ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

མ་ལེ་ཤི་ཡ་ལུ་ ས་རུད་ཆད་དེ་ སྒར་བཅགས་སྡོད་མི་ ༡༦ དེ་ཅིག་ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་བྱང་སྟོར།

བི་བི་སི།མ་ལེ་ཤི་ཡའི་ སེ་ལེང་གོར་མངའ་སྡེ་ལུ་ མི་ལེ་ཤ་ཅིག་ སྒར་བཅགས་སྡོད་སའི་ ས་ཁོངས་ནང་ ས་རུད་ཆད་དེ་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ལེ་ཤ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།ས་རུད་དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༦ གི་དྲོ་པ་ ཆུ་ཚོད་ ༣ དེ་ཅིག་ཁར་ ཨ་ལོ་ཚུ་དང་སྦྲགས་ཏེ་ མི་གྲངས་ ༩༠ དེ་ཅིག་ བ་ཏང་ཀ་ལི་ཟེར་མི་ སོ་ནམ་པའི་ སྒར་བཅགས་ས་ཁོངས་ནང་ གུར་སྤུབས་ཏེ་ ཉལ་སྡོད་པའི་སྐབས་ལུ་ ཐོན་ཡོདཔ་ཨིན་པས།ས་རུད་དེ་ སྒར་བཅགས་ས་ཁོངས་ལས་ མི་ཊར་ ༣༠ ལྷགཔ་ཅིག་གི་ ས་ཁ་མཐོ་ས་ལས་ཐོན་ཏེ་ ས་ཆ་ཨེ་ཀར་ ༡ གི་ནང་ལས་མར་ གཞོལ་ཡོདཔ་ཨིན་པས།དེ་ཚེ་ཉིན་མ་ར་ ཉེན་སྐྱོབ་དབང་འཛིན་ཚུ་གིས་ མི་གྲངས་ ༦༠ ལྷགཔ་ཅིག་ འཚོལ་ཐོབ་སྟེ་ཡོད་རུང་ མི་གྲངས་ ༡༧ དེ་ཅིག་ གར་སོང་མེདཔ་ལས་ འཚོལ་མ་ཐོབ་པར་ཡོད་ཟེར་ བཤད་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ དབང་འཛིན་ཚུ་གི་ ཁ་ཐུག་ལས་ སྒར་བཅགས་སྡོད་སའི་ ས་ཁོངས་ཚུ་དང་ ཉེན་ཁ་ཡོད་མི་ […]

gyalchi
World News

མི་སྡེ་བརྡ་བརྒྱུད་ཐོག་ལས་ བརྡ་དོན་རྫུན་མ་ཚུ་ ཁྱབ་སྤེལ་འབདཝ་ལས་ འཛམ་གླིང་སྤྱི་ཚོགས་ལུ་ཚ་གྱང་།

