ArchiveAboutContact

Archive

Browse by month

11296 stories

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ རྫོང་གཞི་དང་ མཆོད་རྟེན་གསར་བཞེངས་ལུ་ མ་དངུལ་ཞལ་འདེབས།

རང་ཟླ་ ༤ པའི་ཚེས་ ༡༦ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ཀུན་གསལ་ཕོ་བྲང་གི་ བླམ་རིན་ཆེན་ཆོས་བཟང་གིས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ དངུལ་ཀྲམ་འབུམ་ ༢༠ ཞལ་འདེབས་སྦེ་ཕུལ་ནུག།དེ་ཡང་ འབྲུག་མི་ཡོངས་ཀྱི་ སྤྱི་གཙུག་གི་ཉི་ཟླ་ བཀའ་དྲིན་འགྲན་ཟླ་དང་བྲལ་བ་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཞུང་གྲྭ་ཚང་གིས་ གསང་སྔགས་རྡོ་རྗེ་ཐེག་པའི་ རྫོང་གཞི་གསར་བཞེངས་ཀྱི་དོན་ལུ་ དངུལ་ཀྲམ་འབུམ་ ༡༠ དང་ སྐྱབས་རྗེ་རིན་པོ་ཆེའི་ བཀའ་དགོངས་ལྟར་དུ་ བླམ་ཚེ་རིང་དབང་འདུས་མཆོག་གིས་ འགོ་འདྲེན་ཐོག་ལུ་ བཞེངས་གནང་ནི་ཨིན་མི་ བཀྲིས་སྒོ་མང་མཆོད་རྟེན་གྱི་དོན་ལུ་ དངུལ་ཀྲམ་འབུམ་ ༡༠ ཕུལ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྟོན་པའི་དུས་ཆེན་ལྔ་འཛོམས་དང་འབྲེལ་ཏེ་ དངུམ་ཀྲམ་འབུམ་ ༣ དང་ སྟོང་ཕྲག་ ༧ གནས་པའི་ སྟོན་པའི་སྐུ་འདྲ་ ༡༣ ཡང་ སྟོན་པའི་སྐུ་མདུན་ལུ་ ཕུལ་ཡོདཔ་མ་ཚད་ དགེ་འདུན་དམངས་ཁར་ཡང་ བླམ་ཁོ་ར་གིས་ ཕྱོགས་སྒྲིག་མཛད་མི་ […]

World News

ཨི་རཱན་གྱིས་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་མི་ལུ་ ཨིཛ་རེལ་གྱིས་ དགྲ་ལན་འཇལ་ཡོདཔ།

རོའི་ཊརཛ། ཨི་རཱན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་ཚུ་ བཟོ་བསྐྲུན་འབད་ནི་ བཀག་ཐབས་ལུ་དམིགས་ཏེ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་བའི་ཤུལ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ ཡུན་རིང་གི་བྱང་ཕྱད་ རྒྱལ་ཁབ་ ༢ ཀྱི་བར་ན་ མི་ཛ་ཡེལ་དང་ རྫས་བམ་ཚུ་བཀོ་སྟེ་ གནོད་འཚུབ་བཀལ་ནུག།.དེ་ཡང་ ཨིཛ་རེལ་གྱི་ ཁྲོམ་ཚོགས་སྦོམ་ཤོས་ ཊེལ་ཨ་བིབ་དང་ ཡེ་རུ་ས་ལེམ་ལུ་ མཁའ་དམག་་གནོད་འཚུབ་ཀྱི་ ཉེན་བརྡ་འབད་ཡོདཔ་ལས་ ཁྲོམ་ཚོགས་ཁག་གི་ མི་སེར་ཚུ་ ཉེན་སྲུང་ས་གོ་ཚུ་ནང་ ག་ཐོབ་རྐྱབ་སྟེ་ རྒྱུགས་སོང་ཡོདཔ་སྦེ་ཨིན་པས།ཨིཛ་རེལ་ དྲག་པོའི་དམག་སྡེ་གིས་ ཨི་རཱན་གྱི་ཁ་ཐུག་ལས་ ཨིཛ་རེལ་ལུ་ མི་ཛ་ཡེལ་ལེ་ཤ་ཅིག་ འཕངས་ཡོདཔ་ལས་ ས་ཁོངས་མ་འདྲཝ་ཚུ་ནང་ ཕོག་ཡོད་རུང་ ཤི་རྐྱེན་གྱི་སྐོར་ལས་ ག་ནི་ཡང་ བཤད་མ་བཏུབ་སྦེ་བཀོད་ནུག།དེ་བཟུམ་སྦེ་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་ལུ་ཡང་ རྫས་བམ་གས་པའི་ སྒྲ་དེ་ཚུ་ གོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཊེག་སཱཛ་གི་ས་གནས་ སཱན་ཨེན་ཊོ་ནི་ཡོ་ལུ་ གློ་བུར་དུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ མི་གྲངས་ ༡༡ ལུ་ཤི་རྐྱེན།

