ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཀེའི་ས་གནས་ སཱན་དར་ལེན་ལུ་ངོ་རྒོལ།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ཡུ་ཀེའི་ས་གནས་ ས་འུད་པོཊ་ཟེར་སར་ ན་གཞོན་ཅིག་གིས་ ཨ་ལོ་ ༣ གྱི་གསོབ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ལས་ ཕྱི་མི་ནང་བསྐྱོད་ལུ་ རྒྱབ་འགལ་འབད་མི་ཚུ་གིས་ ངོ་རྒོལ་འབད་ནུག།དེ་ཡང་ ས་གནས་སཱན་དར་ལེན་ལུ་ ངོ་རྒོལ་འབད་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ཚུ་གུ་ རྡོ་ཚུ་བླུགས་པའི་ཁར་ སྣུམ་འཁོར་ཚུ་ཡང་ གང་རྐྱལ་སློག་སྟེ་ སྣུམ་འཁོར་ཅིག་ལུ་ མེ་སྤར་ཡོདཔ་ཨིན་པས།ནོར་ཐམ་བིར་ཡའི་ ཁྲིམས་སྲུང་གཙོ་འཛིན་གྱིས་ མི་མང་གི་ ཉེན་སྲུང་དེ་ ང་བཅས་ཀྱི་ གཙོ་རིམ་ཨིནམ་ལས་ དེ་བཟུམ་མའི་ ངོ་རྒོལ་འབད་ནི་གི་ འཆར་གཞི་བརྩམ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ད་ ཁྲིམས་སྲུང་འགག་པ་ ལེ་ཤ་སྦེ་ བཙུགས་དོ་ཡོདཔ་སྦེ་བཤད་ནུག།ད་རེས་ཀྱི་ ངོ་རྒོལ་འགྲེམ་སྟོན་དེ་ ཕྱི་རུ་ཁམས་ཅིག་ཁར་ ཚབས་ཆེན་ཅིག་ལུ་ གྱུར་ཡོདཔ་ད་ ཕྱི་མི་ནང་བསྐྱོད་ལུ་ རྒྱབ་འགལ་འབད་མི་ཚུ་གིས་ འདས་པའི་བདུན་མཐའ་ལུ་ ས་གནས་ཁག་ ལེ་ཤ་ཅིག་གི་ནང་ར་ ངོ་རྒོ་གྱི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ སྐྱེས་ལོ་ ༡༧ འབད་མི་ བུཚ་ ༡ གྱི་གསོབ་རྐྱབ་མི་ཨིན་པའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ནུག་ཟེར་ […]