ཨེན་ཌི་ཊི་ཝི།མི་སྡེ་བརྡ་བརྒྱུད་ཐོག་ལས་ མ་དགའ་བའི་གཏམ་དང་ བརྡ་དོན་རྫུན་མ་ཚུ་ ཁྱབ་སྤེལ་འབདཝ་ལས་ འཛམ་གླིང་སྤྱི་ཚོགས་ལུ་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ མགྲིན་ཚབ་ཀྱིས་ བརྙས་བཅོས་ཆུང་ཀུ་ཚུ་གི་ ཡོངས་འབྲེལ་ཐོག་ལས་ དཀའ་ངལ་བསལ་མི་ ཊུའི་ཊར་ལས་ཁུངས་དེ་ ཨི་ལོན་མཱཛ་གིས་ ཆ་མེད་བཏང་བའི་ཤུལ་ལུ་ གསལ་བཤད་འབད་ནུག།མགྲིན་ཚབ་ཀྱིས་ མི་སྡེ་བརྡ་བརྒྱུད་ཚུ་ མ་དགའ་བའི་གཏམ་དང་ བརྡ་དོན་རྫུན་མ་ཚུ་ སྤེལ་མི་ཅིག་ལུ་ གྱུར་ཡོདཔ་ལས་ ཚ་གྱང་སྦོམ་ཡོད་ལུགས་དང་ དེ་བཟུམ་མའི་ གནས་སྟངས་ཚུ་ མ་འཐོནམ་ངེས་གཏན་བཟོ་ནི་གི་ འགན་ཁུར་དེ་ མི་སྡེ་བརྡ་བརྒྱུད་ལས་སྡེ་ཚུ་ལུ་ ཕོག་ཟེར་ཨིན་པས།ད་རེས་ ཊུའི་ཊར་ཉོ་སྒྲུབ་འབད་མི་ ཨི་ལོན་མཱཛ་གིས་ ཧེ་མ་ལས་ཡོད་མི་ ཊུའི་ཊར་གི་ ཡོངས་འབྲེལ་སྲིད་བྱུས་དང་ ལམ་ལུགས་ཚུ་ ཆ་མེད་བཏང་བའི་ཤུལ་ལུ་ ཊུའི་ཊར་གིས་ བརྙས་བཅོས་དང་ ཨ་ལོ་ལོག་སྤྱོད་ཚུ་གི་ དཀའ་ངལ་བསལ་མི་ ཁོང་རའི་ལས་སྡེའི་ བློ་གཏད་དང་ ཉེན་སྲུང་ལྷན་ཚོགས་དེ་ཡང་ ཧྲམ་བཏང་ནུག།ཊུའི་ཊར་གྱི་ འཕྲུལ་རིག་ཁྱད་ཆོས་ལ་ལོ་ཅིག་ བསྒྱུར་བཅོས་འབད་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་འདི་ནང་ ཨི་ལོན་མཱཛ་གིས་ གསལ་བསྒྲགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བང་ག་དེཤ་གི་ རྒྱལ་ས་ལུ་ ཤེག་ཧ་སི་ནའི་ གཞུང་ལུ་ངོ་རྒོལ།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ བང་གལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ལྡོག་ཕྱོགས་སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྲིད་བློན་ཤེག་ཧ་སི་ནའི་གཞུང་ལུ་ ངོ་རྒོལ་ཐོག་ལས་ བཙག་འཐུ་འབད་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།གོ་ལ་བྷག་རྩེད་ཐང་ནང་ སྤུངས་འཛོམས་འབད་མི་ཚུ་གིས་ ཤེག་ཧ་སི་ན་དེ་ ཚོགས་རྒྱུན་ཨར་རྐུན་འབད་མི་ཨིན་ཟེར་ སྐད་རྐྱབ་པའི་ཁར་ ངོ་རྒོལ་འབད་མི་ཚུ་ རྩེད་ཐང་དེ་གི་ མཐའ་སྐོར་གྱི་ ཁྲོམ་ལམ་ཚུ་ཡང་ གང་སྟེ་ཡོདཔ་ཨིན་པས།སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ སྲུང་སྐྱོབ་དམག་མི་ཚུ་ ལྡོག་ཕྱོགས་སྲིད་ཚོགས་ བང་ལ་དེཤ་ ནེ་ཤ་ན་ལིཝ་ ཚོགས་པ་ཟེར་མིའི་ ཡིག་ཚང་ལྟེ་བའི་ནང་ ཧང་སྟོང་མར་ འཛུལ་བའི་སྐབས་ལུ་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་ཚུ་བྱུང་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ལྡོག་ཕྱོགས་སྲིད་ཚོགས་ཀྱི་ འགོ་ཁྲིདཔ་གཙོ་བོ་ ༢ གནོད་འཚེ་འབད་ནི་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ ཉེས་འཛུགས་ཐོག་ འཛིན་བཟུང་འབད་ཡོདཔ་ད་ སྤྱི་ཟླ་ ༡༡ པའི་ཚེས་ […]

gyalchi
World News

ཀོ་རོ་ཤི་ཡ་གིས་ འཛམ་གླིང་རྒྱལ་རྟགས་ཀྱི་ རྐང་རིལ་རྩེད་འགྲན་ མཐའ་དཔྱད་འོག་མའི་ནང་ལས་ བ་ར་ཟིལ་གྱི་སྡེ་ཚན་ ཕམ་བཏང་ཡོདཔ།

