ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

དིལླི་གནམ་གྲུ་ཐང་གི་ ཐོག་གཡབ་ཅིག་ རམ་ཡར་སོངཔ་ལས༌ མི་ ༡ ལུ་ཤི་རྐྱེན།

སི་ཨེན་ཨེན།སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ རྒྱ་གར་དིལླིའི་ གནམ་གྲུ་ཐང་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཐོག་གཡབ་ཅིག་ རམ་ཡར་སོངཔ་ལས་ མི་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་དག་པ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ཐོག་གཡབ་དེ་ཡང་ དྲོ་པའི་ཆུ་ཚོད་ ༥ དེ་ཅིག་ཁར་ ཆརཔ་ལུ་བརྟེན་ཏེ་ རམ་ཡར་སོངམ་ལས་ འཛུལ་སྒོ་དང་པའི་ གནམ་ཐང་ནང་ལས་ གནམ་གྲུ་འཕུར་འགྲུལ་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོཔ་བྱུང་ནུག།མེ་རྐྱེན་སྲུང་སྐྱོབ་ཀྱི་ ལས་རོགས་ཅིག་གིས་འབད་བ་ཅིན་ ཉེན་སྲུང་གི་ ལཱ་འབད་མི་ཚུ་གིས་ ཤི་རྐྱེན་བྱུང་མིའི་ཕུངམོ་དེ་ ཕྱི་ཁར་བཏོན་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོད་རུང་ རྨ་སྐྱོན་བྱུང་མི་ ༨ པོ་དེ་ ཕྱི་ཁར་བཏོན་ནི་ལུ་ སྐར་ཆ་ ༢༠ དེ་ཅིག་ལས་ མ་འགོར་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ འཁོར་ལམ་ཚུ་གུ་ ཆུ་འཁྱིལ་ཡོདཔ་ལས་ སྣུམ་འཁོར་ཚུ་ཡང་ ཆུ་ནང་ཐིམ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཧཱོན་ཌུ་རཱཛ་གི་ སྲིད་འཛིན་བགྲེསཔ་ལུ་ སྨྱོ་རྫས་དང་འབྲེལ་བའི་ མི་ལོ་ ༤༥ གི་བཙོན་ཁྲིམས།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཧཱོན་ཌུ་རཱཛ་ རྒྱལ་ཁབ་ཀྱི་ སྲིད་འཛིན་བགྲེསཔ་ ཇུ་ཝཱན་ཨོར་ལེན་ཌོ་ ཧར་ནེན་ཌེཛ་ལུ་ ཡུ་ཨེཛ་གི་ ཁྲིམས་ཁང་ཅིག་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༤༥ གི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ ཧར་ནེན་ཌེཛ་གིས་ ཡུ་ཨེཛ་ལུ་ ཀེ་ཧང་ནང་འདྲེན་དང་ ཀྲོབ་མདའ་ཚུ་གིས་གཙོས་པའི་ ཉེན་འཚུབ་ཅན་གྱི་ གོ་མཚོན་ཚུ་ བདག་བཟུང་འབད་ཡོད་པའི་ ཉེས་འཛུགས་འཁྲི་ཡོདཔ་ད་ ནིའུ་ཡོག་གི་ ཁྲིམས་རྩོདཔ་ཚུ་གིས་འབད་བ་ཅིན་ ཁོ་གིས་ དབུས་ཨ་མེ་རི་ཀ་དེ་ སྨྱོ་རྫས་ཀྱི་ རྒྱལ་ཁམས་བཟུམ་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་མ་ཚད་ སྨྱོ་རྫས་ནག་ཚོང་རྐྱབ་མི་ཚུ་ ཁྲིམས་ལས་ཟུར་ཐབས་ལུ་ ཌོ་ལར་ས་ཡ་ས་ཡ་སྦེ་ ནང་གསུག་ལེན་ནུག་ཟེར་ཨིན་པས།སྐྱེས་ལོ་ ༥༥ འབད་མི་ སྲིད་འཛིན་བགྲེསཔ་ ཧར་ནེ་ཌེཛ་དེ་ གནས་སྐབས་གཅིག་ བུ་རུག་ལིན་ བཙོན་ཁང་ནང་ བཞག་ཡོདཔ་ད་ ཁོ་ལུ་ཉེས་ཆད་ཡང་ ཌོ་ལར་ས་ཡ་ ༨ བཀལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡའི་ རྒྱལ་ཁབ་ནང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ བརྡ་བརྒྱུད་ ༨༡ བཀག་དམ།