World News

ཡུ་ཨེཛ་གིས་ འཛམ་གླིང་ཤར་དབུས་ལུ་ མཁའ་དམག་གནམ་གྲུ་ཧེང་སྐལ།

ཨེ་བི་སི། འདས་པའི་བདུན་ཕྲག་ནང་ ཨི་རཱན་ལུ་ ཧ་མཱཛ་གི་གཙོ་འཛིན་ དམར་བསད་འབད་བའི་སྐོར་ལས་ ཨི་རཱན་གྱིས་ ཨིཛ་རེལ་ལུ་ ཁ་ཉེས་བཀལཝ་ལས་ གལ་སྲིད་ ཨི་རཱན་གྱིས་ ཨིཛ་རེལ་དང་གཅིག་ཁར་ ཕྱད་མདའ་རྐྱབ་པ་ཅིན་ཟེར་ གྲོགས་རམ་གྱི་དོན་ལས་ འཛམ་གླིང་ཤར་དབུས་ལུ་ ཡུ་ཨེཛ་གིས་ མཁའ་དམག་གནམ་གྲུ་ཚུ་ བཏང་དོ་ཡོདཔ་ཨིན་པས།དེ་མ་ཚད་ མཁའ་དམག་གནམ་གྲུ་ཚུ་འབག་མི་ གྲུ་ཆེན་ཅིག་ཡང་ འཛམ་གླིང་ཤར་དབུས་ལུ་ རྒྱུན་སྐྱོང་འཐབ་ནི་སྦེ་ཡོད་མིའི་ཐེད་ཁར་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་གྱིས་ ཧེ་མའི་གྲུ་ཆེན་ ཐི་ཡོ་ཌོར་ རུ་སེ་ཝེལ་ཟེར་མི་དེ་ གྲུ་ཆེན་ཨ་བར་ཧམ་ ལིན་ཀཱོན་ཟེར་མིའི་ ཚབ་འཛིན་འབད་དགོ་པའི་ བཀོད་རྒྱ་ཡང་བཏང་ནུག།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་ལུ་ ཡུ་ཨེཛ་གི་ སྲུང་སྐྱོབ་དམག་མི་ཚུ་ བཙུགས་ནི་སྦེ་ ཁས་ལེན་འབད་མི་དང་བསྟུན་ཏེ་ཨིན་པས།དེ་བཟུམ་སྦེ་ ཡུ་ཨེཛ་གི་ཁ་ཐུག་ལས་ འཛམ་གླིང་ཤར་དབུས་ལུ་ མཁའ་དམག་སྡེ་ཚན་དང་ མི་ཛ་ཡེལ་ དེ་ལས་ ས་ཐོག་མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ཡང་ མང་སུ་བཙུགས་ཏེ་ ཕྱད་མདའི་ལྕོགས་གྲུབ་ ཡར་སེང་འབད་ནི་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་དེ་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱིས་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ ལུགས་མཐུན་གདམ་འཐུ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་ཁ་ཐུག་ལས་ ད་རེས་ཀྱི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་དེ་ སྲིད་འཛིན་གྱི་དོན་ལས་ དོ་འགྲན་འབད་མི་ འདེམས་ངོ་སྦེ་ ཚོགས་རྒྱན་བསྐྱུར་ཏེ་ ལུགས་མཐུན་ཐོག་ལུ་ གདམ་འཐུ་གྲུབ་ནུག།ཨམ་ཀ་མ་ལ་ ཧ་རིཛ་དེ་ ཡུ་ཨེཛ་གི་ སྲིད་ཚོགས་ནང་ ཚད་ལྡན་འགན་ཁུར་འབག་མི་ མདོག་གནག་མི་རིགས་དང་ ལྷོ་ཨེ་ཤི་ཡའི་ ཨམ་སྲུ་དང་པ་ཨིནམ་མ་ཚད་ གལ་སྲིད་ སྤྱི་ཟླ་ ༡༡ པའི་ སྲིད་འཛིན་བཙུག་འཐུ་སྐབས་ལུ་ ཌོ་ནཱལ་ཊམ་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཡུ་ཨེཛ་ལུ་ ཨམ་སྲུ་སྲིད་འཛིན་དང་པ་ཡང་ འོང་ནི་ཨིན་པས།དེ་ཡང་ འཐུས་མི་ ༢,༣༥༠ གི་ རྒྱབ་སྐྱོར་ཐོག་ལས་ གདམ་འཐུ་འགྲུབ་དགོཔ་ཡོད་མི་ དམའ་མཐའི་ཚད་གཞི་ལས་ལྷག་སྟེ་ ཚོགས་རྒྱན་ཐོབ་ཡོདཔ་ལས་ མོ་གིས་ བརྒྱུད་འཕྲིན་ཐོག་ལས་ ཨ་མི་རི་ཀའི་ ཁས་བླངས་ལུ་ ཡིད་ཆེས་ཡོདཔ་བཞིན་དུ་ བསྐུལ་བསྒྲགས་དེ་ཡང་ ཁས་བླངས་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་འོང་བཤད་ནུག།སྐྱེས་ལོ་ ༥༩ འབད་མི་ ཨམ་ཀ་མ་ལ་ […]

