ArchiveAboutContact

Archive

Browse by month

11263 stories

National News

ནད་གཞི་ཨེཌཛ་གི་རྒྱུ་ ཨེཆ་ཨའི་ཝིའི་ ནད་འབུབ་ཡོད་མི་ ཨ་ལོ་ཚུ་ལུ་གདོང་ལེན།

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་བཀོད་འབད་བའི་གནས་ཚུལ། བདེ་སྐྱིད་ཆོས་སྒྲོན།སྐྱེས་ལོ་ ༢༠ འབད་མི་ བཀྲིས་སྒྲོལ་མ་ (མིང་རྫུན་མ) སྐྱེས་ལོ་ ༦ དེ་ཅིག་ཁར་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་སྟེ་ ལོ་ངོ་ ༡༥ ལྷགཔ་ཅིག་ སོང་ཡོད་རུང་ ད་རེས་ མོ་རའི་རྨགཔ་དང་གཅིག་ཁར་ མི་ཚེ་དགའ་ཏོག་ཏོ་ སྐྱོང་སྡོད་སར་ མཐོངམ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༠༧ ལུ་ སི་ཌི་ཕོར་ཟེར་མི་ བརྟག་དཔྱད་འབདཝ་ད་ མོ་ལུ་ ཨེཆ་ཨའི་ཝི་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ལས་ མོ་ར་སློབ་གྲྭའི་ནང་ འགྱོ་བའི་སྐབས་ལུ་ ཨེཆ་ཨའི་ཝིའི་སྐོར་ལས་ བརྡ་བྱང་གུ་མཐོངམ་ལས་ མོ་གིས་ མོ་རའི་ཆ་རོགས་ལུ་ མོ་ལུ་ ཨེཆ་ཨའི་ཝི་ ཐོབ་ནུག་ཟེར་ སླབ་ཡོདཔ་ཨིན་པས།བཀྲིས་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅི་ དེ་གི་ནངས་པར་ མོ་གི་ཆ་རོགས་དེ་གིས་ སློབ་ཕྲུག་ཆ་རོགས་ག་ར་ལུ་ སླབ་ཡོདཔ་ལས་ དར་ཁྱབ་ཡར་སོང་ཡོད་རུང་ དེ་བསྒང་ མོ་ར་ ལོ་ན་ཆུང་ཀུ་འབད་ནི་དེ་གིས་ མནོ་བསམ་ག་ནི་ཡང་ བཏང་མ་ཤེས་པས་ཟེར་ཨིནམ་ད་ མོ་ལུ་ ནད་འབུབ་དེ་ […]

gyalchi
National News

རྒེད་འོག་ ༨ ཀྱི་ མི་སྡེ་གོ་འཕེལ་འཆར་གཞི།

སྒྲོལ་མ་ཡེ་ཤེས།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཐིམ་ཕུ་ལུ་སྦེ་ འབྲུག་བརྡ་བརྒྱུད་དང་ དམངས་གཙོའི་ལྟེ་བའི་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་དང་ སྤ་རོ་རྫོང་ཁག་ ༢ ལས་ རྒེད་འོག་ ༨ ཀྱི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ རང་སོའི་རྒེད་འོག་ནང་ མི་སྡེའི་གོང་འཕེལ་འཆར་གཞི་ ག་དེ་སྦེ་ར་ བརྩམས་ཡོད་ཨིན་ནའི་སྐོར་ལས་ གསལ་ཞུ་འབད་ཡི།དེ་བསྒང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ མི་སྡེ་གོང་འཕེལ་འཆར་གཞིའི་ནང་ མང་ཆེ་ཤོས་ཤོས་ཅིག་ དབང་པོ་སྐྱོན་ཅན་དང་འབྲེལ་བའི་ དཀའ་ངལ་དང་ གཉེན་ཡ་བྲལ་འགྱོ་མི་ མང་སུ་ཐོན་པ་ལུ་བརྟེན་ཏེ་ བུ་གཞི་ལུ་ ཉེན་ཁ་ཡོད་ལུགས་དང་ ཕྱགས་སྙིགས་མང་སུ་ འཐོན་དོ་ཡོད་པའི་ དཀའ་ངལ་ཚུ་གི་སྐོར་ལས་ བཤདཔ་ཨིན་པས།རྒེད་འོག་ ༨ ཀྱི་ མི་སྡེ་གོང་འཕེལ་འཆར་གཞི་ གསལ་བཤད་སྐབས་ལུ་ ཐིམ་ཕུ་རྫོང་ཁག་ལས་ སྨད་ཝང་རྒེད་འོག་དང་ སྤ་རོ་རྫོང་ཁག་ལས་ ཝང་ཅང་རྒེད་འོག་གིས་ དྲག་ཤོས་ཐོན་ཡོདཔ་ད་ དེ་སྦེ་ དྲག་ཤོས་ཐོན་མི་ རྒེད་འོག་ ༢ ལུ་ ལག་ཁྱེར་དང་ དཔེ་དེབ་ཚུ་ གསོལ་རས་སྨེ་ བྱིན་ཡོད་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ དྲང་དཔོན་གཙོ་འཛིན་ ༤༩ པ་སྦེ་ དྲང་དཔོན་ཨུ་དེ་ཨུ་མེཤ་ལ་ལིཏ་བསྐོ་བཞག།

