ArchiveAboutContact
National News

ལམ་ཡིག་ལུ་བརྟེན་ཏེ་ ཕྱིའི་རྒྱལ་ཁབ་ལུ་ འགྲུལ་སྐྱོད་འབད་མི་ འབྲུག་མི་ཚུ་ལུ་དཀའ་ངལ།

gyalchi · 1 min read

ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ འབྲུག་གནམ་གྲུའི་ནང་ འགྲུལ་སྐྱོད་འབད་མི་ འབྲུག་མི་ ༧ ནེ་པཱལ་ཀཋ་མཱན་ཌུའི་ རྒྱལ་སྤྱི་གནམ་ཐང་ནང་ལྷོདཔ་ད་ ལམ་ཡིག་ཚོས་གཞི་ལྕང་ཁ་འབད་མི་ འབག་ཡོད་མི་ལུ་བརྟེན་ཏེ་ རྒྱལ་ཁབ་དེ་ནང་ འཛུལ་ཞུགས་འབད་མ་བཅུག་པར་ ལོག་བཏང་ཡོདཔ་ལས་ གནམ་གྲུ་དེ་ནང་ར་ ལོག་འོང་དགོཔ་བྱུང་ནུག།
དེ་ཡང་ ལམ་ཡིག་ཚོས་གཞི་ཧོནམོ་འབད་མི་ རྫོགས་སོངཔ་ལས་ ཚོས་གཞི་ཧོནམོ་གི་ཚབ་ལུ་ ཚོས་གཞི་ལྕང་ཁ་འབད་མི་ ལམ་འགྲུལ་ཡིག་ཆ་ སྤྲོད་ནི་དེགིས་ཨིནམ་ད་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ཇར་མཱན་ལུ་ དཔར་བསྐྲུན་འབདཝ་ཨིན་རུང་ བཀྲམ་སྤེལ་འབད་མ་ཚུགསཔ་ལས དཀའ་ངལ་དེ་ འབྲུག་རྐྱངམ་གཅིག་ལུ་མིན་པར་ རྒྱལ་ཁབ་གཞན་ཚུ་གི་ནང་ཡང་ འཐོན་ཏེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ ལམ་འགྲུལ་བསླབ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ལྟ་ཞིབ་ཐོག་ལས་ སྐྱོད་ཐམ་ཚུ་ ཧེ་མ་ལས་ བཟོ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་འོང་ཟེར་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་ལམ་ཡིག་གི་ཚབ་སྦེ་ ལམ་འགྲུལ་ཡིག་ཆ་ སྤྲོད་མིའི་གུ་ ནེ་པཱལ་ལུ་ འགྱོ་འདོད་ཡོད་མི་ཚུ་གིས་ཡང་ སྔ་གོང་ལས་ར་ རྒྱ་གར་དྷི་ལི་ལུ་ཡོད་མི་ ནེ་པཱལ་གྱི་ གཞུང་ཚབ་ཡིག་ཚང་ནང་ལས་ སྐྱོད་ཐམ་ཚུ་ བཟོ་དགོ་ཟེར་ཨིནམ་ད་ དེ་བཟུམ་སྦེ་ རྒྱལ་ཁབ་གཞན་ཁར་ འགྲུལ་སྐྱོད་འབད་མི་ཚུ་གིས་ཡང་ སྐྱོད་ཐམ་གྱི་ བྱ་སྒོའི་རིམ་པ་དང་ དགོས་མཁོའི་ཡིག་ཆ་ཚུ་ ལྟ་ཞིབ་འབད་དགོ་ཟེར་ བསླབ་སྟོན་ནང་བཀོད་ནུག།
མ་གཞི་ ཕྱི་འབྲེལ་ལྷན་ཁག་ལས་ གནས་སྐབས་ཀྱི་ ཐབས་ལམ་དེ་གི་སྐོར་ལས་ ཕྱི་རྒྱལ་ཁག་གི་ གཞུང་ཚུ་ལུ་ གསལ་བསྒྲགས་འབད་ཡོད་རུང་ ལཱ་འབད་སའི་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ བརྡ་དོན་ཚུ་ ལྷོད་མ་ཚུགསཔ་ འོང་ནི་ཨིནམ་ལས་ བྱ་སྟབས་མ་བདེཝ་བྱུང་མི་ འབྲུག་མི་ཚུ་གིས་ བཟོད་གསོལ་འབད་གནང་ཟེར་ཨིན་པས།
ད་ལས་ཕར་ ཕྱི་རྒྱལ་ལུ་འགྱོ་མི་ འབྲུག་མི་ཚུ་གི་དོན་ལས་ དེ་བཟུམ་མའི་ དཀའ་ངལ་མེདཔ་ ངེས་བརྟན་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ ལམ་འགྲུལ་བསླབ་སྟོན་ནང་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 5 Today: 4323 Total visitors: 7000