ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་ཚུ་གུ་ འོད་རླབས་གོ་མཚོན་ལག་ལེན།

རོའི་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ལྷོ་ཀོ་རི་ཡའི་ དྲག་དམག་གོ་མཚོན་མཁོ་སྒྲུབ་ལས་སྡེ་གིས་ བྱང་ཀོ་རི་ཡའི་ མཁའ་དམག་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ཕབ་གཏང་ནིའི་དོན་ལས་ འོད་རླབས་གོ་མཚོན་ཚུ་ ལག་ལེན་འཐབ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ དེ་བཟུམ་མའི་ གོ་མཚོན་ལག་ལེན་འཐབ་མི་དེ་ འགོ་དང་པ་ འོང་ནི་ཨིནམ་ད་ ལྷོ་ཀོ་རི་ཡ་གིས་ འོད་རླབས་གོ་མཚོན་གྱི་ ལས་རིམ་དེ་ལུ་ མཁའ་དམག་སི་ཊར་ཝར་ཟེར་ སླབ་ཨིན་པས།དེ་བཟུམ་མའི་ འོད་རླབས་ཀྱི་ གོ་མཚོད་ཚུ་ཡང་ ཨཱན་ཝ་མཁའ་དམག་ལས་སྡེ་གིས་ གོང་འཕེལ་བཏངཡོདཔ་ད་ འོད་རླབས་གོ་མཚོན་གྱི་ ལྡེའུ་རེ་ལུ་ ཌོ་ལར་ ༡.༤༥ རེ་ གནས་མི་དེ་ ཁེ་ཤོས་ཅིག་ཨིན་པས།དེ་ལས་ འོད་རླབས་ཀྱི་ གོ་མཚོན་ཚུ་ལུ་ སྐད་མེདཔ་མ་ཚད་ མིག་གིས་ཡང་ མི་མཐོང་དོ་ཡོདཔ་ད་ འོད་རླབས་གོ་མཚོན་དེ་གིས་ ཌྲཱོན་ཚུ་གི་ འཕྲུལ་ཆས་ཨམ་དང་ ཡང་ཅིན་ ཌྲཱོན་ཚུ་ནང་ཡོད་མི་ གློག་ཐོག་ལཱ་ཆས་ཚུ་ སྐར་ཆ་ ༡༠ ལས་ ༢༠ གི་བར་ན་ འཚིགས་གཏངམ་ཨིན་པས།ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ བྱང་ཀོ་རི་ཡའི་ […]

World News

རྒྱ་ནག་གིས་ ཏ་ཡེ་ཝཱན་དང་གཅིག་ཁར་ དྲན་ཚོར་ཅན་གྱི་ བཅད་མཚམས་བརྒལ་ཏེ་ མཁའ་དམག་གནམ་གྲུ་ ལག་ལེན་ཐོག་ལས་དམག་སྦྱོང་།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཏ་ཡེ་ཝཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་རྒྱལ་ས་ ཝ་ཤིང་ཊཱོན་ཌི་སི་ལུ་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་འཚོགས་པའི་སྐབས་ལུ་ རྒྱ་ནག་གིས་ མཁའ་དམག་གནམ་གྲུ་ཚུ་ ལག་ལེན་འཐབ་སྟེ་ དམག་སྦྱོང་འབདཝ་མས་ཟེར་ཨིན་པས།དེ་ཡང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༦༦ དང་ གནམ་གྲུ་ཆགས་སའི་ གྲུ་ཆེན་ ༧ དང་བཅསཔ་སྦེ་ ཏ་ཡེ་ཝཱན་མཐའ་བསྐོར་ཏེ་ ལག་ལེན་འཐབ་ཡོདཔ་ད་ གནམ་གྲུ་དེ་ཚུའི་གྲས་ལས་ གནམ་གྲུ་ ༥༦ གིས་ རྒྱལ་ཁབ་ ༢ ཀྱི་ དྲན་ཚོར་བཅད་མཚམས་བརྒལ་ཏེ་ འཕུར་འགྲུལ་འབད་ནུག།གནད་དོན་དེ་གི་སྐོར་ལས་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་དམག་མི་ཚུ་གིས་ ཏ་ཡེཝཱན་གྱི་ མཚོ་འགྲམ་བདའ་སྟེ་ རྒྱ་ནག་གི་ གནམ་གྲུ་དང་ གྲུ་ཚུ་ཡོངས་རྫོགས་སྦེ་ར་ གསང་ཞིབ་འབད་དོ་ཟེར་ཨིན་པས།ཕི་ལི་པིན་ དྲག་པོའི་དམག་སྡེ་གིས་ཡང་ ཕི་ལི་པིན་གྱི་ རྒྱ་མཚོའི་ནང་ རྒྱ་ནག་དང་ ར་ཤི་ཡ་གིས་ དམག་སྦྱོང་ཚུ་འབད་དོ་ཡོད་པའི་ སྙན་ཞུ་ཚུ་ ལྷོད་ཅི་ཟེར་ བཤད་ཡོད་རུང་ གྲུ་ཆེན་ཤཱན་དོག་གི་སྐོར་ལས་ […]