ཨེན་ཌི་ཊི་ཝི།རྒྱ་གར་གྱི་ དྲང་ཁྲིམས་ནང་ གོ་གནས་མཐོ་ཤོས་ དྲང་དཔོན་གཙོ་འཛིན་གྱི་ གོ་གནས་འཆང་མི་ དྲང་དཔོན་ཨེན་ཝི་ར་མ་ན་དེ་ དགོངསམ་ཞུ་བའི་ཤུལ་ལུ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ དྲང་དཔོན་ཨུ་དེ་ཨུ་མེཤ་ལ་ལིཏ་ བསྐོ་བཞག་ཐོག་ལས་ དྲང་དཔོན་གཙོ་འཛིན་གྱི་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ད་ དེ་ཡང་ རཤ་ཏར་པ་ཏི་ བྷ་ཝཱན་ནང་ སྲིད་འཛིན་ཌའུ་པ་ཏི་མུར་མུ་གིས་ ལག་ལེན་འཐབ་གནང་ནུག།ད་རེས་ དགོངས་ཞུ་འབད་མི་ དྲང་དཔོན་ར་མ་ན་གིས་ དྲང་དཔོན་ལ་ལིཏ་དེ་ དྲང་ཁྲིམས་ཀྱི་ མཐུན་གྲོས་དང་ ཆེ་མཐོའི་ལམ་ལུགས་དང་འཁྲིལ་ཏེ་ དྲང་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་འབད་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ་བཞིན་དུ་ སྲིད་འཛིན་གྱིས་ ཆ་གནས་མཛད་ཐོག་ལས་ བསྐོ་བཞག་ཡོདཔ་ཨིན་པས།དྲང་དཔོན་ལ་ལིཏ་དེ་ དུས་ཅི་ སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ དགོངསམ་ཞུ་ནི་ཨིནམ་ལས་ ཉིན་གྲངས་ ༧༤ གི་རིང་ལུ་ ཕྱག་ཞུ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་བི་ཧར་ལུ་ གསང་བའི་ཞིབ་དཔྱད་ཐོག་ལས་ རུ་པི་བྱེ་བ་ ༤ དབང་བཟུང་།

ཨིན་ཌི་ཡ་ཊུ་ཌེ།རྒྱ་གར་གྱི་ བི་ཧར་མངའ་སྡེ་ལུ་ གཞུང་གི་འགོ་དཔོན་ ༣ གྱི་ སྡོད་ཁྱིམ་ཚུ་ རྒྱ་གར་གསང་ཞིབ་ལས་ཁུངས་ཀྱིས་ ཞིབ་དཔྱད་ཐོག་ལས་ རུ་པི་བྱེ་བ་ ༤ དབང་བཟུང་འབད་ནུག།དེ་ཡང་ གསང་ཞིབ་ལས་ཁུངས་ཀྱིས་ འགོ་དཔོན་ཚུ་གིས་ དུས་ཐེངས་གཅིག་ནང་ བི་ཧར་དང་ པཱཏ་ན་ དེ་ལས་ ཀི་ཤཱན་གཱནཇ་ཚུ་ནང་ ཀི་ཤཱན་གཱནཇ་ ཞབས་ཏོག་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ སཱན་ཇེ་ཀུ་མར་རའི་དང་གཅིག་ཁར་ འབྲེལ་བ་ཡོད་མི་ཚུ་ སྡོད་སའི་ས་ཁོངས་ཚུ་ནང་ གསང་ཞིབ་འབད་ཡོདཔ་ཨིན་པས།གསང་ཞིབ་འགོ་དཔོན་ཚུ་ སཱན་ཇེ་ཀུ་མར་རའི་གི་ ཁྱིམ་ནང་ལྷོདཔ་ད་ ཁོ་གིས་ ནང་གསུག་ལེན་མི་ དངུལ་དེ་ཚུ་ ཁོ་རའི་འོག་ལུ་ ལཱ་འབད་མི་ བཟོ་རིག་འགོ་དཔོན་འོགམ་ཅིག་དང་ རྩིས་འཛིན་པ་ཅིག་གི་ ས་ཁོངས་ནང་ བཞག་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ ལཱ་འབད་མི་ཚུ་གི་ སྡོད་ཁྱིམ་ཚུ་ནང་ཡང་ ཞིབ་དཔྱད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བི་རི་ཊེན་གྱི་ རྒྱལམོ་མཆོག་གིས་ སི་ཀོཊ་ལེནཌི་ལུ་སྦེ་ ཡུ་ཀེའི་བློན་ཆེན་གསརཔ་ བསྐོ་བཞག་གི་རྟེན་འབྲེལ།