World News

ཕི་ལི་ཕིན་ལུ་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༡ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ཕི་ལི་ཕིན་གྱི་རྒྱལ་ས་ མ་ནི་ལ་ལུ་ཡོད་མི་ རྒྱ་ནག་ཁྲོམ་གྱི་ ས་ཁོངས་ནང་ ཐོག་ཚད་ ༥ འབད་མི་ སྡོད་ཁྱིམ་དང་ ཚོང་འབྲེལ་གྱི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུངམ་ལས་ མི་གྲངས་ ༡༡ ལུ་ ཤི་རྐྱེན་བྱུང་ནུག།མེ་རྐྱེན་དེ་ཡང་ མ་ནི་ལའི་ བི་ནོན་ཌོ་ རྫོང་ཁག་ནང་ དྲོ་པའི་ཆུ་ཚོད་ ༧.༣༠ དེ་ཅིག་ཁར་ ཉེན་བརྡ་འབད་དེ་ དུས་ཡུན་ཆུ་ཚོད་ ༣ དེ་ཅིག་གི་རྒྱབ་ལས་ མེ་རྐྱེན་བྱུང་ཡོདཔ་སྦེ་ མེ་རྐྱེན་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།མེ་རྐྱེན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲངས་སུ་ སྒྲིང་ཁྱིམ་གྱི་ ཇོ་བདག་གི་ ཨམ་སྲུ་ཡང་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་བྱུང་མི་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོད་རུང་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ འབྲེལ་ཡོད་དབང་འཛིན་གྱིས་ བཤདཔ་ཨིན་པས།དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་ ༨ པའི་ནང་ སྡོད་ཁྱིམ་དང་ མཛོད་ཁང་ཚུ་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༦ […]

World News

ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུ་དང་འབྲེལ་བའི་ཉོག་འཛིང་།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུའི་ གྲུབ་འབྲས་དེ་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ ཧེ་མའི་སྲིད་འཛིན་ མ་ཌུ་རོ་གིས་ འཕྲོ་མཐུད་དེ་ར་ གནས་ཡུན་ ༣ གྱི་དོན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།ཨིན་རུང་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ གློག་འཕྲུལ་ཚོགས་རྒྱན་འཕྲུལ་ཆའི་ འབྱོར་འཛིན་ཚུ་དང་འཁྲིལཝ་ད་ ལྡོག་ཕྱོགས་ཀྱིས་ ཚོགས་རྒྱན་ག་ནི་བ་ མཐོ་དྲགས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ གསལ་བསྒྲགས་དེ་ རྫུན་མ་བཟོ་ཡོད་པའི་ ཉོག་བཤད་བཀོད་ནུག།ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ཀྱི་ ཧེ་མའི་བཙག་འཐུ་སྐབས་ལུ་ སྲིད་འཛིན་མ་ཌུ་རོ་གིས་ ཁོང་གི་བཙག་འཐུའི་ནང་ ཕྱིའི་རྒྱལ་ཁབ་ཚུ་གིས་ སྲི་དཀྲུགས་འབད་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།མ་གཞི་ ད་རེས་ཀྱི་ བཙག་འཐུའི་ནང་ ངན་ལྷད་ག་ནི་ཡང་མེད་རུང་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཕུང་དཀྲུགས་ཀྱིས་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་བཅུག་ཐོག་ལས་ སྲིད་འཛིན་ཕྱིར་དབྱུང་གི་དོན་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ ཁ་ཉེས་བཀལ་ནུག།གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཐོ་ནི་ བི་ལིང་ཀེན་གྱིས་འབད་བ་ཅིན་ ལྡོག་ཕྱོགས་ཀྱིས་ རྒྱལ་ཁ་ཐོབ་ཡོད་པའི་ སྒྲུབ་བྱེད་ཡ་མཚན་ཆེ་ཏོག་ཏོ་ཡོད་མི་དེ་ […]

World News

ཡུ་ཨེཛ་གི་ སྲིད་འཛིན་གདམ་འཐུའི་ བྱ་སྒོ་ཚུ་ མཇུག་བསྡུ་རནམ་ལས་ ཀ་མ་ལ་ཧ་རིཛ་གི་ རྒྱབ་སྐྱོར་སྡེ་ཚན་གྱིས་ སྲིད་འཛིན་འོག་མའི་དོན་ལུ་ མི་ངོམ་ ༦ དང་ཕྱད་ཡོདཔ།