World News

བྱང་ཨེཊ་ལེན་ཊིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གིས་ མཁའ་དམག་གནམ་གྲུ་ཨེཕ་-༡༦ ཚུ་ ཡུ་ཀེ་རེན་ལུ་སྤོ་བཤུད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ ཝ་ཤིང་ཊཱོན་ཌི་སི་ལུ་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཁག་གི་ དབུ་ཁྲིད་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ འབད་མི་ སྡེ་ཚན་ ༡ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་གྱི་དོན་ལས་ སྤོ་བཤུད་འབད་དོ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།དེ་ཡང་ ཡུ་ཀེ་རེན་གྱིས་ འཕྲོ་མཐུད་དེ་ར་ ར་ཤི་ཡའི་ གནོད་འཚུབ་ཚུ་ བཟློག་ཐབས་ལུ་ མཁའ་དམག་གནམ་གྲུ་དེ་ཚུ་ དུས་ཅི་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཡུ་ཀེ་རེན་གྱི་ མཁའ་དབྱིངས་ལུ་ འཕུར་ཚུགས་ནི་ཨིན་པས།ཡུ་ཨེཛ་གི་ རྒྱལ་ས་ལུ་འཚོགས་མི་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་ཧམ་འཛུལ་འབད་ཡོད་མིའི་སྐོར་ལས་ གྲོས་གཞིའི་གནད་དོན་ གཙོ་བོ་སྦེ་ བཀོད་དེ་ཡོདཔ་ད་ ཞལ་འཛོམས་དེ་ནང་ འཐུས་མི་རྒྱལ་ཁབ་ ༣༢ ཡོདཔ་ཨིན་པས།ཡུ་ཀེ་རེན་གྱིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ དེང་དུས་ཀྱི་ མཁའ་དམག་གནམ་གྲུ་ཚུ་གི་ གྲོགས་རམ་འཚོལཝ་འཚོལ་སར་ཡོདཔ་ལས་ […]

