ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཀེ་རེན་ དམག་སྡེ་གིས་ འདས་པའི་ཉིན་མར་ ར་ཤི་ཡའི་ དམག་མི་ ༨༠༠ དམར་བསད།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ ཡུ་ཀེ་རེན་ དམག་སྡེ་གིས་ འདས་པའི་ཉིན་མར་ ར་ཤི་ཡའི་ དམག་མི་ ༨༠༠ དེ་ཅིག་ བསད་ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ ཌོ་ནེཛ་ལུང་ཕྱོགས་ཀྱི་ ཤར་ཕྱོགས་ཁ་ཐུག་ལུ་ ཕྱད་མདའ་རྐྱབ་མིའི་ནང་ བསད་ཡོདཔ་སྦེ་ཨིན་པས།ཕྱད་མདའི་དོན་ལུ་ ནུབ་ཕྱོགས་མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་གྱིས་ དགོས་མཁོ་བཀོད་མི་ དམག་འཁོར་ཊེང་ཚུ་མིན་པར་ མཚོན་ཆ་དང་སྦྲགས་མི་ ཕྱད་མདའི་སྣུམ་འཁོར་ཚུ་ བྱིན་ནི་གི་ ཁས་ལེན་འབད་ནུག།ཡུ་ཀེ་རེན་ དམག་སྡེ་གིས་ དུས་རྒྱུན་བལྟ་རྟོག་དང་འཁྲིལཝ་ད་ ར་ཤི་ཡའི་ དམག་མི་ཚུ་གིས་ བེག་མུཊ་ཁ་ཐུག་ལུ་ ཕྱད་མདའ་རྐྱབ་ནི་སྦེ་ གཙོ་བོར་བཏོན་མི་དེ་ཡང་ ཨབ་དིབ་ཀ་དང་ ཀུ་པི་ཡནཛ་ཁ་ཐུག་ལུ་ ར་ཤི་ཡ་གིས་ གླགས་འཁེལ་མ་ཚུགས་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་ཀེ་རེན་ དམག་སྡེ་གིས་ ར་ཤི་ཡའི་ དམག་མི་ ༨༠༠ ལྷགཔ་ཅིག་དང་ མཁའ་དམག་གནམ་གྲུ་ ༡ དམག་འཁོར་ཊེང་ ༣ དེ་ཅིག་ཡང་ མེདཔ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ ཨིཛ་ལ་མིག་གཡིབ་དམག་གི་ གསང་གནས་ཚུ་ནང་ རྟོག་མེད་ཞིབ་དཔྱད་འབདཝ་ད་ མི་ ༨ ལུ་ཤི་རྐྱེན།

རོའི་ཊརཛ།ཨཕ་གྷ་ནིཛ་ཏཱན་ལུ་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་ཚུ་ གཡིབ་སྡོད་སའི་ ས་ཁོངས་ཚུ་ནང་ སྲུང་སྐྱོབ་དམག་མི་ཚུ་གིས་ རྟོག་མེད་ཞིབ་དཔྱད་འབདཝ་ད་ མི་ ༨ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་ ༧ ཡང་ འཛིན་བཟུང་འབད་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ ཏཱ་ལི་བཱན་གྱི་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ བཟའ་ཁང་ཅིག་ལུ་ གནོད་པ་བཀལ་ཡོདཔ་ད་ དེ་སྦེ་ གནོདཔ་བཀལ་མི་དེ་ རྒྱལ་ཁབ་ཀྱི་ ཕྱི་ཁར་ཡོད་མི་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་ འཐུས་མི་ཚུ་ ཨཕ་གྷ་ནིཛ་ཏཱན་ལུ་ འཛུལ་ནིའི་དོན་ལས་ འོང་ནི་མས་ཟེར་ཨིན་པས།དེ་བསྒང་ གཡིབ་དམག་སྡེ་ཚན་དེ་གི་ གས་རྫས་དང་ མཚོན་ཆ་ལེ་ཤ་ཅིག་ སྲུང་སྐྱོབ་དམག་མི་ཚུ་གིས་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ གས་རྫས་ཚུ་བཀོགཝ་ལས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ཚུ་ནང་གནོད་སྐྱོན།