བི་བི་སི། ཊེག་སཱཛ་གི་ས་གནས་ སཱན་ཨེན་ཊོ་ནི་ཡོ་ལུ་ གློ་བུར་གྱི་ ཆུ་རུད་ཐོནམ་ལས་ མི་གྲངས་ ༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ལེ་ཤ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༡ དང་ ༡༢ ལུ་ ཆར་རླུང་ཚབས་ཆེན་བྱུང་ཡོདཔ་ལས་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགས་པར་ ལུས་ཡོདཔ་སྦེ་བཀོད་ནུག།སཱན་ཨེན་ཊོ་ནི་ཡོའི་ མེ་རྐྱེན་སྲུང་སྐྱོབ་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་རུད་དེ་ནང་ བྱང་སྟོར་ཤོར་མི་ ༤ འཚོལ་བའི་བསྒང་ཡོད་ཟེར་ཨིནམ་ད་ སྲོག་སྐྱབས་ཀྱི་ ལཱ་ཚུ་གི་དོན་ལས་ ཉིནམ་དག་པ་ཅིག་ར་ འགོར་ནི་བཟུམ་ཅིག་ཡོདཔ་ལས་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ཡར་སེང་འགྱོ་སྲིད་ནི་མས་ཟེར་ཨིན་པས།དེ་འབདཝ་ལས་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་གཙོས་པའི་ གྲོགས་རམ་ཁ་སྐོང་ དགོས་མཁོ་ཡོདཔ་སྦེ་བཀོད་ནུག།ཊེག་སཱཛ་ཁྲོམ་སྡེའི་ ཡོངས་འབྲེལ་འཆར་སྒོའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ཚུན་གྱི་རིང་ལུ་ ཆུ་ནང་ལས་ སྲོག་སྐྱབས་ལན་ཐེངས་ ༧༠ དེ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ རྨ་སྐྱོན་བྱུང་མི་ཚུ་ སྨན་ཁང་ནང་ […]