བི་བི་སི།ཀ་ཊར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འཛམ་གླིང་རྒྱལ་རྟགས་ཀྱི་ རྐང་རིལ་རྩེད་འགྲན་ བཞི་འགྲན་མཐའ་དཔྱད་ནང་ བ་ར་ཟིལ་དང་ ཀོ་རོ་ཤི་ཡ་ ༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ པེ་ནཱལ་ཊི་ རྐྱབ་པའི་སྐབས་ལུ་ བ་ར་ཟིལ་དེ་ ཕམ་སོངཔ་ཨིན་པས།དེ་ཡང་ དུས་ཡུན་སྐར་མ་ ༩༠ གི་རིང་ལུ་ ཕན་ཚུན་སྡེ་ཚན་གཉིས་ཆ་ར་གིས་ གཱོལ་བཙུགས་མ་ཚུགསཔ་ལས་ དུས་འཐེབ་སྐར་མ་ ༣༠ གྱི་རིང་ལུ་ རྩེད་འགྲན་འབདཝ་ད་ཡང་ གཱོལ་རེ་རེ་འདྲ་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགས་པ་ལུ་བརྟེན་ཏེ་ པེ་ནཱལ་ཊི་ རྐྱབ་པའི་སྐབས་ལུ་ གཱོལ་ ༤ དང་ ༢ སྦེ་ ཀོ་རོ་ཤི་ཡ་གིས་ རྒྱལ་ཁ་ཐོབ་ནུག།ཀོ་རོ་ཤི་ཡའི་ སྡེ་ཚན་དེ་གིས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ མཐའ་དཔྱད་རྩེད་འགྲན་འོག་མའི་ནང་ ནེ་དར་ལེན་དང་ ཨར་ཇེ་ཊི་ན་ གང་རུང་དང་གཅིག་ཁར་ རྩེ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨི་རཱན་དེ་ ར་ཤི་ཡ་ལུ་ དྲག་དམག་གི་ རྒྱབ་སྐྱོར་འབད་མི་ རྒྱལ་ཁབ་དང་པ་ཨིན་པའི་ངོས་འཛིན།

བི་བི་སི།ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་དང་ ཨི་རཱན་རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ མཉམ་འབྲེལ་དམ་ཟབ་ཅིག་ལུ་ གྱུར་སོང་ནུག་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཚོགས་ཀྱི་མགྲིན་ཚབ་ ཇཱོན་ཀར་བི་གིས་ བཤད་ཡོདཔ་ད་ ད་རུང་ ཁོ་གིས་འབད་བ་ཅིན་ ཨི་རཱན་གྱིས་ ར་ཤི་ཡ་ལུ་ སྔོན་ཆད་མ་བྱུང་པའི་ ཚད་གཞི་ཁར་ དྲག་དམག་གི་ རྒྱབ་སྐྱོར་བྱིན་དོ་ཟེར་ཨིན་པས།.ཡུ་ཨེཛ་གིས་ཐོབ་མི་ སྙན་ཞུ་ཚུ་དང་འཁྲིལཝ་ད་ རྒྱལ་ཁབ་དེ་ ༢ ཀྱི་བར་ན་ སྲོག་ཉེན་ཅན་གྱི་ གོ་མཚོན་མི་ཛ་ཡེལ་གྱི་ གནམ་གྲུ་ཆུང་བ་ བཟོ་བསྐྲུན་འབད་ནིའི་སྐོར་ལས་ཡང་ བསམ་ཞིབ་ཚུ་ བརྗེ་སོར་འབད་བའི་བསྒང་ཡོདཔ་སྦེ་ཨིན་པས།ར་ཤི་ཡ་དང་ ཨི་རཱན་གྱི་ མཉམ་འབྲེལ་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ ར་ཤི་ཡ་གིས་ ཨི་རཱན་ལུ་ བཟོ་ཡོད་མི་ གོ་མཚོན་མི་ཡེལ་གྱི་ གནམ་གྲུ་ཆུང་བ་ཚུ་ ལག་ལེན་འཐབ་མས་ཟེར་ ཡུ་ཀེ་རེན་གིས་ ཉེན་ཁ་བཀལ་བའི་སྐབས་ལུ་ ཐོན་ཡོདཔ་ཨིན་པས།ཨི་རཱན་གྱིས་འབད་བ་ཅིན་ ར་ཤི་ཡ་ལུ་ དེ་བཟུམ་མའི་ གོ་མཚོན་གྱི་ གནམ་གྲུ་ཆུང་བ་ཚུ་ བྱིན་བྱིནམ་མེད་ཟེར་ ཁ་བཟེད་མ་བཏུབ་རུང་ ཤུལ་ལས་འབདཝ་ད་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་མ་འབད་བའི་ཧེ་མར་ བཀྲམ་སྤེལ་འབད་ཡོདཔ་སྦེ་ ཁ་བཟེད་ནུག།ཨི་རཱན་དང་ ར་ཤི་ཡ་གིས་ […]

gyalchi
World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ ཡུན་རིངམོ་སྦེ་ར་ འགོར་ནི་བཟུམ་ཅིག་ཡོད་པའི་ངོས་ལེན།