World News

ཨི་རཱན་ལུ་ མ་སུད་པེ་ཟེཤ་ཀི་ཡཱན་གྱིས་ སྲིད་འཛིན་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ ཨི་རཱན་གྱི་ གནས་ཚུལ་ནི་ བཀོད་དོ་བཟུམ་འབད་བ་ཅིན་ ཨི་རཱན་གྱི་ གཞི་སྒྱུར་མཁས་མཆོག་ མ་སུད་པེ་ཟེཤ་ཀི་ཡཱན་གྱིས་ ཨི་རཱན་གྱི་ སྲིད་འཛིན་བཙུག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ཅི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ ཚོགས་རྒྱན་ས་ཡ་ ༣༠.༥ གྱངས་ཁ་རྐྱབ་མིའི་ནང་ལས་ པེ་ཟེཤ་ཀི་ཡཱན་གྱིས་ ཚོགས་རྒྱན་ས་ཡ་ ༡༦.༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གི་བྱང་ཕྱད་ ས་ཡིད་ཇ་ལི་ལི་གིས་ ཚོགས་རྒྱན་ས་ཡ་ ༡༣.༥ ཐོབ་ནུག།པེ་ཟེཤ་ཀི་ཡཱན་དེ་ ཚོགས་རྒྱན་ཐེངས་དང་པའི་ནང་ལས་ ཚོགས་རྒྱན་མཐོ་ཤོས་ ཐོབ་པའི་ཤུལ་ལུ་ ཚོགས་རྒྱན་ཐེངས་ ༢ པའི་ནང་ལས་ཡང་ རྒྱལ་ཁབ་ཐོབ་ཡོདཔ་ཨིན་པས།ད་རེས་ སྲིད་འཛིན་གསརཔ་དེ་ ཨིཛ་རེལ་དང་ མ་འགྲིགས་པར་ཡོད་པའི་ཁར་ རྒྱལ་སྤྱི་དང་ མཐུན་ལམ་དང་ དཔལ་འབྱོར་ཉམས་པའི་ གནས་སྐབས་ནང་ཡོད་མི་ ཨི་རཱན་རྒྱལ་ཁབ་ཀྱི་ དབུ་ཁྲིད་མཛད་དགོ་པའི་ འགན་ཁུར་ཡང་ འཁྲི་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཧང་ག་རིའི་ བློན་ཆེན་དང་ ར་ཤི་ཡའི་ སྲིད་འཛིན་ ༢ ཀྱི་བར་ན་ མོཛ་ཀཱོ་ལུ་མཇལ་ཕྲད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ ཧང་ག་རིའི་བློན་ ཝིག་ཊོར་ཨོར་བཱན་དེ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོདཔ་བཞིན་དུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།ཧང་ག་རིའི་ བློན་ཆེན་དང་ ར་ཤི་ཡའི་ སྲིད་འཛིན་གྱི་བར་ན་ མཇལ་ཕྲད་མ་མཛད་པའི་ ཉིན་གྲངས་ ༣ གྱི་ཧེ་མར་ ཧང་ག་རིའི་ བློན་ཆེན་གྱིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ གཟིགས་སྐོར་གནང་སྟེ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་དང་ཡང་ མཇལ་ཕྲད་མཛད་ནུག།ད་རེས་ ཧང་ག་རིའི་ རྒྱལ་ཁབ་དེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ལྷན་ཚོགས་ཀྱི་ གཙོ་འཛིན་ཨིནམ་ད་ བློན་ཆེན་ཨོར་བཱན་དེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཁག་གི་ དབུ་ཁྲིད་ཚུ་གི་གྲས་ལས་ ར་ཤི་དང་ མཐུན་ལམ་བཞག་མི་དེ་ ཧང་ག་རི་རྐྱངམ་གཅིག་ཨིན་པས།ཧང་ག་རིའི་ བློན་ཆེན་དང་ ར་ཤི་ཡའི་ སྲིད་འཛིན་གྱི་བར་ན་ གསུང་གྲོས་གནང་པའི་ཤུལ་ལས་ ཧང་ག་རིའི་ བློན་ཆེན་གྱིས་འབད་བ་ཅིན་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ འཆར་སྣང་ཚུ་ རྩ་ལས་ར་ མི་འདྲ་བས་ཟེར་ཨིན་རུང་ ཡུ་རོབ་ཀྱི་ […]