ཨཱལ་ཇ་ཟི་ར། འདས་པའི་ཟླཝ་ནང་ བ་ར་སེལཛ་གིས་ ར་ཤི་ཡའི་ གཞུང་འབྲེལ་བརྡ་བརྒྱུད་ ལ་ལོ་ཅིག་ བཀག་དམ་འབད་བའི་ཤུལ་ལས་ ར་ཤི་ཡ་གིས་ཡང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་ བརྡ་བརྒྱུད་ ༨༡ བཀག་དམ་འབད་ནུག།འཐུས་མི་རྒྱལ་ཁབ་ ༢༧ ཡོད་མི་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ སྤྱི་ཟླ་ ༥ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ ཕྱད་མདའ་རྐྱབ་པའི་སྐོར་ལས་ བརྡ་དོན་རྫུན་མ་ སྤེལ་ཡོདཔ་ལས་ ར་ཤི་ཡའི་ བརྡ་བརྒྱུད་ ༤ བཀག་དམ་འབད་ཡོདཔ་ཨིན་པས།ར་ཤི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་བའི་སྐོར་ལས་ བརྡ་དོན་རྫུན་མ་ཚུ་ རིམ་པ་བཞིན་དུ་ ཁྱབ་སྤེལ་འབདཝ་ལས་ བརྡ་བརྒྱུད་དེ་ཚུ་ བཀག་དམ་འབདཝ་ཨིན་པའི་ གསལ་བཤད་འབད་ནུག།ད་རེས་ ར་ཤི་ཡ་གིས་ ཡུ་རོབ་རྒྱལ་ཁབ་ ༢༥ གི་ བརྡ་བརྒྱུད་ཚུ་ བཀག་དམ་འབད་མིའི་གྲས་ལས་ མཐོ་ཤོས་ར་ ཕ་རཱནཛ་གི་ བརྡ་བརྒྱུད་ ༩ ཚུད་དེ་ཡོདཔ་ཨིན་པས།བརྡ་བརྒྱུད་བཀག་དམ་གྱི་གྲས་ཁར་ རྒྱལ་ཁབ་གཞན་ཡང་ ཇར་མ་ནི་དང་ སི་པེན་ ཕིན་ལེན་ ཨ་ཡར་ལེན་ […]

World News

ཀེ་ནི་ཡའི་ སྤྱི་ཚོགས་ནང་ ཁྲལ་རིགས་ཡར་སེང་གི་ དཔྱད་ཡིག་བཙུགས་པའི་ རྒྱབ་འགལ་ལུ་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ། ཀེ་ནི་ཡའི་སྲིད་འཛིན་ ཝི་ལི་ཡམ་ རུ་ཏོ་གིས་ ཁྲལ་ཡར་སེང་གི་ དཔྱད་ཡིག་ཅིག་ སྤྱི་ཚོགས་ནང་ བཙུགས་ཡོད་མི་ལུ་ མི་སེར་ཚུ་གིས་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ དཔྱད་ཡིག་དེ་ ཕྱིར་བཏོན་འབད་ནུག།དེ་ཡང་ སྲིད་འཛིན་རུ་ཏོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ དཔྱད་ཡིག་དེ་ལུ་བརྟེན་ཏེ་ མི་སེར་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ བྲེལ་ཟིང་ཐོན་ཏེ་ མི་གྲངས་ ༢༣ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ དངུལ་གྱི་དཔྱད་ཡིག་ ༢༠༢༤ ཅན་མ་ལུ་ མཚན་རྟགས་མི་བཀོད་ནི་ཨིནམ་སྦེ་ རྒྱང་མཐོང་ཐོག་ལས་ གསུངས་ཡོདཔ་ཨིན་པས།སྲིད་འཛིན་རུ་ཏོ་གིས་ སྲིད་འཛིན་གྱི་ གོ་གནས་འཆང་སྟེ་ ད་རེས་ ལོ་ངོ་ ༢ འགྱོ་དོ་ཡོདཔ་ད་ ཁོ་གིས་ སྤྱི་ཚོགས་ནང་ ཁྲལ་ཡར་སེང་གི་ དཔྱད་ཡིག་བཙུགས་མི་ལུ་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་དེ་ སྲིད་གཞུང་བསྐྱར་བཀོད་འབད་དགོ་པའི་ དགོས་མཁོ་ཚུ་ཡང་ བཀོད་ཡོདཔ་ལས་ སྲིད་འཛིན་རུ་ཏོ་ལུ་ དཀའ་ངལ་ཚབས་ཆེན་སྦེ་ར་བྱུང་ནུག།མ་གཞི་ སྤྱི་ཚོགས་ནང་ ཁྲལ་ཡར་སེང་གི་ དཔྱད་ཡིག་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ སྐྱིན་འགྲུལ་ཁ་སྐོང་བྱིན་མི་ རྒྱལ་སྤྱི་དངུལ་འབྲེལ་ལས་སྡེ་ཚུ་གིས་ རྒྱལ་ཁབ་ཀྱི་ […]

