ArchiveAboutContact

Archive

Browse by month

11287 stories

World News

ཏ་ཡེ་ཝཱན་ལུ་ འཛུལ་ཞུགས་མཚོ་འགྲམ་བརྒྱུད་དེ་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་གྲུ་འགྲུལ་བསྐྱོད།

རོའི་ཊརཛ།སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་གྲུ་ ༢ ཏ་ཡེ་ཝཱན་ལུ་འཛུལ་ཞུགས་ཀྱི་ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་ནུག་ཟེར་ཨིན་པས།དེ་ཡང་ ཀེ་ན་ཌའི་དམག་གྲུ་ ཝིལ་ཌེ་ཀུའི་བེག་དང་ ཨཱཛ་ཊྲེ་ལི་ཡའི་ མི་ཛ་ཡེལ་ བཟློག་ཐབས་དམག་གྲུ་ བི་རིཛ་བཱེན་ ༢ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་ ས་མཚམས་རྒྱ་མཚོའི་ནང་ འཛུལ་ཞུགས་འབད་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ ཏ་ཡེ་ཝཱན་ སྲུང་སྐྱོབ་ལྷན་ཁག་གིས་ གནད་དོན་དེ་གི་སྐོར་ལས་ བསམ་འཆར་ག་ནི་ཡང་ སླབ་མི་ཚུགས་ཟེར་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་སྡེ་ ༢ ཀྱིས་ཡང་ དྲི་བ་བཀོད་མི་ལུ་ ལན་གསལ་བཤད་མ་བཏུབ་ཨིན་པས།དེ་འབདཝ་ད་ རྒྱ་ནག་དམག་སྡེ་གིས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་སྟེ་ དམག་གྲུ་ ༢ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་མཇུག་མ་བསྡུ་ཚུན་ཚོད་ར་ གསང་ཞིབ་དང་ ལྟ་རྟོགས་འབད་ཡོདཔ་སྦེ་བཀོད་ནུག།མ་གཞི་ ཡུ་ཨེཛ་དང་ ཡུ་ཨེཛ་གི་ མཐུན་འབྲེལ་རྒྱལ་ཁབ་ ཀེ་ན་ཌ་དང་ བི་རི་ཊེན་ […]

National News

མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ མཇལ་ཕྲད་ཐོག་ལུ་ གོང་འཕེལ་ལས་སྣའི་གསུང་གྲོས།

པདྨ་དབང་འདུས།སྤྱི་ཟླ་ ༩ པའི་ཚེས་ ༥ གི་ཕྱི་རུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་གྱིས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ དེ་བསྒང་ རྒྱ་གཞུང་གི་ རྒྱབ་སྐྱོར་ཐོག་ལུ་ ལག་ལེན་འཐབ་མི་ འཆར་གཞི་ ༡༣ པའི་ ལས་འགུལ་ཚུ་དང་ མཐའ་དོན་གཅིག་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།དེ་མ་ཚད་ ཆུར་བརྟེན་ནུས་ཤུགས་ཀྱི་ མཉམ་འབྲེལ་དང་ མཐུད་འབྲེལ་ཅན་གྱི་ གསར་བཏོད་ལས་དོན་ དེ་ལས་ དཔལ་འབྱོར་མཉམ་འབྲེལ་དང་ མི་སེར་གྱི་བར་ན་ བརྗེ་སོར་ལས་རིམ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་ཁ་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་འདྲ་བའི་ འབྲུག་གི་གོང་འཕེལ་གྱི་ གཙོ་རིམ་ཚུ་དང་ ཚོང་འབྲེལ་ལུ་ མཐུན་རྐྱེན་སྦྱར་ནི་དང་ ལམ་སྲོལ་གྱི་འབྲེལ་བ་ཚུ་གི་སྐོར་ལས་ཡང་ ཐུགས་འཆར་ཚུ་ བརྗེ་སོར་གནང་ཡོད་པའི་གནས་ཚུལ།

Special News

མི་དབང་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཁས་བླངས་པ་ཚུ་དང་གཅིག་ཁར་གྲལ་བཞུགས།