རོའི་ཊརཛ།སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ཚུ་ནང་ མི་ཛ་ཡེལ་བརྒྱ་ཕྲག་སྦེ་ བཀོག་ཡོདཔ་བཞིན་དུ་ དེ་གི་སྒྲ་ཚུ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་དང་ ཁྲོམ་ཚོགས་དག་པ་ཅིག་ནང་ གོ་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ ཡུ་ཀེ་རེན་ སྲིད་འཛིན་གྱི་གྲོས་དཔོན་ ཨོ་ལེག་སི་ ཨ་རེཛ་ཊོ་བིཆ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་ཁ་ལས་ཕར་ མི་ཛ་ཡེལ་ མང་རབས་ཅིག་ཡང་ མཐོང་ཅི་ཟེར་ཨིན་པས།གནད་དོན་དེ་ལུ་བརྟེན་ཏེ་ ཁྲོམ་ཚོགས་ཨོ་དེ་ས་དང་ ཌི་ནི་པོར་པེ་དོབཛ་ཚུ་ནང་ གློག་མེའི་བརྒྱུད་ཐག་ཚུ་ མེདཔ་བཏང་ཡོད་རུང་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ མ་བྱུངམ་ཨིན་པས།ར་ཤི་ཡ་གིས་་ ཞི་བའི་མི་སེར་ཚུ་ལུ་ གནོདཔ་མ་བཀལ་བཀལཝ་མེདཔ་སྦེ་ བཤདཔ་ཨིན་རུང་ ཉིན་བསྟར་བཞིན་དུ་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་གིས་ ཁྲོམ་ཚོགས་དང་ གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏངམ་བཏང་ས་ར་ཡོད་ཟེར་ བཤདཔ་ཨིན་པས།དེ་ཡང་ དཔེ་འབད་བ་ཅིན་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་གིས་ ཁེར་སོན་ཁྲོམ་ལུ་ཡོད་མི་ སྐྱེས་མའི་སྨན་ཁང་ཡན་ལག་གུ་ ཕོག་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ […]