World News

བོ་ལི་ཝི་ཡའི་ རྒྱལ་ཁབ་ནང་ དམངས་གཙོའི་སྲིད་གཞུང་ བཙན་འཕྲོག་འབད་ནི་གི་ དཔའ་བཅམ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ བོ་ལི་ཝི་ཡའི་ རྒྱལ་ཁབ་ནང་ དམག་སྡེའི་གཙོ་འཛིན་ ཇུ་ཝཱན་ཇོ་སེ་ ཟུ་ནི་ག་གིས་ སྲིད་གཞུང་བཙན་འཕྲོག་འབད་ཐབས་ལུ་ དམག་མི་ཚུ་ཁྱིད་དེ་ སྲིད་འཛིན་གྱི་ ཕོ་བྲང་ཕྱི་ཁར་ གྲ་སྒྲིག་སྦེ་ བཞག་ཐོག་ལས་ ཕོ་བྲང་གི་ འཛུལ་སྒོ་ཚུ་གུ་ ཤུགས་སྦེ་བརྡུངས་ནུག།ཨིན་རུང་ གནད་དོན་དེ་ དེ་འཕྲལ་ལས་ གནས་ཚུལ་ཐོག་ལས་ འཛམ་གླིང་ག་ཏེ་ལུ་ཡང་ ཁྱབ་སོངཔ་ལས་ འཛམ་གླིང་གི་ དབུ་ཁྲིད་ཚུ་གིས་ དམག་སྡེའི་ལཱ་བྱ་དེ་ ཁྲིམས་འགལ་ཨིན་པའི་ ཁ་ཉེས་བཀལ་བའི་ཤུལ་ལས་ ཟུ་ནི་ག་གིས་ དམག་མི་ཚུ་ལུ་ རྒྱབ་བཤུད་རྐྱབ་དགོ་པའི་ བཀོད་རྒྱ་བྱིན་ཏེ་ བྱེལཝ་དེ་འཇོམས་ཡོདཔ་ཨིན་པས།དེ་མ་ཚད་ དམག་སྡེའི་ལཱ་ངན་དེ་ལུ་ མི་སེར་ལ་ལོ་ཅིག་གིས་ཡང་ ཁྲོམ་ལམ་ཚུ་བདའ་སྟེ་ འགྲེམ་སྟོན་ཚུ་འབད་ཡོདཔ་ལས་ སྲིད་འཛིན་ཨར་སེ་གིས་ དམངས་གཙོའི་རིང་ལུགས་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ བོ་ལི་ཝི་ཡའི་ མི་སེར་ཚུ་ལུ་ བཀའ་དྲིན་དགའ་ཚོར་ལུགས་ཚུ་གི་ གསལ་བཤད་གནང་་ཡོདཔ་ད་ དེ་གི་ཤུལ་ལས་ དམག་སྡེའི་གཙོ་འཛིན་ ཟུ་ནི་ག་དེ་ཡང་ འཛིན་བཟུང་འབད་ནུག།སྲིད་འཛིན་ཨར་སེ་གིས་ སྤྱི་ལོ་ ༢༠༢༠ ལུ་ སྲིད་འཛིན་གྱི་ གོ་གནས་བཞེས་ཡོདཔ་ད་ […]