རོའི་ཊརཛ།སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ ར་ཤི་ཡའི་སྲིད་འཛིན་ ཝེ་ལ་ཌི་མིར་ པུ་ཊིན་གྱིས་ ཁོང་གི་དམག་མི་ཚུ་ ཡུ་ཀེ་རེན་ལུ་ ཕྱད་མདའ་རྐྱབ་སྟེ་ དུས་ཡུན་རིངམོ་སྦེ་ར་ ལུས་ནི་བཟུམ་ཅིག་ཡོད་རུང་ ད་ལྟོ་ དམག་རྒྱབ་འབོད་བཀུག་གི་ དགོས་མཁོ་མེད་པའི་ ངོས་ལེན་འབད་ནུག།སྲིད་འཛིན་པུ་ཊིན་གྱིས་ ཟླ་ངོ་ ༦ གི་ཧེ་མར་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཡོད་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་སྦེ་ བཤད་ནི་མེད་རུང་ ཁོ་ལུ་ དམ་ཚིག་བསྟེན་མི་ཚུ་དང་གཅིག་ཁར་ རྒྱང་མཐོང་ཐོག་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ཕྱད་མདའ་དེ་ ད་རུང་ཡང་ དུས་ཚོད་འགོར་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།སྤྱི་ཟླ་ ༧ པ་ལས་ཚུར་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ གདོང་ལེན་འབད་མ་ཚུགས་པར་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ས་གོ་ལས་ ར་ཤི་ཡའི་ དམག་མི་ཚུ་ ཚར་ལེ་ཤ་ཅིག་ར་ རྒྱབ་བཤུད་རྐྱབ་དགོཔ་ཐོན་ནུག།ཡུ་ཀེ་རེན་དེ་ ནུབ་ཕྱོགས་ཁ་ཐུག་ལུ་ ཕྱོགས་ལྷུང་འབད་མི་ཨིནམ་ལས་ སྲུང་སྐྱོབ་ཀྱི་ ཉེན་ཁ་ཡོད་ནི་དེ་གིས་ ར་ཤི་ཡ་གིས་ སྤྱི་ཟླ་ ༢ པའི་ནང་ལས་ […]

gyalchi
World News

ནེ་པཱལ་གྱི་ གཞུང་སྐྱོང་ཚོགས་པ་ ནེ་པཱ་ལི་ ཀོང་རེཛ་གིས་ འཕྲོ་མཐུད་དེ་ར་ གཞུང་སྐྱོང་ནི་གི་འོས་འབབ།

རོའི་ཊརཛ།ནེ་པཱལ་ལུ་ སྤྱིར་བཏང་བཙག་འཐུའི་ནང་ལས་ ནེ་པཱ་ལི་ ཀོང་རེཛ་ཚོགས་པ་གིས་ སྤྱི་ཚོགས་ནང་ སྡོད་ཁྲི་ ༢༧༥ ལས་ ༨༩ ཐོབ་ཡོདཔ་བཞིན་དུ་ ཚོགས་པ་དེ་གི་འགོ་ཁྲིདཔ་ ཤེར་བྷ་དུར་ དེའུ་བ་དེ་ འཕྲོ་མཐུད་དེ་ར་ བློན་ཆེན་སྦེ་ གནས་ནི་བཟུམ་ཅིག་ཡོདཔ་ཨིན་པས།ནེ་པཱ་ལི་ ཀོང་རེཛ་ཚོགས་པ་དེ་ སྲིད་ཚོགས་ ༥ མཉམ་བསྡོམས་འབད་མི་ ཚོགས་པ་ཅིག་ཨིནམ་ད་ ་ཚོགས་པ་དེ་གི་ གཞུང་སྐྱོང་གནས་ཡུན་དེ་ ན་ཧིང་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཙུགས་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༧ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྩིས་ཐོ་བཏོན་མི་དང་འཁྲིལཝ་ད་ ཚོགས་རྒྱན་གྲངས་མང་གྱི་གྲས་ཁར་ ཚུད་ནིའི་དོན་ལས་ སྡོད་ཁྲི་ ༡༣༨ ཀྱི་ ཚོགས་རྒྱན་འཐོབ་དགོ་ས་ལས་ ནེ་པཱ་ལི་ ཀོང་རེཛ་གིས་ སྡོད་ཁྲི་ ༡༣༦ ཐོབ་སྟེ་ཡོདཔ་ཨིན་པས།ནེ་པཱ་ལི་ ཀོང་རེཛ་ཚོགས་པའི་མགྲིན་ཚབ་ པར་ཀཤ་ཤ་རཱན་ མ་ཧཱཏ་གིས་ སྲིད་ཚོགས་གསརཔ་ ཇ་ན་མཱཏ་ཚོགས་པ་གིས་ སྡོད་ཁྲི་ ༦ གི་ ཚོགས་རྒྱན་ཐོབ་ཡོདཔ་ལས་ ཚོགས་པ་དེ་གིས་ […]