gyalchi
World News

རྒྱ་ནག་ལུ་ ནད་ཡམས་ཀོ་ཝིཌ-༡༩ ཡང་བསྐྱར་ཐོན་ཏེ་ སྨན་ཁང་ཚུ་ནང་ ནདཔ་མ་ཤོང་པའི་དཀའ་ངལ།

བི་བི་སི།སྤྱི༌ཟླ༌ ༡༢ པའི༌ཚེས༌ ༢༨ ལུ༌ འཛམ༌གླིང་གསོ་བའི་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་ལུ་ ནད་ཡམས་ཀོ་ཝིཌ-༡༩ ཡང་བསྐྱར་དུ་ ཐོན་པ༌ལུ༌བརྟེན༌ཏེ་ སྨན་ཁང་ཚུ་ནང་ ནདཔ་མ་ཤོང་པར་ཡོད་ཟེར་ཨིན་པས།རྒྱ་ནག་གི་ འགོ་དཔོན་ཚུ་གིས་ ནད་ཡམས་ཀོ་ཝིཌ་ཐོབ་མིའི་ ཁ་གྱངས་དེ་ ཉུང་སུ་ཅིག་ལས༌མེདཔ་སྦེ་ བཤད་ཡོད་རུང་ ནདཔ་ཚབས་ཆེན་སྐྱོང་བཞག་ཁང་ཚུ་ནང་ དལ་བར་མེད་པར་ སྨན་བཅོས་ཚུ་ འབད་དོ་ཡོདཔ་སྦེ་བཤད་ནུག།དེ༌ཡང༌ རྒྱ་ནག་གི་ གྲངས་རྩིས་དང་འཁྲིལཝ་ད་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ མི༌ག་ལུ་ཡང་ ཤི་རྐྱེན་མ་བྱུང་ཟེར་ཨིན་རུང་ གནོད་འཚུབས་ངོ་མའི་སྐོར་ལས་ དོགས་པ་ཡོད་ཟེར་ཨིན་པས།སྤྱི་ལོ་ ༢༠༢༠ ལས་ཚུར་ རྒྱ་ནག་གིས་ ནད་ཡམས་ཀོ་ཝིཌ་གི་ ཚད་གཞི་དེ་ ཀླད་ཀོར་སྦེ་ བཞག་ཐབས་ལུ་ གསོ་བའི་ལམ་ལུགས་ཚུ་ དམ་དྲགས་བཟོ་སྟེ་ཡོད་རུང་ སྲིད་བྱུས་དེ་ལུ་ མི་སེར་ཚུ་གིས་ ངོ་རྒོལ་འབདཝ་ལས་ བདུན་ཕྲག་ ༢ ཀྱི་ ཧེ་མ་ལས་ གསོ་བའི་ཐབས་ལམ་ཚུ་ སྒོ་ཡངས་བཏང་ནུག།དེ་འབདཝ་ལས་ ཀོ་ཝིཌ་ཐོབ་མིའི་ ནད་པའི་གྱངས་ཁ་དེ་ ཡར་སེང་སྦོམ་ སོང་ཡོདཔ་ད་ གཞུང་འབྲེལ་དུ་ བདུན་ཕྲག་འདི་ནང་ ཀོ་ཝིཌ་ལུ་བརྟེན་ཏེ་ མི་གྲངས་ […]

gyalchi
World News

ཡུ་ཨེཛ་ལུ་ གནམ་དགུན་གྱི་ རླུང་འཚུབས་ཀྱིས་ མི་གྲངས་ས་ཡ་ ༢༠༠ ལུ་གནོད་སྐྱོན།

བི་བི་སི།ད་རེས་ནངས་པར་ ཡུ་ཨེཛ་ལུ་ ངལ་གསོའི་བདུན་ཕྲག་ནང་ ག་ནི་བ་ ཁོད་སི་སི་འབད་མི་ གནམ་དགུན་གྱི་ རླུང་འཚུབས་ལུ་བརྟེན་ཏེ་ མི་གྲངས་ས་ཡ་ ༢༠༠ དེ་ཅིག་ལུ་ གནོད་པ་བྱུང་ཡོདཔ་མ་ཚད་ མི་ངོམ་ ༡༢ ལུ་ཡང་ ཤི་རྐྱེན་བྱུང་ནུག།དེ་འབདཝ་ལས་ གནམ་གྲུ་ཚུ་ཡང་ འཕུར་འགྲུལ་འབད་ནི་ལས་ བཀག་དམ་འབད་དགོཔ་ ཐོན་ཡོདཔ་ད་ མི་གྲངས་ས་ཡ་ ༡༥ ལྷགཔ་ཅིག་ གློག་མེ་ཚུ་མེད་པར་ སྡོད་དགོ་པའི་ དཀའ་ངལ་ཡང་ ཐོན་ཏེ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཀེ་ན་ཌ་ལུ་ཡང་ ཨོན་ཊེ་རི་ཡོ་དང་ ཀེ་བེག་ཚུ་ནང་ མི་གྲངས་བརྒྱ་སྟོང་ཕྲག་ལས་བཅད་དེ་ གློག་མེ་མེད་པར་ ལུས་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁར་ཡང་ གནམ་དགུན་གྱི་ རླུང་འཚུབས་ཀྱིས་ སྔ་གོང་ཉེན་བརྡ་བཟུམ་སྦེ་ ག་ནི་བ་ ཁོད་སི་སི་ ཐལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སྤྱི་ལོ་ ༢༠༢༢ ཀྱི་ འཛམ་གླིང་ཕུཊ་བཱོལ་ རྩེད་འགྲན་ནང་ལས་ ཨར་ཇེན་ཊི་ན་གིས་ རྒྱལ་ཁ་ཐོབ་ཡོདཔ།