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་ ག་ཟ་ཁྲོམ་ཚོགས་ཀྱི་ ས་ཁོངས་ཚུ་ནང་གནོད་འཚུབ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ ལྷོ་བྱང་ས་ཁོངས་ཚུ་ནང་ གནོད་འཚུབ་སྦོམ་ བཀལ་ཡོདཔ་ལས་ ས་གནས་ར་ཕ་ཟེར་སར་ ཉིན་ནུབ་ ༡ གི་རིང་ལུ་ ཕྱག་མདའ་རྐྱབ་ནུག།ས་ཁོངས་དེ་ཚུའི་ནང་ སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཕ་ཁྲོམ་གྱི་ ནུབ་ཕྱོགས་ས་གནས་ ཊེལ་ཨཱལ་སུལ་ཏཱན་ཟེར་སར་ ཕྱད་མདའ་ཤུགས་སྦེ་ར་ རྐྱབ་ཡོདཔ་མ་ཚད་ ཧ་མཱཛ་དང་ ཨིཛ་ལ་མིག་ ཇི་ཧཱད་ཀྱི་ དམག་མི་ཚུ་གིས་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གི་ གོ་མཚོན་སྟོབས་ཚུ་ བཟློག་ཐབས་ལུ་ མི་ཛ་ཡེལ་དང་ ལག་བམ་ཚུ་ བཀོག་ཡི་ཟེར་ཨིན་པས།དེ་ཡང་ ཟླཝ་ཧེ་མའི་ནང་ལས་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཨི་ཇིབ་རྒྱལ་ཁབ་ཀྱི་ ས་མཚམས་ཁར་ཡོད་མི་ ག་ཟ་ལྷོ་ཕྱོགས་ཀྱི་ཁྲོམ་ ར་ཕ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་ཚུ་ བཀལ་ཡོདཔ་ད་ ས་གནས་དེ་ཁར་ མི་སེར་ས་ཡ་ ༢.༣ དེ་ཅིག་ ཕྱད་མདའ་ལས་ཟུར་ཏེ་ སྐྱབས་བཅོལ་བ་སྦེ་ སྡོད་དོ་ཡོད་རུང་ ད་རེས་ མི་སེར་ཚུ་ ས་གནས་དེ་ཁ་ལས་ཡང་ […]