World News

གནམ་གྲུའི་སྐད་ཤུགས་སྦེ་ གོ་བའི་ཤུལ་ལས་ འུར་བྱེལ་ཅན་གྱི་གནས་སྟངས།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ཉིན་མའི་ཆུ་ཚོད་ ༡ དང་ སྐར་མ་ ༣༩ དེ་ཅིག་ཁར་ བི་ཇེ་གསོ་རིག་མཐོ་རིམ་སློབ་གྲྭའི་ སྡོད་ཁང་དང་ བཟའ་ཁང་ནང་ སློབ་ཕྲུག་ཨ་ལོ་ཚུ་ ཉིན་ལྟོའི་དོན་ལས་ སྤུངས་འཛོམས་འབད་དེ་ སྡོད་པའི་སྐབས་ལུ་ གནམ་གྲུའི་སྐད་སྦོམ་སྦེ་ར་ གོ་བའི་ཤུལ་ལས་ ཁང་མིག་ཚུ་ གས་ཡོདཔ་ཨིན་པས།དེ་ཡང་ ཨེ་ཡར་ཨིན་ཌི་ཡའི་ གནམ་གྲུ་བོ་ཡིང་ ༧༨༧ འབད་མི་དེ་ ཨཱ་མེ་ད་བཱད་ གནམ་གྲུ་ཐང་ལས་ མཁའ་འགྲུལཔ་ ༢༤༢ འབག་སྟེ་ ལོན་ཌོན་ལུ་ འགྱོ་ནི་སྦེ་ སྐར་མ་ ༡ མ་ལང་པའི་ཧེ་མར་ ཕུར་འགྲུལ་འབད་ནུག།དེ་བསྒང་ གནམ་གྲུ་དེ་ལུ་ ངེས་གསལ་མེད་པའི་ སྐྱོན་ཞུགས་ཏེ་ འཕུར་ཚར་བའི་འཕྲལ་ལས་ བྱ་སྟབས་མ་བདེཝ་ཐོན་ཏེ་ སྲོག་སྐྱབས་ཀྱི་ བརྡ་འཕྲིན་བསྐྱལ་ཡོད་རུང་ ག་ནི་ཡང་ འབད་མ་ཚུགས་པའི་བར་ན་ གནམ་གྲུ་དེ་ སྡོད་ཁྱིམ་ཚུ་ཡོད་མི་ ས་གོའི་ནང་ བུད་སོངཔ་ཨིན་པས།གནམ་གྲུ་དེ་ དྲུང་འཚོ་ཚུ་སྡོད་སའི་ སྒྲིང་ཁྱིམ་ཐོག་ཁར་བུད་དེ་ གས་པའི་སྐབས་ལུ་ མེ་རིས་གནམ་ཁར་ལངས་སར་ […]

World News

ཨིཛ་རེལ་གྱིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཡར་སེང་།

བི་བི་སི། ཨིཛ་རེལ་གྱིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་པའི་ཤུལ་ལས་ རྒྱལ་སྤྱིའི་གནས་རིམ་ནང་ ས་སྣུམ་གྱི་ གོང་ཚད་མཐོ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཞུན་དག་མ་འབད་མི་ ས་སྣུམ་ལུ་ བརྒྱ་ཆ་ ༡༠ ལྷགཔ་ཅིག་གིས་ ཡར་སེང་འགྱོ་མི་དེ་ སྤྱི་ཟླ་ ༡ པ་ལས་ ད་ཚུན་གྱི་བར་ན་ ཡར་སེང་མཐོ་ཤོས་ཨིན་པས།ཚོང་འབྲེལ་འཐབ་མི་ཚུ་ལུ་ ཨི་རཱན་དང་ ཨིཛ་རེལ་རྒྱལ་ཁབ་ ༢ ས་སྣུམ་དང་འབྲེལ་བའི་ ནུས་ཤུགས་ཀྱིས་ཕྱུག་པའི་ རྒྱལ་ཁབ་འབདཝ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ འཆམ་ཁ་མེདཔ་འགྱོ་བ་ཅིན་ ས་སྣུམ་བཀྲམ་སྤེལ་ལུ་ ཐོ་ཕོག་ནི་ཨིན་པའི་ ཚ་གྱང་ཚུ་བཤད་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ཞུན་དག་མ་འབད་མི་ ས་སྣུམ་གྱི་ གོང་ཚད་དེ་ རྒྱ་རྫི་རེ་ལུ་ ཌོ་ལར་ ༧༤.༢༣ དེ་རེ་ གནས་ཡོད་རུང་ ན་ཧིང་གི་ གོང་ཚད་དང་ཕྱདཔ་ད་ བརྒྱ་ཆ་ ༡༠ དེ་ཅིག་གིས་ དམའ་སུ་སྦེ་ གནས་དོ་ཡོདཔ་ཨིན་པས།དེ་མ་ཚད་ སྤྱི་ལོ་ […]