སི་ཨེན་ཨེན། ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་མི་འབད་ནི་སྦེ་ ཐུགས་ཐག་བཅད་པའི་ཤུལ་ལུ་ ཌེ་མོ་ཀེ་རི་ཊིག་ སྲིད་དོན་ཚོགས་པའི་ནང་ལས་ སྲིད་འཛིན་གྱི་ འདེམས་ངོའི་ཁྱད་ཚད་གྲུབ་མི་ ད་རེས་ཀྱི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་མ་གཏོགས་ གཞན་མེདཔ་ཨིན་པས།དེ་འབདཝ་ལས་ ཌེ་མོ་ཀེ་རི་ཊིག་ རྒྱལ་ཡོངས་ཚོགས་ཆུང་གི་ནང་ལས་ འཐུས་མི་བརྒྱ་ཆ་ ༩༩ གིས་ ཨམ་ཀ་མ་ལ་ ཧ་རིཛ་དེ་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ གདམ་འཐུའི་ཡིག་ཆ་གུ་ མིང་རྟགས་ཚུ་བཀོད་ནུག།སྲིད་འཛིན་གདམ་འཐུའི་ བྱ་སྒོ་ཚུ་ཡང་ ད་རེས་ མཇུག་བསྡུ་རན་ཁམས་ལུ་ ལྷོད་དེ་ཡོདཔ་ལས་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཤུལ་མའི་སྲིད་འཛིན་འོག་མའི་དོན་ལས་ དོ་འགྲན་འབད་མི་དང་ འོས་འབབ་ཡོད་མི་ མི་ངོམ་ ༦ དང་ ཕྱད་ཡོདཔ་ཨིན་པས།སྲིད་འཛིན་འོག་མའི་དོན་ལུ་ དོ་འགྲན་འབད་མི་ཚུ་ཡང་ མི་ནེ་སོ་ཏའི་སྤྱི་འཛིན་ ཊིམ་ཝཱལཛི་དང་ པེན་སིལ་ཝེ་ནི་ཡའི་སྤྱི་འཛིན་ ཇོཤ་ཤ་པི་རོ། ཨི་ལི་ནོའི་གི་སྤྱི་འཛིན་ ཇེ་བི་པི་རིཛ་ཀར། ཀེན་ཊ་ཀིའི་སྤྱི་འཛིན་ ཨེན་ཌི་བེ་ཤི་ཡར། ཨ་རི་ཟོ་ནའི་ སྤྱི་ཚོགས་འཐུས་མི་ མཱག་ཀེ་ལི། དེ་ལས་ སྐྱེལ་འདྲེན་དྲུང་ཆེན་ […]

World News

མ་ཡཱན་མར་གྱི་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མི་ཚུ་གིས་ རྒྱལ་ཁབ་བྱང་ཕྱོགས་ཀྱི་ས་ཁོངས་ དབང་ལུ་བསྡུ་ཡོདཔ།

ཨཱལ་ཇ་ཟི་ར། མ་ཡན་མར་ རྒྱལ་ཁབ་ནང་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མི་ གཡིབ་དམག་སྡེ་ཚན་གྱིས་ ན་ཧིང་ སྤྱི་ཟླ་ ༡༠ པ་ལས་ཚུར་ དྲག་པོའི་སྲིད་གཞུང་ལུ་ གནོད་འཚེ་ལན་ཐེངས་ ༢ པ་ འགོ་འདྲེན་འཐབ་ཡོདཔ་ད་ གནོད་འཚེ་ཐེངས་དང་པའི་སྐབས་ལུ་ མངའ་སྡེ་ཤཱན་ཟེར་མིའི་ ཤར་ཁ་ཐུག་ལུ་ རྒྱ་ནག་དང་གཅིག་ཁར་ ས་མཚམས་སྦྱེལ་ཏེ་ཡོད་མི་ ཐབས་བྱུས་ཅན་གྱི་ ས་ཁོངས་ཚུ ཁོང་གི་དབང་ལུ་བསྡུ་ནུག།ད་རེས་ ས་གནས་མཱ་ཌ་ལེ་དང་ ལ་ཤི་ཡོ་ཟེར་མིའི་བར་ན་ དྲག་པོའི་སྲིད་གཞུང་གིས་ བྱང་ཤར་ལུང་ཕྱོགས་ དམག་སྡེ་ལྟེ་བ་སྦེ་ ལག་ལེན་འཐབ་མི་ ས་ཆ་རྒྱ་ཞེང་ཀི་ལོ་མི་ཊར་ ༢༨༠ འབད་མི་དེ་ གཡིབ་དམག་སྡེ་ཚན་གྱིས་ དབང་ལུ་བསྡུ་ནིའི་དོན་ལས་ བརྩོན་ཤུགས་བསྐྱེདཔ་ཨིན་པས།དེ་ཡང་ ཏཱང་རྒྱལ་ཡོངས་ ལི་བེ་རེ་ཤཱན་དམག་སྡེ་གིས་ འགོ་ཁྲིད་ཐོག་ལུ་ མ་ཡཱན་མར་ རྒྱལ་ཡོངས་དམངས་གཙོའི་ གཅིག་སྒྲིལ་དམག་སྡེ་དང་ མཱན་ཌ་ལེ་ མི་མང་སྲུང་སྐྱོབ་དམག་སྡེ་གིས་ མོ་གོག་དང་ བྱང་ཤཱན་ ཀི་ཡཱག་མེ་ དེ་ལས་ ནཱང་ཀི་ཡོ་ ས་ཁོངས་ཚུ་ དབང་ལུ་བསྡུ་ནུག།སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ མ་ཡཱན་མར་ […]