World News

མེག་སི་ཀོའི་ རྒྱལ་ཁབ་ནང་ རླུང་འཚུབ་བེ་རིལ་ཟེར་མི་གིས་གནོད་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ མེག་སི་ཀོའི་ ཤར་ཕྱོགས་མཚོ་འགྲམ་བདའ་སྟེ་་ རླུང་འཚུབ་བེ་རིལ་ཟེར་མི་ འཕུ་ཡོདཔ་ལས་ ས་གནས་ལེ་ཤ་ཅིག་གི་ནང་ གློག་མེའི་བརྒྱུད་ལམ་ཚུ་ མེདཔ་བཏང་ནུག།དེ་ཡང་ བལྟ་བཤལ་པ་ཚུ་གི་དོན་ལས་ ཉམས་དགའ་བའི་ས་ཆ་ ཡུ་ཀ་ཏཱན་གླིང་ཕྲན་ནང་ རླུང་འཚུབ་ཀྱིས་ མི་གྲངས་ ༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཇ་མའི་ཀ་དང་ གེར་ན་ཌ་ སེན་ཝིན་སེན་ དེ་ལས་ བྱང་ཝེ་ནེ་ཟུའི་ལ་ཚུན་ལུ་ ཁྱབ་ཡོདཔ་ཨིན་པས།གནམ་གཤིས་ཚན་རིག་མཁས་མཆོག་ཚུ་གིས་ རྒྱལ་སྤྱིའི་ནང་ ཚ་དྲོད་ཀྱི་ཚད་གཞི་ འཕྲོ་མཐུད་དེ་ར་ ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་བཟུམ་མའི་ རླུང་འཚུབ་ཚུ་ དུས་ཡུན་རིངམོ་སྦེ་ར་ འཕུ་ནི་གི་ཉེན་ཁ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།རླུང་འཚུབ་ཀྱི་ ཤུགས་ཚད་དེ་ཡང་ ཧེ་མ་དང་ཕྱདཔ་ད་ དེ་ཚེ་ ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་ ༡༦༠ ལུ་ བབས་ཡོད་རུང་ མེག་སི་ཀོ་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་དགོཔ་སྦེ་ སླབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀ་ཊར་ལུ་ ཧ་མཱཛ་དང་ ཨིཛ་རེལ་གྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་ འདུམ་འགྲིག་གསུང་གྲོས།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་འཕྲོ་འཐུད་དེ་ར་ རྐྱབ་པའི་བར་ན་ ཧ་མཱཛ་གི་ ཁ་ཐུག་ལས་ ཕྱད་མདའ་མཚམས་འཇོག་གི་ གྲོས་དོན་ཅིག་ བཀོད་པ་ལུ་བརྟེན་ཏེ་ ཨིཛ་རེལ་ལས་ འདུམ་འགྲིག་སྡེ་ཚན་ཅིག་ ཀ་ཊར་ལུ་ སོང་ཡོདཔ་ཨིན་པས།ཨིཛ་རེལ་གྱི་ འདུམ་འགྲིག་སྡེ་ཚན་དེ་ གསང་ཞིབ་གཙོ་འཛིན་ ཌེ་ཝིཌ་བར་ནི་ཨེ་གིས་ འགོ་ཁྲིད་འབད་དེ་ཡོདཔ་ད་ སྡེ་ཚན་དེ་གིས་ ས་གནས་དོ་ཧ་ལུ་ འདུམ་འགྲིག་པ་ གཞན་ཚུ་དང་ཕྱད་ནུག།ཨིཛ་རེལ་གྱི་ བློན་ཆེན་གྱི་ ཡིག་ཚང་ལས་ ཤུལ་མའི་བདུན་ཕྲག་ནང་ཡང་ འདུམ་འགྲིག་སྡེ་ཚན་གཞན་མི་ཅིག་ ཀ་ཊར་ལུ་བཏང་སྟེ་ གྲོས་བསྟུན་ཚུ་ ལོག་སྟེ་ར་འབད་ནི་ཨིན་རུང་ འདུམ་འགྲིག་སྡེ་ཚན་ཁག་གི་ རྩ་ཕན་ཚུ་གི་བར་ན་ ཁ་འཆམ་མ་ཚུགས་པའི་ གནད་དོན་ཚུ་ཡང་ འཐོན་སྲིད་ནི་མས་ཟེར་ཨིན་པས།འདུམ་འགྲིག་གི་ གྲོས་དོན་དེ་ཡང་ ཧ་མཱཛ་གི་ཁ་ཐུག་ལས་ འཆར་སྣང་གསརཔ་ཚུ་བཙུགས་ཏེ་ ཀ་ཊར་དང་ ཨི་ཇིབ་ དེ་ལས་ ཊར་ཀི་ཚུ་གི་ འདུམ་འགྲིག་པ་ཚུ་ལུ་ སྤྲོད་ཡོད་རུང་ འཕྲལ་ཁམས་ཀྱི་ འདུམ་འགྲིག་གི་ གནད་དོན་ཚུ་ གསང་བརྟོལ་མ་འབད་བར་བཞག་ནུག།ཨིན་རུང་ ཧ་མཱཛ་གི་ […]