World News

བང་ལ་དེཤ་ལུ་ རྒྱལ་ཡོངས་བཙག་འཐུ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༢ པའི་ནང་ འགོ་འདྲེན་འཐབ་ནི།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ བང་ལ་དེཤ་གི་ གནས་སྐབས་གཞུང་གི་ འགོ་ཁྲིདཔ་གིས་ ཧེ་མ་ གསལ་བསྒྲགས་འབད་མི་ལས་ ཟླཝ་ ༢ ཀྱི་ཧེ་མར་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེན་འཐབ་ནི་གི་ འོས་འབབ་ཡོད་པའི་ བརྡ་སྟོན་འབད་ནུག།དེ་ཡང་ གནས་སྐབས་གཞུང་གི་འགོ་ཁྲིདཔ་ མུ་ཧ་མཱད་ ཡུ་ནུཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བང་ལ་དེཤ་ རྒྱལ་ཡོངས་ཚོགས་པའི་ ཁྲི་འཛིན་འོག་མ་ ཏ་རིག་རཱ་མཱན་གྱིས་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༢ པའི་ནང་ ར་མ་དཱན་གྱི་ཧེ་མར་ ཚོགས་རྒྱན་བཙུགས་དགོཔ་སྦེ་ གྲོས་འཆར་བཀོད་མི་ལུ་ ལན་གསལ་འབད་ཡི་ཟེར་ཨིན་པས།མ་གཞི་ འགོ་ཁྲིདཔ་ཡུ་ནུཛ་གིས་ འདས་པའི་བདུན་ཕྲག་ནང་ བཙག་འཐུ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༤ པའི་ ཟླ་ཕྱེད་ལུ་ འགོ་འདྲེན་འཐབ་ནི་སྦེ་ བཤད་ཡོད་རུང་ ལྡོག་ཕྱོགས་སྡེ་ཚན་ཚུ་གིས་ དེ་གི་ཧེ་མ་ལས་ ཚོགས་རྒྱན་བཙུགས་དགོ་པའི་ བརྡ་སྐུལ་འབད་ནུག།བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་དེ་ འདས་པའི་ལོ་ནང་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འབད་བ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ལས་ […]

World News

ཨིཛ་རེལ་གྱིས་ ཨི་རཱན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཐུན་རྐྱེན་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨིཛ་རེལ་གྱིས་ ཨི་རཱན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ བཟོ་ནི་ལས་ བཀག་ཐབས་ལུ་ ཨི་རཱན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཐུན་རྐྱེན་དང་ མི་ཛ་ཡེལ་གྱི་འཕྲུལ་ཁང་ དེ་ལས་ དམག་སྡེའི་བཀོད་དཔོན་ཚུ་ལུ་ ཆེད་དུ་དམིགས་ཏེ་ གནོད་འཚུབ་བཀལ་ནུག། ཨིཛ་རེལ་གྱི་ དྲག་པོའི་མགྲིན་ཚབ་ ཡོངས་ཁྱབ་མདོ་འཛིན་ ཨི་ཕི་ཌེ་ཕིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ གནོད་འཚུབ་བཀལ་བའི་ དགྲ་ལན་ལུ་ ཨི་རཱན་གྱི་ཁ་ཐུག་ལས་ མཁའ་དམག་འཕྲུལ་ཆས་ ཌཱོན་ ༡༠༠ དེ་ཅིག་ ཨིཛ་རེལ་གྱི་ ས་ཁོངས་ནང་ འཕངས་ཡོདཔ་སྦེ་ཨིན་པས། ཨི་རཱན་གྱི་ བརྡ་བརྒྱུད་དང་ མི་སེར་ཚུ་གིས་འབད་བ་ཅིན་ ཨི༌རཱན་གྱི་ ས་གནས་ན་ཏཱནཛི་ལུ་ ཡུ་རེ་ནི་ཡམ་ཟེར་མི་ རྫས་སྣའི་འཕྲུལ་ཁང་གཙོ་བོ་གིས་གཙོས་པའི་ ས་གོ་ཚུ་ནང་ རྫས་བམ་ཚུ་ གས་ཡོད་སར་ མཐོང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ ཨི་རཱན་གྱིས་ མི་ཛ་ཡེལ་དང་ ཌཱོན་ཚུ་གི་སྒོ་ལས་ དགྲ་ལན་འཇལ་ནི་བཟུམ་ཡོདཔ་ལས་ རྒྱལ་ཁབ་ནང་ […]

Online now: 11 Today: 1613 Total visitors: 21744