World News

རྒྱ་གར་ཀེ་ར་ལ་ལུ་ ས་རུད་ཆད་དེ་ མི་གྲངས་ ༡༦༧ ལུ་ཤི་རྐྱེན།

སི་ཨེན་ཨེན། རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལའི་ བྱང་ཤར་ས་ཁོངས་ ཝ་ཡ་ན་དི་ཟེར་སར་ སྤྱི་ཟླ་ ༧ པའི་ཚེས་ ༣༠ གི་དྲོ་པར་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ས་རུད་སྦོམ་སྦེ་ཆད་པའི་ རྐྱེན་ངན་ཁག་ ༢ ཀྱི་ནང་ མི་གྲངས་ ༡༦༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་མ་ཚད་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ གློག་མེ་དང་ འཁོར་ལམ་ ཟམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡང་ མེདཔ་བཏང་པའི་ཁར་ ཤིང་ཆེན་ཚུ་ཡང་ ས་ཁར་གྱེལ་ཡོདཔ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ འགྱོ་ནི་དེ་ ག་ནི་བ་ཡང་ ལཱ་ཁག་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།རྒྱ་གར་གྱི་ རྒྱལ་ཡོངས་རྐྱེན་ངན་གདོང་ལེན་སྡེ་ཚན་གྱིས་ མི་སྡེ་བརྡ་བརྒྱུད་ནང་བཀོད་མི་ གནས་སྟངས་བརྙན་ཐུང་ནང་ སྲོག་སྐྱབས་འབད་མི་ཚུ་གིས་ གྱིབ་ཀྱི་གྲུ་ཆུང་ཚུ་གི་ཐོག་ལས་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་སར་ མཐོང་དོ་ཡོད་པའི་ཁར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་ཡང་ ལག་ལེན་འཐབ་སྟེ་འབད་རུང་ སྲོག་སྐྱབས་ཀྱི་ ལཱ་འབད་ནི་ལུ་ དོ་འགྲན་ལེ་ཤ་ཅིག་ཡོདཔ་ལས་ ལཱ་ཁག་གཏང་དོ་ཡོདཔ་ཨིན་པས།ཨིན་རུང་ སྤྱི་ཟླ་ ༧ པའི་ཚེས་ […]