World News

ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དེ་ དགོངསམ་ཞུ་དགོ་པའི་ ཨེབ་ཤུགས་བསྐྱེད་རུང་ ཕྱིར་འཐོན་མི་འབད་ནི།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ འདས་པའི་བདུན་ཕྲག་ནང་ སྲིད་འཛིན་བཙག་འཐུའི་ རྩོད་འགྲན་སྐབས་ལུ་ རྩོད་བསྡུར་ལེགས་ཤོམ་སྦེ་ འབད་མ་ཚུགས་པའི་ཤུལ་ལུ་ ཁོ་རའི་མ་འོངས་པའི་སྐོར་ལས་ བསམ་ཞིབ་འབད་བའི་ སྙན་ཞུ་ཚུ་ཡོད་རུང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་བཙག་འཐུའི་ནང་ལས་ ཕྱིར་ཐོན་མི་འབད་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ མི་མང་ཤོས་ཅིག་གིས་ར་ དུས་ཅི་ སྤྱི་ཟླ་ ༡༡ པའི་ སྲིད་འཛིན་བཙག་འཐུའི་ནང་ ཇཱོ་བ་ཡེ་ཌེན་གྱི་ཚབ་ལུ་ ཀ་མ་ལ་ཧ་རིཛ་གིས་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ འགྲན་བསྡུར་འབད་ནི་ཨིན་པའི་ འཆར་སྣང་ཚུ་བཀོད་ནུག།ཨིན་རུང་ སྲིད་འཛིན་བ་ཡེ་ཌེན་དང་ སྲིད་འཛིན་འོགམ་ ཀ་མ་ལ་ཧ་རིཛ་ ༢ ཝ་ཡིཊ་ཧ་འུཛ་ནང་སྦེ་ གཞན་ག་ཡང་མེད་པར་ གསོལཝ་བཞེས་པའི་ཤུལ་ལས་ སྲིད་འཛིན་གོང་འོགམ་ ༢ ཀྱིས་ སྲིད་ཚོགས་ཀྱི་ བསྐུལ་བསྒྲགས་ཚུ་འབདཝ་ད་ ཇཱོ་བ་ཡེ་ཌེན་གྱིས་ ཁོ་ར་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་ཀྱི་ འདེམས་ངོ་ཨིནམ་ལས་ ག་གིས་ཡང་ ཕྱིར་བཏོན་འབད་མི་ཚུགས་ནི་ཨིན་པའི་ཁར་ ཁོ་ར་གིས་ཡང་ ཕྱིར་འཐོན་མི་འབད་ཟེར་ བཤད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ བཙག་འཐུའི་དོན་ལས་ […]