རོའི་ཊརཛ།སྤྱི་ལོ་ ༢༠༢༢ ཀྱི་ འཛམ་གླིང་ཕུཊ་བཱོལ་གྱི་ མཐའ་དཔྱད་རྩེད་འགྲན་ནང་ལས་ ཨར་ཇེན་ཊི་ན་གིས་ རྒྱལ་ཁ་ཐོབ་པའི་ དགའ་ཚོར་ལུ་ རྒྱལ་ཁབ་དེ་ནང་གི་ ཡིག་ཚང་དང་ སློབ་གྲྭ་ཚུ་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་ཐོག་ལས་ དགའ་སྟོན་བརྩི་སྲུང་འབད་ནུག།དེ་ཡང་ ཨར་ཇེན་ཊི་ན་གིས་ མི་ལོ་ ༣༦ གི་རྒྱབ་ལས་ འཛམ་གླིང་ཕུཊ་བཱོལ་རྒྱལ་རྟགས་ཀྱི་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ཨིནམ་ད་ ཨར་ཇེན་ཊི་ན་དང་ ཕ་རཱནཛ་རྒྱལ་ཁབ་ ༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་ ༩༠ གི་ ནང་འཁོད་ལུ་ གཱོལ་ ༣ རེ་ འདྲན་འདྲ་བཙུགས་ཡོདཔ་ཨིན་པས།དེ་ལས་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ དུས་ཐེབས་སྐར་མ་ ༡༥ རེ་ རྩེད་འགྲན་འབད་བའི་སྐབས་ལུ་ཡང་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་རེ་འདྲན་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ པེ་ནཱལ་ཊི་རྐྱབ་ད་ ཕ་རཱནཛ་གིས་ གཱོལ་ ༢ དང་ ཨར་ཇེན་ཊི་ན་གིས་ གཱོལ་ ༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༡༨ […]

gyalchi
World News

ར་ཤི་ཡ་ལུ་ ཁྲིམས་འགལ་གྱི་ གཅེས་སྐྱོང་སྡོད་ཁྱིམ་ནང་ མེ་རྐྱེན་ལུ་བརྟེན་ཏེ་ མི་ ༢༠ ལུ་ཤི་རྐྱེན།

བི་བི་སི།ར་ཤི་ཡའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སའི་བེ་རི་ཡའི་ཁྲོམ་ ཀེ་མེ་རོ་བོ་ཟེར་སར་ མི་རྒན་རྒས་ཚུ་སྡོད་སའི་ སྡོད་ཁྱིམ་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་ངོམ་ ༢༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༦ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ ཤིང་ཁྱིམ་ཐོག་ ༢ འབད་མིའི་ སྟེང་ཐོག་ལས་ ནུབ་ཅིག་གི་རིང་ལུ་ མེ་འབར་མི་དེ་གིས་ ཁྱིམ་ཧྲིལ་བུ་སྦེ་ར་ འཚིགས་ཡོདཔ་ད་ མི་རྒན་རྒས་ཀྱི་ སྡོད་ཁྱིམ་དེ་ ཁྲིམས་དང་མ་འཁྲིལ་བར་ ལག་ལེན་འཐབ་སྟེ་ཡོད་པའི་ ལོ་རྒྱུས་དང་ མེ་རྐྱེན་དེ་ཡང་ ཆུ་དྲོད་བཏགས་མི་ འཕྲུལ་ཆས་དེ་ ཚུལ་མཐུན་མེད་མི་ལུ་བརྟེན་ཏེ་ ཐོན་ཐོནམ་བཟུམ་ཅིག་འདུག་ཟེར་ཨིན་པས།མི་རྐྱེན་དེ་དང་འབྲེལ་ཏེ་ གནོད་འགེལ་གྱི་ དབྱེ་ཞིབ་ཅིག་ འགོ་བཙུགས་ཡོདཔ་ད་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ རྒྱལ་ཁབ་མཐའ་དབུས་མེད་པར་ དེ་བཟུམ་མའི་ ཐོ་བཀོད་མ་གྲུབ་མི་ སྡོད་ཁྱིམ་ལེ་ཤ་ཅིག་ར་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།ཨིན་རུང་ སྒེར་གྱི་རྒྱུ་དངོས་ཚུ་ བརྩི་འཇོག་ཐོག་ལས་ ཉེན་སྲུང་གི་ ཞིབ་དཔྱད་འབད་སྲོལ་མེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བའེ་ཌེན་གྱིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འཕྲོ་མཐུད་ཀྱི་ཁས་ལེན།