World News

ཨི་རཱན་ལུ་ ཧ་མཱཛ་དམག་སྡེའི་ གཙོ་འཛིན་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༣༡ ལུ་ པེ་ལིཛ་ཊིན་གྱི་ གཡིབ་དམག་སྡེ་ཚན་ ཧ་མཱཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་འགོ་ཁྲིདཔ་ ཨིཛ་མ་ཡེལ་ ཧ་ནི་ཡེ་དེ་ ཨི་རཱན་ལུ་ དམར་བསད་འབད་ནུག་ཟེར་ཨིན་པས།ཨིཛ་རེལ་གྱི་ གནས་རིམ་གཞི་སྒྱུར་ སྲུང་རྒྱབ་སྡེ་ཚན་གྱིས་ཡང་ དམར་བསད་འབད་ཡོདཔ་ ངེས་བདེན་ཨིནམ་སྦེ་ སླབ་ཡོདཔ་ད་ དེ་ཡང་ ཨི་རཱན་གྱི་ སྲིད་འཛིན་གསརཔ་གིས་ གཞུང་སྐྱོང་འགོ་བཙུགས་ཀྱི་ རྟེན་འབྲེལ་བརྩི་སྲུང་ནང་ འགོ་ཁྲིདཔ་ཚེ་འདས་ཀྱིས་ གྲལ་གཏོགས་འབད་བའི་ཤུལ་ལུ་ དམར་བསད་འབད་ཡོདཔ་ལས་ ཁོང་གིས་ ཞིབ་དཔྱད་ཚུ་འབད་དོ་ཟེར་ཨིན་པས།ཨི་རཱན་གྱི་སྲིད་འཛིན་ མ་སུད་པེ་ཛེཤ་ཀི་ཡཱན་གྱིས་ ཨི་རཱན་གྱི་ཁ་ཐུག་ལས་ ས་ཁོངས་དང་ བརྩི་བཀུར་ དཔའ་ཉམས་ཚུ་གི་ དྲང་བདེན་ཉེན་སྲུང་ཐོག་ལས་ དྲག་ཐོག་དབང་བཙོང་འབད་མི་ཚུ་གིས་ ཧ་མཱཛ་གི་ འགོ་ཁྲིདཔ་དེ་ རྐུ་གསོད་རྐྱབ་མི་ལུ་ ངན་ལན་འཇལ་ནི་ཨིནམ་སྦེ་ གསུངས་ཡོདཔ་ཨིན་པས།ཨིན་རུང་ ཨིཛ་རེལ་གྱི་ ཁ་ཐུག་ལས་ གནད་དོན་དེ་གི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ་པར་ཡོདཔ་ད་ ཨིཛ་རེལ་གྱི་ དམག་སྡེ་གིས་འབད་བ་ཅིན་ ཞི་བའི་མི་སེར་ཚུ་གི་དོན་ལུ་ ཉེན་སྲུང་ལམ་སྟོན་གསརཔ་ གང་རུང་དང་འབྲེལ་ཏེ་ གནས་སྟངས་ཚུ་ བརྟག་དཔྱད་འབད་དོ་ཟེར་ཨིན་པས།ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་ […]

World News

རྒྱ་གར་ཀེ་ར་ལ་མངའ་སྡེའི་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་ཆད་དེ་ མི་གྲངས་ ༡༢༣ ལུ་ཤི་རྐྱེན།

བི་བི་སི། རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་ཆད་དེ་ མི་གྲངས་ ༡༢༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་ལེ་ཤ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས། ས་རུད་དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣༠ གི་དྲོ་པར་ ཝ་ཡ་ནཱད་ཟེར་མི་ རྫོང་ཁག་ནང་ མི་སེར་མང་ཤོས་ཅིག་ གཉིད་ལོག་སྟེ་ སྡོད་པའི་སྐབས་ལུ་ ཆད་ཡོདཔ་ད་ སྲོག་སྐྱབས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་རུང་ ཆརཔ་མ་ཆདཔ་སྦེ་ རྐྱབ་མི་དང་ གནད་འགག་ཅན་གྱི་ ཟམ་ཅིག་ཡང་ རམ་ཡར་སོང་པ་ལུ་བརྟེན་ཏེ་ སྲོག་སྐྱབས་ཀྱི་ ལཱ་འབད་ནི་ལུ་ བར་ཆད་འབྱུང་སྟེ་ཡོདཔ་ཨིན་པས། དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ ཡར་འཕར་འགྱོ་ནི་བཟུམ་ཅིག་ཡོད་མི་དེ་ཡང་ གློ་བུར་གྱི་ ཞབས་ཏོག་ཚུ་ ལྷོད་མ་ཚུགས་པའི་ ས་ཁོངས་ནང་ མི་གྲངས་ ༡༠༠ དེ་ཅིག་ འོང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས། སྤྱི་ལོ་ ༢༠༡༨ ལོར་ ཀེ་རེ་ལ་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༤༠༠ […]

Online now: 6 Today: 1825 Total visitors: 19292