པདྨ་དབང་འདུས།སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མི་མང་གི་ ས་གོ་དང་ གླིང་ག་ལ་སོགས་པའི་ མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནིའི་ནང་ མི་སྡེའི་ཞབས་ཏོག་ཞུ་མི་ ཁས་བླངས་པ་ཚུ་དང་གཅིག་ཁར་ གྲལ་བཞུགས་མཛད་གནང་ཡོདཔ་ཨིན་པས།ལས་རིམ་དེ་ཡང་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་ བཀྲ་ཤིས་སྨོན་ལམ་གྱི་ མཛད་སྒོ་དང་བཅསཔ་སྦེ་ འགོ་བཙུགས་གནང་ནུག།ད་རེས་ ལས་རིམ་དེ་ནང་ དགེ་ལེགས་ཕུག་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་གི་ནང་ལས་ རྒྱལ་སྲུངཔ་དང་ བདེ་སྲུངཔ་ སྤྱི་ཚོགས་ཀྱི་འཐུས་མི་ ལས་སྡེ་ཁག་མ་འདྲཝ་ཚུ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཡན་ལག་ལས་སྡེ་ དེ་ལས་ རེཌ་ཀོ་རོཛ་དང་ དྲང་ཁྲིམས་ལྷན་སྡེ་ ཁེ་མིན་ལས་ཚོགས་ཚུ་ལས་ ཁས་བླངས་པ་ཚུ་ཡོདཔ་ཨིན་པས།དེ་མ་ཚད་ རྩི་རང་དང་ དར་དཀར་ནང་ པདྨ་ཐང་ ཕུན་ཚོགས་གླིང་ གཞལམ་སྒང་ཀྲོང་ མནྜལ་སྒང་ ངང་ལམ་ཚུ་ལས་ཡང་ མི་སྡེའི་སྡེ་ཚན་ཚུ་བརྩིས་ཏེ་ ཁས་བླངས་པ་ཡོངས་བསྡོམས་ ༧,༠༥༠ དེ་ཅིག་ སྤུངས་འཛོམས་འབད་ནུག།དེ་བཟུམ་མའི་ གྲལ་གཏོགས་གང་མང་ཐོག་གི་ ཁས་བླངས་ལས་རིམ་དེ་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་ དགེ་ལེགས་ཕུག་ […]

Special News

སྐྱབས་རྗེ་མཆོག་གིས་ རྒྱ་གར་རྒྱལ་པོའི་ཁབ་ལུ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ལུ་ བཀྲ་ཤིས་རབ་གནས།

མགོན་པོ་རྡོ་རྗེ།ཤིང་སྦྲུལ་ཟླཝ་ ༧ པའི་ཚེས་ ༡༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ གསར་བཞེངས་གནང་མི་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ཡོདཔ་ཨིན་པས།བཀྲིས་རབ་གནས་ཀྱི་ མཛད་རིམ་རྟེན་འབྲེལ་དེ་ཁར་ མི་རྗེ་བློན་ཆེན་མཆོག་གིས་གཙོས་པའི་ ནང་སྲིད་བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ རྒྱ་གར་གྱི་ ལས་འབྲེལ་ཚོགས་ཁང་དང་ སྡེ་ཆུང་ལས་འབྲེལ་གྱི་ སྤྱི་ཚོགས་བློན་པོ་ ཀི་རཱན་ རི་ཇི་ཇུ་དང་ བི་ཧར་མངའ་སྡེའི་ ཤེས་རིག་བློན་པོ་ དེ་ལས་ བི་ཧར་མངའ་སྡེ་གཞུང་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ནུག།འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་དེ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་ ༡༩༧.༢༧ ཟད་འགྲོ་བཏང་ཐོག་ལས་ གསར་བཞེངས་གནང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་ རྒྱ་འབྲུག་ ༢ ཀྱི་བར་ན་ མཐུན་འབྲེལ་འགོ་བཙུགས་ཏེ་ མི་ལོ་ ༥༠ […]

World News

མཐའ་ཡས་ལེན་ རྒྱལ་ཁབ་ནང་ འདས་པའི་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ བློན་ཆེན་ཨང་གསུམ་པ་གདམ་འཐུ།