བི་བི་སི།ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བའེ་ཌེན་གྱིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཛོ་ལོ་ཌི་མིར་ ཟེ་ལེནཛ་ཀི་ལུ་ ར་ཤི་ཡ་དང་གཅིག་ཁར་ ཕྱད་མདའི་དུས་ཡུན་དེ་ ག་དེམ་ཅིག་ར་འགོར་རུང་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ འབད་འོང་ཟེར་བཤད་ནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དྲག་ཐོག་བཙན་འཛུལ་འབད་བའི་ཤུལ་ལས་ ཡུ་ཀེ་རེན་གྱི་ སྲིད་འཛིན་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགོ་དང་པ་ འགྱོ་ནི་དང་འབྲེལ་ཏེ་ ཝ་ཡེཊི་ཧའུཛ་ལུ་ལྷོདཔ་ད་ ཇཱོ་བའེ་ཌེན་གྱིས་ ཟེ་ལེནཛ་ཀི་ལུ་ ཁྱོད་ར་རྐྱངམ་གཅིག་སྦེ་ དུས་ནམ་ཡང་ བཀོག་མི་བཞག་ཟེར་ བཤད་ཡོདཔ་ཨིན་པས།ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༢ གྲོགས་རམ་སྦེ་ བྱིན་ནི་སྦེ་ གཏན་འཁེལ་བཟོ་བའི་ཁར་ ད་རུང་ ཌོ་ལར་ཐེར་འབུམ་ ༤༥ ཡང་ གྲོགས་རམ་སྦེ་བྱིན་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ལས་ ཟེ་ལེནཛ་ཀི་གིས་ དེ་སྦེ་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་ཆེ་ལུགས་ཚུ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ མ་ཡཱན་མར་གྱི་ རྩུབ་སྤྱོད་མཇུག་བསྡུ་དགོ་པའི་མཁོ་འདོད།

