ArchiveAboutContact

Archive

Browse by month

11268 stories

Special News

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ ཧཱ་གི་སེར་ཁའི་དུས་སྟོན་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༧ ལུ་ ཧཱ་གི་སེར་ཁའི་དུས་སྟོན་ ཐེངས་ ༣ པ་དེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ དབུ་བཞུགས་ཐོག་ལུ་ འགོ་འབྱེད་རྟེན་འབྲེལ་བརྩི་གནང་སར་ མི་རྗེ་བློན་ཆེན་གྱིས་ཡང་ གྲལ་གཏོགས་མཛད་ནུག། དུས་ཅི་གི་ དུས་སྟོན་དེ་ ཡོངས་ཁྱབ་ཅན་གྱི་ ངོ་རྟགས་བརྗོད་དོན་ ཧཱ་ལེགས་མི་ལེགས་ རྟོགས་མེད་གསར་བརྟོལ་ཟེར་ ཧཱ་དེ་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་བཤལཔ་ཚུ་གི་དོན་ལུ་ བསྐྱོད་ཡུལ་སྦེ་ གོང་འཕེལ་གཏང་ཐབས་ལུ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ […]

National News

འབྲུག་གི་ཁྲིམས་སྤྱི་བློན་པོ་མཆོག་གིས་ དྲུང་ཁག་དྲང་དཔོན་ ༤ དང་ དྲང་རབ་ ༣ བསྐོ་བཞག།

རང་ཟླ་ ༢ པའི་ཚེས་ ༡༩ སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་མཆོག་གིས་ དྲུང་ཁག་དྲང་དཔོན་ ༤ དྲང་དཔོན་རབ་འབྱམས་ ༣ བསྐོ་བཞག་གནང་ཡོདཔ་ཨིན་པས། དེ་ཡང་ ལང་དགའ་བསྟན་འཛིན་དེ་ ཝམ་རོང་དྲུང་ཁག་གི་ དྲང་དཔོན་དང་ པདྨ་བཀྲིས་དཔལ་སྒྲོན་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ བསྟར་སྤྱོད་ལས་ཚན་ནང་ དྲང་དཔོན་རབ་འབྱམས་སྦེ་ བསྐོ་བཞག་གནང་ཡོདཔ་ད་ བདེ་ཆེན་འཚོ་མོ་རྡོ་རྗེ་དེ་ འབྲུག་གི་མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་རབ་འབྱམས་སྦེ་ བསྐོ་བཞག་གནང་ནུག། དེ་བཟུམ་སྦེ་ ཚེ་རིང་རྡོ་རྗེ་དེ་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ དྲང་དཔོན་དང་ འཇིགས་མེད་སེངྒེ་དེ་ འབྲུག་གི་མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་རབ་འབྱམས་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་ལས་ ཚེ་རིང་དར་མགོ་དབང་མོ་དེ་ ལྷ་མོའི་རྫོང་ཁ་དྲུང་ཁག་གི་ དྲང་དཔོན་དང་ བཀྲིས་རྡོ་རྗེ་དེ་ ཕུན་ཚོགས་གླིང་དྲུང་ཁག་གི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ […]

Online now: 12 Today: 508 Total visitors: 13871