བི་བི་སི།མཐའ་ཡས་ལེན་གྱིས་ འདས་པའི་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ བློན་ཆེན་ ༢ ཕྱིར་དབྱུངས་འབད་བའི་ཤུལ་ལས་ ད་རེས་ ད་རུང་ཡང་ སྤྱི་ཚོགས་ནང་ལས་ ཚོང་པ་འབྱོར་ལྡན་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་དེ་ བློན་ཆེན་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།མཐའ་ཡས་ལེན་གྱི་ སྲིད་དོན་ནང་ དབང་ཤུགས་ཅན་གྱི་མི་བརྒྱུད་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ ཀམ་བོ་ཌི་ཡ་དང་གཅིག་ཁར་ ས་མཚམས་ཟིང་འཁྲུག་གི་སྐོར་ལས་ བཟང་སྤྱོད་ལས་འགལ་བའི་ ལཱ་བྱ་འཐབ་པ་ལུ་བརྟེན་ཏེ་ འདས་པའི་བདུན་ཕྲག་ནང་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུངས་འབད་ནུག།ཨ་ནུ་ཊིན་གྱི་ བྷུམ་ཇའི་སྲིད་ཚོགས་དེ་ ཤི་ན་ཝ་ཏ་རའི་ ཕིའུ་མཐའ་ཡས་སྲིད་ཚོགས་དང་ མཉམ་བསྡོམས་འབད་དེ་ཡོད་ས་ལས་ ཕྱིར་ཐོན་འབད་དེ་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་གྱིས་ བློན་ཆེན་གྱི་ གོ་གནས་དོན་ལས་ སེམས་སྐུལ་འབད་བའི་ཤུལ་ལུ་ སྤྱི་ཚོགས་ནང་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མཐའ་ཡས་ལེན་གྱི་ ཁྲིམས་འདུན་ལས་ གཞུང་སྐྱོང་ཆ་མེད་དང་ དམག་སྡེའི་གཞུང་སྐྱོང་དབང་བཟུང་ཚུ་ ཚར་ལེ་ཤ་ཅིག་ར་ ལག་ལེན་འཐབ་མི་དང་བསྟུནམ་ད་ མཐའ་ཡས་ལེན་གྱི་ གནས་སྟངས་དེ་ ངེས་མེད་ཅན་ཅིག་ལུ་ འགྱུར་ཡོདཔ་སྦེ་བཀོད་ནུག།སྤྱི་ལོ་ ༢༠༠༡ ལུ་ པེ་ཏོང་ཏ་རཱན་གྱི་ཨ་པ་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ ཨུ་ཏར་པར་དེཤ་ལུ་གཟིགས་སྐོར།

མི་རྗེ་བློན་ཆེན་མཆོག་ སྤྱི་ཟླ་ ༩ པའི་ཚེས་ ༥ གི་དྲོ་པར་ ཨ་ཡོ་དྷི་ཡ་ གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ ཨུ་ཏར་པར་དེཤ་ མངའ་སྡེའི་བློན་པོ་ སུ་རི་ཡ་པར་ཏབ་ ཤ་ཧི་དང་ ཨ་ཡོ་དྷི་ཡའི་ སྤྱི་ཚོགས་འཐུས་མི་ ཝེད་པར་ཀཤ་གུབ་ཏ་ དེ་ལས་ གཞན་ཡང་ མངའ་སྡེའི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ མི་རྗེ་བློན་ཆེན་གྱིས་ ཨ་ཡོ་དྷི་ཡ་ལུ་ ཤྲཱི་རཱམ་ཟེར་ རྒྱལ་པོ་དགའ་བྱེད་ཀྱི་ལྷ་ཁང་ནང་ ཐུགས་སྨོན་ཚུ་གནང་སྟེ་ ཆོས་ཕྱོགས་མཛད་སྒོར་ གྲལ་གཏོགས་མཛད་ནུག། ལྷ་ཁང་དེ་ཡང་ ཧིན་དུ་ཆོས་ལུགས་ཀྱི་ སྔར་ཁྱུན་ལམ་སྲོལ་གྱི་ བརྩི་མཐོང་ཆེ་བའི་ དྲན་རྟེན་སྦེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ནང་ རབ་གནས་གནང་ཡོདཔ་ད་ རྒྱ་གར་ལུ་ ཆོས་དོན་གྱི་ས་ཁོངས་ རྩ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ མི་རྗེ་བློན་ཆེན་མཆོག་ ས་གནས་དེ་ཁར་ བྱོན་མི་དེ་གིས་ རྒྱ་འབྲུག་ ༢ ཀྱི་བར་ན་ ལམ་སྲོལ་དང་ ཆོས་དོན་གྱི་འབྲེལ་བ་ དམ་ཟབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། ཨ་ཡོ་དྷི་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ […]

Online now: 27 Today: 2489 Total visitors: 19956