World News

རྒྱ་གར་ལུ་ ཧིན་དུའི་དུས་སྟོན་ཅིག་ནང་ མི་ཧབ་ཐོབ་རྐྱབ་སྟེ་ རྒྱུག་འགྱོ་བའི་སྐབས་ལུ་ མི་གྲངས་ ༡༢༡ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་ལུ་ ཧིན་དུའི་ཆོས་ལུགས་ཀྱི་ དུས་སྟོན་ཅིག་ བརྩི་སྲུང་འབད་བའི་ཤུལ་ལས་ མི་ཚུ་གིས་ ཧབ་ཐོབ་རྐྱབ་སྟེ་ རྒྱུག་འགྱོ་མིའི་ནང་ མི་གྲངས་ ༡༢༡ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ རང་བསྐོས་ཆོས་བཤདཔ་ བྷོ་ལེ་བཱ་བ་ཟེར་མི་ཅིག་གིས་ ཧིན་དུའི་ཆོས་ཕྱོགས་ཀྱི་དུས་སྟོན་ ས་གཙང་ཟེར་མི་དེ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚད་ལས་བརྒལ་བའི་ མི་མང་སྤུངས་འཛོམས་འབད་མི་ལུ་བརྟེན་ཏེ་ རྐྱེན་ངན་དེ་ བྱུང་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ དུས་སྟོན་འགོ་འདྲེན་འཐབ་མི་ གཙོ་བོ་ཚུ་ལུ་་ ཉེས་འཛུགས་ཡང་འབད་ཡོདཔ་ཨིན་པས།དུས་སྟོན་གྱི་ཉིན་མར་ ས་གོ་དེ་ནང་ ཆར་ཆུ་འཁྱིལ་ཏེ་ ལམ་འགྱོ་ནི་ལུ་ དཀའ་ངལ་ཐོན་ཡོདཔ་ལས་ དུས་སྟོན་དེ་ འགོ་འདྲེན་འཐབ་མི་ཚུ་གིས་ ས་སྤག་ཅུང་ཚུ་ བཀལ་ཏེ་ཡོད་མིའི་ནང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ཤི་རྐྱེན་བྱུང་མི་ཚུ་གི་ གོ་ལ་དང་ ལྷམ་ཚུ་གིས་ གང་སྟེ་ཡོདཔ་སྦེ་མཐོང་ནུག།རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ ཨམ་སྲུ་ཚུ་ཨིནམ་ད་ རྐྱེན་ངན་དེ་ཡང་ དུས་སྟོན་གྱི་ སྨོན་ལམ་ཚུ་ […]

World News

ཨི་རཱན་རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུ།

སི་ཨེན་ཨེན། ཨི་རཱན་གྱི་སྲིད་འཛིན་ ཨི་བར་ཧིམ་ རའི་སི་དེ་ ཕྱི་འབྲེལ་བློན་པོ་ ཧོ་སེན་ཨ་མིར་ ཨབ་དོ་ལ་ ཧི་ཡཱན་དང་གཅིག་ཁར་ ཧེ་ལི་ཀོབ་ཊར་ ཐུག་རྐྱེན་ནང་ གཤགས་པའི་ཤུལ་ལས་ རྒྱལ་ཁབ་ནང་ དབུ་ཁྲིད་མེདཔ་ལས་ སྲིད་འཛིན་བཙུག་འཐུ་ཐེངས་དང་པ་ སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ འགོ་འདྲེན་འཐབ་ནུག།གཞན་དལ་གཞིར་ ཨི་རཱན་གྱི་ ཚེ་འདས་སྲིད་འཛིན་དེ་ རྒྱལ་ཁབ་ཀྱི་ མངོན་མཐོའི་གཙོ་འཛིན་ སྐྱེས་ལོ་ ༨༥ འབད་མི་ ཨ་ཡ་ཏོ་ལ་ ཨ་ལི་ཁོ་མེ་ནི་གི་ ཚབ་འཛིན་འབད་ནི་གི་ དུམ་ཁར་ལྷོད་ཡོདཔ་ཨིན་པས།ད་རེས་ རྒྱལ་ཁབ་དེ་ ཨིཛ་རེལ་དང་གཅིག་ཁར་ མ་འགྲིག་པར་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ལུ་ཡང་ དཔལ་འབྱོར་གྱི་ དཀའ་ངལ་དང་ མི་སྡེའི་དཀའ་ངལ་ཚུ་ཡོད་རུང་ རྒྱལ་ཁབ་ཀྱི་དོན་ལུ་ གལ་གནད་ཆེ་བའི་ སྲིད་འཛིན་བཙག་འཐུ་དེ་ འགོ་འདྲེན་འཐབ་ནུག།ད་རེས་ཀྱི་ བཙག་འཐུ་དེ་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ ལས་རིམ་དང་འབྲེལ་ཏེ་ ཨི་རཱན་དང་གཅིག་ཁར་ མཐུན་ལམ་ཉམས་པའི་དུས་སྐབས་ནང་ ཕོག་ཡོདཔ་ད་ བཙག་འཐུ་གཉིས་པའི་ནང་ ཚོགས་རྒྱན་བརྒྱ་ཆ་ ༥༠ ཐོབ་མི་ འདེམས་ངོ་དེ་ སྲིད་འཛིན་སྦེ་ […]

Online now: 4 Today: 1667 Total visitors: 19134