gyalchi
World News

ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ ཡིག་ཐོག་གི་ གས་རྫས་ཚུ་ཡོད་མི་ ཐུམ་སྒྲིལ་ཚུ་ཐོབ་ཡོདཔ།

ཨིན་ཌི་ཡ་ཊུ་ཌེ།བདུན་ཕྲག་འདི་ འགོ་བཙུགས་ཁམས་ལས་ ཡུ་རོབ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ ཁྲག་ཁོག་ཁོ་འབད་མི་ སེམས་ཅན་གྱི་ མིག་ཏོག་དང་ ཡིག་ཐོག་གི་ གས་རྫས་ཡོད་མི་ ཐུམ་སྒྲིལ་ཚུ་ ཐོབ་ཡོདཔ་ཨིན་པས།ཡུ་ཀེ་རེན་དང་ སི་པེན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐུམ་སྒྲིལ་ཚུ་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ཡོད་མི་ ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ བསྐྱལ་ཡོད་མིའི་གྲས་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ མ་ཌིཌ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ སྐུ་ཚབ་ཡིག་ཚང་གིས་ཡང་ སེམས་ཅན་གྱི་ མིག་ཏོག་ཡོད་མི་ ཐུམ་སྒྲིལ་ཅིག་ ཐོབ་ཅི་ཟེར་ཨིན་པས།ད་རེས་ཚུན་གྱི་རིང་ལུ་ ཡུ་ཀེ་རེན་གྱི་ སྐུ་ཚབ་ཡིག་ཚུ་ནང་ ཡིག་ཐོག་གི་ གས་རྫས་དང་ གས་རྫས་རྫུན་མའི་ཡི་གུ་ དེ་ལས་ ནོར་དང་ ཕགཔ་གི་ མིག་ཏོག་བཟུམ་མའི་ སེམས་ཅན་གྱི་ ཡན་ལག་ཚུ་ཡོད་མི་ ཡི་གུ་ ༡༧ དེ་ཅིག་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ཡུ་པི་ལུ་ སྐྱེས་ལོ་ ༡༥ འབད་མི་ བུམོ་ཅུང་ཅིག་ དབང་བཙོང་འདོད་སྤྱོད་དང་ དམར་བསད།

ཨེན་ཌི་ཊི་ཝི།རྒྱ་གར་ཡུ་པི་མངའ་སྡེའི་ མ་ཐུ་ར་རྫོང་ཁག་གི་ ཁྲིམས་སྲུང་འགག་སྡེའི་ ས་ཁོངས་ཀྱི་ གཡུས་ཚན་ཅིག་ནང་ མི་ངན་སྡེ་ཚན་ཅིག་གིས་ སྐྱེས་ལོ་ ༡༥ འབད་མི་བུམོ་ཅིག་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལུ་ དམར་བསད་འབད་ནུག།དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ ཕྱི་རོའི་ཆུ་ཚོད་ ༨.༣༠ དེ་ཅིག་ཁར་ སྐྱེས་ལོ་ ༩ འབད་མི་ མོ་རའི་ནུམོ་ཁྱིད་དེ་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ ནགས་ཚལ་ནང་ སེམས་ངལ་ཞི་ཐབས་ལུ་ བཤལ་བར་འགྱོཝ་ད་ ཕོ་སྐྱེས་ ༣ གྱིས་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལུ་ སྐེ་བསྡམས་ཏེ་ དམར་བསད་འབད་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས།དེ་བསྒང་ སྐྱེས་ལོ་ ༩ འབད་མི་ བུམོ་ཅུང་དེ་ བྱོག་ཐལ་ཡོདཔ་ལས་ ནང་མི་ཚུ་ལུ་ སླབ་པའི་ཤུལ་ལས་ གཡུས་མི་ཚུ་དང་བཅསཔ་སྦེ་ འཚོལ་བར་སོང་ཡོདཔ་བཞིན་དུ་ ཕོ་སྐྱེས་ ༢ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ཐོག་ལས་ དོ་དམ་འོག་ལུ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གིས་ ཨཱལ་ཀའི་ཌ་དང་ ཏ་ལི་བཱན་སྡེན་གྱི་ འགོ་འཛིན་ ༤ རྒྱལ་སྤྱིའི་དྲག་ཐོག་དབང་བཙོངཔ་ཨིན་པའི་ངོས་འཛིན།