ཨིན་ཌི་ཡ་ཊུ་ཌེ།བི་རི་ཊེན་གྱི་རྒྱལམོ་ ཨེ་ལི་ཟ་བེཐ་མཆོག་གིས་ ཁོང་གི་རྒྱལ་རབས་ནང་ འགོ་དང་པ་ བཙག་འཐུ་ལས་གྲུབ་པའི་ བློན་ཆེན་གསརཔ་ ལུགས་མཐུན་བསྐོ་བཞག་གི་རྟེན་འབྲེལ་དེ་ སི་ཀོཊ་ལེན་ལུ་ རྒྱལམོ་མཆོག་གི་ཕོ་བྲང་ བཱལ་མོ་རཱལ་ལུ་སྦེ་ བརྩི་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།དེ་ཡང་ དགུང་ལོ་ ༩༦ བཞེས་མི་ རྒྱལམོ་མཆོག་ སྐུ་ན་བགྲེས་པའི་དབང་གིས་ ཕར་ཚུར་ཆིབས་སྐྱོད་ཀྱི་ དཀའ་ངལ་ཡོདཔ་ལས་ ད་རེས་ སི་ཀོཊ་ལེནཌི་ལུ་ ལོ་བསྟར་གནམ་བྱཱར་གྱི་ ཁམས་སངས་ལུ་བྱོན་ཏེ་ བཞུགས་ཡོདཔ་ལས་ གཞུང་གི་དབུ་ཁྲིད་བགྲེསཔ་ རི་ཤི་སུ་ནག་དང་ ཕྱི་འབྲེལ་དྲུང་ཆེན་ ལིཟ་ཊུཛ་གང་རུང་ཅིག་ བཱལ་མོ་རཱལ་ ཕོ་བྲང་ནང་ འབོ་གནང་ནི་གི་ གསང་བའི་འཆར་གཞི་འདུག་ཟེར་ཨིན་པས།ཀཱན་ཟར་ཝེ་ཊིབ་ཚོགས་པའི་ འགོ་ཁྲིད་དེ་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ བཙག་འཐུ་འགྲུབ་ནི་ཨིནམ་བཞིན་དུ་ ཉིན་གཅིག་གི་ཤུལ་ལས་ རྒྱལམོ་མཆོག་གིས་ མཇལ་ཕྲད་མཛད་ཐོག་ལས་ བོ་རིཛ་ཇཱོན་སཱན་གྱི་ཚབ་སྦེ་ གཞུང་འབྲེལ་ཐོག་ལུ་ བསྐོ་བཞག་གནང་ནི་ཨིན་པས།ག་དེ་སྦེ་ཨིན་རུང་ བི་རི་ཊེན་གྱི་ རྒྱལམོ་མཆོག་ སི་ཀོཊ་ལེན་ལུ་ར་ བཞུགས་མི་བཞུགས་ཀྱི་སྐོར་ལས་ བློན་ཆེན་གསར་རྙིང་ ༢ ལུ་ སྔ་གོང་ལས་ བརྡ་བསྐུལ་དགོ་ནི་དེ་གིས་ བདུན་ཕྲག་ཤུལ་མའི་ནང་ར་ གསལ་བསྒྲགས་གནང་ནི་ཨིན་པས་ཟེར་ […]