World News

ཀེ་ནི་ཡའི་ རྒྱལ་ཁབ་ནང་ ཁྲལ་ཡར་སེང་འབད་བའི་ གནད་ལུ་བརྟེན་ཏེ་ངོ་རྒོལ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ ཀེ་ནི་ཡའི་ རྒྱལ་ཁབ་ནང་ གཞུང་གིས་ ཁྲལ་ཡར་སེང་འབད་བའི་ རྒྱབ་འགལ་ལུ་ རང་དབང་སྡེ་ཚན་ཚུ་གིས་ རྒྱལ་ཡོངས་ཀྱི་གནས་རིམ་ནང་ ངོ་རྒོལ་འབདཝ་ལས་ མི་གྲངས་ ༢༠༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ངོ་རྒོལ་འབད་མི་ཚུ་གི་གྲས་ལས་ མི་གྲངས་ ༡༠༠ ལྷགཔ་ཅིག་ཡང་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག།དེ་ཡང་ ཀེ་ནི་ཡའི་རྒྱལ་ས་ ནའི་རོ་བི་ལུ་ ཁྲིམས་སྲུང་དམག་མི་ཚུ་གིས་ མིག་ཆུ་ཐོན་རླུང་དང་ ཀྲོབ་མདའི་ལྡེའུ་ཚུ་གིས་ཕོག་སྟེ་ རྨ་སྐྱོན་བྱུང་ཡོདཔ་ད་ ལ་ལོ་ཅིག་ ཁྲིམས་སྲུང་འགག་སྡེ་ལས་ ཟུར་ཐབས་འབད་བའི་སྐབས་ལུ་ སྣུམ་འཁོར་ཚུ་གིས་ འཐུ་བཀོག་སྟེ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ས་གནས་ཀྱི་ བརྡ་བརྒྱུད་དང་འཁྲིལཝ་ད་ མི་ངོམ་ ༡ ལུ་ ཀྲོབ་མདའ་ཕོགཔ་ལས་ ནའི་རོ་བིའི་ སྨན་ཁང་ནང་ གྱོངས་ཡོདཔ་མ་ཚད་ སྐྱེས་ལོ་ ༢༩ འབད་མི་ ཕོ་སྐྱེས་ ༡ ལུ་ཡང་ ཀྲོབ་མདའ་གིས་ བརླད་དོ་གུ་ཕོག་སྟེ་ སྨན་བཅོས་འབད་བའི་བར་ན་ གྱོངས་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པ་ཀིཛ་ཏཱན་ལུ་ ཀོ་རཱན་ལུ་ སྐུར་འདེབས་ཀྱི་ ཁ་ཉེས་བཀལ་ཏེ་ བལྟ་བཤལ་པ་དམར་བསད།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ པ་ཀིཛ་ཏཱན་གྱི་ཁྲོམ་ མ་དི་ཡཱན་ཟེར་སར་ བལྟ་བཤལ་པ་ཅིག་ མུཛ་ལིམ་ཆོས་ལུགས་ཀྱི་བཀའ་འགྱུར་ ཀོ་རཱན་ལུ་ སྐུར་འདེབས་ཀྱི་ ཁ་ཉེས་བཀལ་ཐོག་ལས་ མི་མང་གིས་ ཁྲིམས་སྲུང་དམག་སྒར་ནང་ལས་ ཕྱི་ཁར་འདྲུད་བདའ་སྟེ་ དམར་བསད་འབད་ནུག།དེ་ཡང་ སྐུར་འདེབས་ཀྱི་ ཉེས་ཁྲིམས་དེ་ སྲོག་ཐོག་ལུ་ བཀལ་སྲོལ་ཡོདཔ་ད་ ཟླཝ་ཧེ་མའི་ནང་ ཡེ་ཤུའི་ཆོས་ལུགས་ཀྱི་ བལྟ་བཤལ་པ་ཅིག་ མི་མང་གིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ གྱོངས་སོངཔ་ཨིན་པས།ད་རེས་ བལྟ་བཤལཔ་དེ་ དམར་བསད་འབད་བའི་ཤུལ་ལུ་ ཕུངམོ་ལམ་བདའ་སྟེ་ འདྲུད་ཞིནམ་ལས་ མཐའ་མཇུག་ལུ་ མེ་བཏང་སར་ མཐོང་ཅི་ཟེར་ མིག་གིས་མཐོང་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་བཀོད་ནུག།ག་དེ་སྦེ་ར་ཨིན་རུང་ པ་ཀིཛ་ཏཱན་གྱི་ བཟའ་ཁང་ཚུ་ བལྟ་བཤལ་པ་ཚུ་གིས་ གང་སྟེ་ཡོད་རུང་ འཕྲལ་ཁམས་ཀྱི་ བྱེལཝ་ཚུ་ལུ་བརྟེན་ཏེ་ བལྟ་བཤལ་པ་ཚུ་ ག་ཐོབ་རྐྱབ་སྟེ་ པ་ཀིཛ་ཏཱན་ལས་ འཐོན་འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་པཱན་གྱིས་ རྒྱ་ནག་གི་ ཚོང་ཆས་བཀག་དམ།