ཨེན་ཌི་ཊི་ཝི།ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཊོ་ནི་བི་ལིང་ཀེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱལ་ཀའི་ཌ་དང་ པ་ཀིཛ་ཏཱན་ ཏ་ལི་བཱན་སྡེན་གྱི་ འགོ་འཛིན་ ༤ རྒྱལ་སྤྱིའི་དྲག་ཐོག་དབང་བཙོངཔ་སྦེ་ ངོས་འཛིན་འབད་ཡོདཔ་ལས་ ཡུ་ཨེཛ་གཞུང་གིས་ ཨཕ་གྷ་ནིཛ་ཏཱན་ལུ་ དྲག་ཐོག་དབང་བཙོངཔ་ཚུ་གིས་ ལཱ་ངན་འབད་ནི་མེདཔ་ ངེས་གཏན་བཟོ་འོང་ཟེར་ཨིན་པས།དེ་སྦེ་ དྲག་ཐོག་དབང་བཙོང་འབད་མི་ ངོས་འཛིན་འབད་དེ་ཡོད་མི་ཚུ་ཡང་ རྒྱ་གར་གྱི་ ནང་གསེས་གླིང་ཆེན་ནང་གི་ ཨཱལ་ཀའི་ཌའི་འགོ་འཛིན་ ཨོ་ས་མ་ མེཧ་མཱུཌ་དང་ འགོ་འཛིན་འོགམ་ ཡ་ཧི་ཡ་གྷའུ་རི་ དེ་ལས་ སྡེ་ཚན་དེ་ཁར་ གྲལ་གཏོགས་ནང་བཙུགས་མི་ མུ་ཧ་མེཌ་མ་རུཕ་ཚུ་ ཚུད་ཡོདཔ་ཨིན་པས།དེ་མ་ཚད་ པ་ཀིཛ་ཏཱན་གྱི་ས་ཁོངས་ ཁའི་བར་པག་ཏཱུན་ཁ་ མངའ་སྡེའི་ནང་ དྲག་ཐོག་དབང་བཙོང་གི་ལཱ་ཚུ་ བལྟ་རྟོག་འབད་མི་ ཏེཧ་རིག་ཨི་ ཏ་ལི་བཱན་ཟེར་མི་ སྡེ་ཚན་གྱི་ འགོ་འཛིན་འོགམ་ ཀ་རི་ཨམ་ཇཱཌ་ཟེར་མི་དེ་ཡང་ ཡུ་ཨེཛ་གི་ བཀག་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།བཀག་དམ་དེ་ཡང་ ཡུ་ཨེཛ་གི་ ཁྱབ་ཁོངས་ནང་འཁོད་ཚུད་མི་ གོང་གི་མི་ངོམ་ཚུ་གི་ རྒྱུ་དངོས་ཚུ་ སྤྲོད་ལེན་འབད་ནི་མེདཔ་སྦེ་ བཞག་ནི་ཨིན་པས།རྒྱལ་སྤྱིའི་ནང་ དྲག་ཐོག་དབང་བཙོང་གི་ ལཱ་འབད་མི་ཚུ་གིས་ ཨཱཕ་གྷ་ནིཛ་ཏཱན་ལུ་ དྲག་ཐོག་དབང་བཙོང་གི་ ལཱ་བྱ་འཐབ་མ་ཆོགཔ་སྦེ་ བཟོ་ནི་གི་ […]

gyalchi
Online now: 7 Today: 1189 Total visitors: 11219