gyalchi
National News

ལམ་ཡིག་ལུ་བརྟེན་ཏེ་ ཕྱིའི་རྒྱལ་ཁབ་ལུ་ འགྲུལ་སྐྱོད་འབད་མི་ འབྲུག་མི་ཚུ་ལུ་དཀའ་ངལ།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ འབྲུག་གནམ་གྲུའི་ནང་ འགྲུལ་སྐྱོད་འབད་མི་ འབྲུག་མི་ ༧ ནེ་པཱལ་ཀཋ་མཱན་ཌུའི་ རྒྱལ་སྤྱི་གནམ་ཐང་ནང་ལྷོདཔ་ད་ ལམ་ཡིག་ཚོས་གཞི་ལྕང་ཁ་འབད་མི་ འབག་ཡོད་མི་ལུ་བརྟེན་ཏེ་ རྒྱལ་ཁབ་དེ་ནང་ འཛུལ་ཞུགས་འབད་མ་བཅུག་པར་ ལོག་བཏང་ཡོདཔ་ལས་ གནམ་གྲུ་དེ་ནང་ར་ ལོག་འོང་དགོཔ་བྱུང་ནུག།དེ་ཡང་ ལམ་ཡིག་ཚོས་གཞི་ཧོནམོ་འབད་མི་ རྫོགས་སོངཔ་ལས་ ཚོས་གཞི་ཧོནམོ་གི་ཚབ་ལུ་ ཚོས་གཞི་ལྕང་ཁ་འབད་མི་ ལམ་འགྲུལ་ཡིག་ཆ་ སྤྲོད་ནི་དེགིས་ཨིནམ་ད་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ཇར་མཱན་ལུ་ དཔར་བསྐྲུན་འབདཝ་ཨིན་རུང་ བཀྲམ་སྤེལ་འབད་མ་ཚུགསཔ་ལས དཀའ་ངལ་དེ་ འབྲུག་རྐྱངམ་གཅིག་ལུ་མིན་པར་ རྒྱལ་ཁབ་གཞན་ཚུ་གི་ནང་ཡང་ འཐོན་ཏེ་ཡོད་ཟེར་ཨིན་པས།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ ལམ་འགྲུལ་བསླབ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ལྟ་ཞིབ་ཐོག་ལས་ སྐྱོད་ཐམ་ཚུ་ ཧེ་མ་ལས་ བཟོ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་འོང་ཟེར་ཨིན་པས།དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་ལམ་ཡིག་གི་ཚབ་སྦེ་ ལམ་འགྲུལ་ཡིག་ཆ་ སྤྲོད་མིའི་གུ་ ནེ་པཱལ་ལུ་ འགྱོ་འདོད་ཡོད་མི་ཚུ་གིས་ཡང་ སྔ་གོང་ལས་ར་ […]

gyalchi
World News

ནད་ཡམས་ཀོ་ཝིཌ་གི་ སྨན་ཁབ་བཟོ་སྦྱོར་འཕྲུལ་རིག་གི་སྐོར་ལས་ མོ་ཌར་ན་གིས་ ཕ་ཡེ་ཟར་དེ་ ཁྲིམས་སར་བསྐྱལ་ཡོདཔ།

བི་བི་སི།མོ་ཌར་ན་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕ་ཡེ་ཟར་དང་ དེ་གི་མཉམ་རོགས་ ཇར་མཱན་བ་ཡོ་ཨེན་ཊེག་ ༢ ཀྱིས་ ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་སྦྱོར་གྱི་བདག་དབང་ ཁྲིམས་འགལ་ཐོག་ལས་ སྤྱོད་ཡོད་པའི་ ཉེ་འཛུགས་འབད་དེ་ ཁྲིམས་སར་བསྐྱལ་དེ་ཡོད་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་སྨན་རྫས་ལས་སྡེ་གིས་ ནད་ཡམས་ཁྱབ་སྤེལ་ མ་འགྱོ་བའི་ སྔ་གོང་ལས་ མོ་ཌར་ན་ སྨན་ཁབ་ཀྱི་ འཕྲུལ་རིག་དེ་ ཁོང་གིས་ གོང་འཕེལ་བཏང་ནུག་ཟེར་ཨིན་པས།ཉེས་འཛུགས་དེ་ཡང་ གསལ་སྟོན་མ་འབད་བའི་ དངུལ་འབྲེལ་རྒུད་འཐུས་ སྤྲོད་དགོཔ་སྦེ་ ཡུ་ཨེཛ་དང་ ཇར་མཱན་རྒྱལ་ཁབ་གཉིས་ཆ་རའི་ནང་ ཁྲིམས་རྩོད་ཀྱི་དོན་ལུ་ བཤེར་ཡིག་ཕུལ་ཏེ་་ཡོདཔ་ཨིན་པས།ཨིན་རུང་ ཕ་ཡེ་ཟར་གྱིས་འབད་བ་ཅིན་ ཁྲིམས་རྩོད་ཀྱི་ ཡིག་ཆ་ཚུ་ ད་ཚུན་ ཁོང་གི་ལག་པར་ ལྷོད་དེ་མེདཔ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།མོ་ཌར་ན་གི་ བརྗོད་དོན་ཅིག་དང་འཁྲིལཝ་ད་ ཕ་ཡེ་ཟར་/བ་ཡོ་ཨེན་ཊེག་གིས་ མོ་ཌར་ནའི་ བློ་རིག་རྒྱུ་དངོས་ དབྱེ་ཁག་ ༢ སྦེ་ དཔེ་བཤུས་འབད་བའི་གྲས་ལས་ གཅིགཔོ་དེ་ མོ་ཌར་ནའི་ ཚན་རིག་པ་ཚུ་གིས་ སྤྱི་ལོ་ ༢༠༡༠ ལས་ གོང་འཕེལ་བཏང་ནི་ འགོ་བཙུགས་ཏེ་ […]

gyalchi
Online now: 4 Today: 566 Total visitors: 10596