡོདཔ་ད་ རྒྱལ་ས་ཨིཛ་ལ་མ་བཱད་དང་ པཱན་ཇབ་མངའ་སྡེའི་ནང་ཡང་ ཆརཔ་སྦོམ་སྦེ་ར་ རྐྱབ༌དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱའི་ལུ་ ཆར་ཆུ་ཆེ་བའི་སྟབས་ཀྱིས་ མི་མང་ལུ་གནོད་སྐྱོན།

བི་བི་སི། གནམ་བྱཱར་གྱི་ དུས་ཚོད་ཨ་ནེམ་ཅིག་ཁར་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱའི་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ ཆར་ཆུ་འབོལ་དྲགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་ས་ཡ་ལས་བཅད་མི་ཚུ་ལུ་ བར་ཆད་བྱུང་ནུག། དེ་ཡང་ ཁྲོམ་སྡེའི་ས་གནས་ ལེ་ཤ་ཅིག་ནང་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ ཆུ་རུད་ཚུ་ འཐོན་བཞིན་དུ་ཡོད་པའི་ཁར་ ད་རུང་ ཉིན་གྲངས་ ༥ གི་རིང་ལུ་ ཆར་ཤུགས་སྦེ་ར་ རྐྱབ་ནི་ཨིན་པའི་ སྔོན་དཔག་ཐོག་ལུ་ རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ ཉེན་བརྡ་འབད་ཡོདཔ་ཨིན་པས། དེ་འབདཝ་ལས་ རྒྱལ་ཡོངས་རྐྱེན་ངན་གདོང་ལན་སྡེ་ཚན་གྱིས་ རྒྱལ་ཁབ་ནང་ མི་མང་གི་ ཚེ་སྲོག་ལུ་ གནོད་ཉེན་སྲུང་ཐབས་ལུ་ མཁས་མཆོག་སྡེ་ཚན་ཅིག་ཡང་ ཁྲོམ་སྡེའི་ནང་ བགོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 27 Today: 1537 Total visitors: 8757