རོའི་ཊརཛ།སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལུ་ ལོ་ངོ་ ༧༤ གི་རྒྱབ་ལས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ མ་ཡཱན་མར་ རྒྱལ་ཁབ་དང་འབྲེལ་བའི་ གྲོས་ཆོད་འགི་དང་པ་ བཏོན་མིའི་ནང་ མ་ཡཱན་མར་ལུ་ རྩུབ་སྤྱོད་ཚུ་ མཇུག་བསྡུ་དགོཔ་སྦེ་ བཀོད་ཡོདཔ་མ་ཚད་ དྲག་པོའི་དམག་སྡེ་དེ་ གཞུང་སྐྱོང་ནང་ལས་ ཕྱིར་དབྱུངས་ཐོག་ལུ་ བཙོན་ཁང་ཚུ་ནང་ཡོད་མི་ སྲིད་དོན་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་གིས་གཙོས་པའི་ སྲིད་དོན་བཙོན་པ་ཚུ་ག་ར་ བཏང་དགོ་པའི་ ནན་བསྐུལ་ཡང་ བཀོད་དེ་ཡོདཔ་ཨིན་པས།སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ བཙག་འཐུ་ལས་གྲུབ་མི་ ཨམ་ཨང་སཱན་སུ་ཀིའི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ འཕྱོག་ཐོག་ལས་ མོ་ར་དང་ འགོ་དཔོན་གཞན་ཚུ་ བཙོན་ཁང་ནང་ བཙུགས་ཞིནམ་ལས་ཚུར་ མ་ཡཱན་མར་ རྒྱལ་ཁབ་ནང་ དཀའ་སྡུག་སྦོམ་ར་ བྱུང་སྟེ་ཡོདཔ་ཨིན་པས།དྲག་པོའི་གཞུང་དེ་གིས་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ འགྲེམ་སྟོན་འབད་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོད་པའི་ སྟོབས་ཤུགས་ཀྱི་སྒོ་ལས་ གདོང་ལན་ཚུ་ཡང་འབདཝ་ཨིན་པས།འཛམ་གླིང་སྤྱི་ཚོགས་ནང་ བི་རི་ཊེན་གྱི་གཞུང་ཚབ་ ཨམ་བར་བཱ་ར་ འུཌ་ཝཱཌ་གིས་ […]

gyalchi
World News

ཨཕ་གྷ་ནིཛ་ཏཱན་གྱི་ ཨམ་སྲུ་ཚུ་ གཙུག་ལག་ཤེས་ཡོན་སྦྱང་ནི་ལས་བཀག་དམ།

རོའི་ཊརཛ།སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལས་ ཏ་ལི་བཱན་གཞུང་གིས་ ཨམ་སྲུ་ཚུ་ གཙུག་ལག་ཤེས་ཡོན་སྦྱང་ནི་ལས་ མཚམས་འཇོག་འབད་དེ་ ཨཕ་གྷ་ནིཛ་ཏཱན་གྱི་ སློབ་ཕྲུག་ཨམ་སྲུ་ཚུ་ གཙུག་ལག་སློབ་སྡེ་ཚུ་ནང་ འཛུལ་མ་སྟེར་བར་ བཞག་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ མཐོ་རིམ་ཤེས་རིག་ལྷན་ཁག་ལས་ གཙུག་ལག་སློབ་སྡེ་ཚུ་ལུ་ ཡིག་ཐོག་གསལ་བསྒྲགས་ཅིག་ བཀྲམ་སྤེལ་འབད་དེ་ བཀག་དམ་འབད་ཡོདཔ་ད་ དེ་སྦེ་ བཀག་དམ་འབད་མི་ལུ་ ཕྱིའི་རྒྱལ་ཁབ་ཁག་གི་ གཞུང་ཚུ་དང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཁ་གཏངམ་ཨིན་པས།ཨཕ་གྷ་ནིཛ་ཏཱན་ ཀ་བཱུལ་ལུ་ གཙུག་ལག་ཤེས་ཡོན་སྦྱང་མི་ ཨམ་སྲུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ གཙུག་ལག་སློབ་སྡེའི་ སྒོ་ར་ཁར་ལྷོདཔ་ད་ ནང་ན་འཛུལ་མི་ཆོག་ཟེར་ ལོག་བཏང་ཡོདཔ་ལས་ སློབ་ཕྲུག་ག་ར་ སྔུ་ཡི་ཟེར་ཨིན་པས།ཨཕ་གྷ་ནིཛ་ཏཱན་ གཙུག་ལག་སློབ་སྡེ་ཅིག་གི་ ལེགས་སྦྱར་བ་ཅིག་གིས་ སློབ་ཕྲུག་ཨམ་སྲུ་ཚུ་ ཏ་ལི་བཱན་གཞུང་གི་ བཀོད་རྒྱ་དང་འཁྲིལ་ཏེ་ ལོག་མ་བཏང་པར་ ཐབས་མེདཔ་སོང་་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 38 Today: 1446 Total visitors: 11476