རོའི་ཊརཛ། རྒྱ་པཱན་གྱིས་ རྒྱ་ནག་ལུ་ གཞི་བཙུགས་འབད་དེ་ཡོད་མི་ ཚོང་སྡེ་ཚུ་ ཚོང་འབྲེལ་འཐབ་ནི་ལས་ བཀག་དམ་འབད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ རྒྱ་པཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའི་དོན་ལས་ ར་ཤི་ཡ་ལུ་ རྒྱབ་སྐྱོར་འབད་མི་ ངོ་རྐྱང་དང་ སྡེ་ཚན་གྱི་ ཚོང་ཆས་ཚུ་ བཀག་དམ་འབད་བའི་ ཆ་ཤས་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།བཀག་དམ་དེ་གི་གྲས་ཁར་ རྒྱ་གར་དང་ ཀ་ཛ་ཀིཛ་ཏཱན་ དེ་ལས་ ཨེཛ་བེ་ཀིཛ་ཏཱན་ཚུ་ནང་ཡོད་མི་ རྒྱ་ནག་གི་ ཚོང་སྡེ་ཚུ་ལུ་ཡང་ ཆ་གནས་འབད་ནི་གི་ དམིགས་གཏད་ཨིནམ་ད་ ད་རེས་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ རྒྱ་པཱན་གྱིས་ རྒྱ་ནག་གི་ཚོང་སྡེ་ཚུ་ བཀག་དམ་འབད་མི་དེ་ འགོ་དང་པ་ཨིན་པས།དེ་མ་ཚད་ ར་ཤི་ཡའི་ ཌྲཱོན་ཚུ་གི་ མཉེན་ཆས་ཕྲ་རབ་ཚུ་ཡང་ མཁོ་སྤྲོད་འབད་མི་ ཧོང་ཀོང་གི་ ཨེ་ཤི་ཡ་དང་ པེ་སི་ཕིག་ ལིང་ཟེར་མི་དང་ རྒྱ་ནག་ལུ་ གཞི་བརྟེན་ཏེ་སྡོད་མི་ ཡི་ལུ་ཕ་ཨི་ལེག་ཊོ་ནིག་ཟེར་མི་ ཚོང་སྡེ་ ༢ ཡང་ བཀག་དམ་གྱི་གྲངས་སུ་ཚུད་ནུག།དེ་བཟུམ་མའི་ […]

World News

ཡུ་ཀེའི་རྒྱལ་ཁབ་ནང་ལས་ མི་སེར་ཕྱུག་ཤོས་ཚུ་ སྟོང་ཕྲག་ལས་བཅད་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་སྤོ་བཤུད།

སི་ཨེན་ཨེན།ཧེ་མ་འབད་བ་ཅིན་ ཡུ་ཀེ་དེ་ མི་ཕྱུགཔོ་ཚུ་ འགྲུལ་བསྐྱོད་འབད་སའི་ རྒྱལ་ཁབ་ཅིག་ཨིན་རུང་ ད་རེས་ནངས་པར་ གཞུང་གི་ཁྲལ་ཡར་སེང་དང་ སྲིད་དོན་གྱི་ རྩོད་རྙོག་ཚུ་ལུ་ སེམས་དང་མ་ལྡན་པར་ མི་སེར་ཕྱུག་ཤོས་ཚུ་ རྒྱལ་ཁབ་ལས་ཐོན་ཏེ་ འགྱོ་སྲིད་ནི་གི་ གནས་སྟངས་ལུ་ ལྷོད་ཡོདཔ་ཨིན་པས།དེ་ཡང་ དུས་ཅི་ དངུལ་སྒྱུར་རུང་བའི་བདོག་གཏད་ ཌོ་ལར་ས་ཡ་ ༡ ལས་ ལྷག་སྟེ་ཡོད་མི་ མི་སེར་ ༩,༥༠༠ དེ་ཅིག་ རྒྱལ་ཁབ་སྤངས་ཏེ་ འགྱོ་ནི་བཟུམ་ཅིག་ཡོད་མི་དེ་ ན་ཧིང་དང་ཕྱདཔ་ད་ ལོག་བལྟབ་འོང་ནི་མས་ཟེར་བཀོད་ནུག།འཛམ་གླིང་ནང་ མི་སེར་ཕྱུག་ཤོས་ཚུ་སྡོད་སའི་ ས་ཁོངས་ ༡༥ གི་ནང་ལས་ ཕྱིར་ཐོན་འབད་མི་ མང་ཤོས་ར་ ཡུ་ཀེ་ལུ་ སྡོད་མི་ཚུ་ཨིནམ་ད་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ སྤྱི་ལོ་ ༢༠༢༤ ལུ་ རྒྱ་ནག་ལས་ མི་གྲངས་ ༡༥,༢༠༠ དེ་ཅིག་ འཐོན་འགྱོ་འོང་ཟེར་ཨིན་པས།དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༣ ལས་ཚུར་ རྒྱ་པཱན་དང་ ཧོང་ཀོང་ལས་ཡང་ མི་སེར་ཕྱུགཔོ་ཚུ་ ཐོན་འགྱོ་དོ་ཡོདཔ་ད་ ཡུ་ཨེཛ་དང་ ཀེ་ན་ཌ་ ཨཱཛ་ཊེ་ལི་ཡ་ […]

Online now: 2 Today: 1614 Total visitors: 19081