ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཀེའི་རྒྱལཔོ་ ཅཱལཛ་མཆོག་དང་ རྒྱལ་སྲས་ཝི་ལི་ཡམ་གྱི་ བཙུནམོ་མཆོག་ལུ་ ནད་གཞི་ཀེན་སར།

རོའི་ཊརཛ། ཡུ་ཀེའི་རྒྱལཔོ་ མི་དབང་ཅཱལཛ་མཆོག་དང་ རྒྱལ་སྲས་ཝི་ལི་ཡམ་གྱི་ བཙུནམོ་ཀཱེཊ་མཆོག་ལུ་ ནད་གཞི་ཀེན་སར་ཡོདཔ་ལས་ མི་སེར་ཡོངས་ཀྱིས་ སེམས་ཤུགས་ཀྱི་ བརྡ་འཕྲིན་ཚུ་ ཕུལ་ཡོད་མི་ལུ་ རྒྱལ་སྲས་ཝི་ལི་ཡམ་གྱིས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ཨིན་པས།དེ་ཡང་ རྒྱལཔོ་ཅཱལཛ་མཆོག་ལུ་ སྨན་བཅོས་ཕུལ་བའི་ཤུལ་ལས་ རྒྱལ་པོའི་ཕྱག་ལཱ་གནང་ནི་ ལོག་སྟེ་ར་ འགོ་བཙུགས་ཡོདཔ་ད་ ཝི་ལི་ཡམ་གྱི་ བཙུནམོ་ཀཱེཊ་མཆོག་ལུ་ འཕྲལ་ཁམས་ཅིག་ཁར་ གཤག་བཅོས་ཕུལ་ནུག།སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ རྒྱལ་སྲས་ཝི་ལི་ཡམ་གྱིས་ འཕྲལ་ཁམས་ཀྱི་ དུས་སྐབས་ཚུ་ནང་ ཁོ་གི་ཡབ་དང་ བཙུནམོ་ ༢ ལུ་ རྒྱབ་སྐྱོར་གྱི་ བརྡ་འཕྲིན་ཚུ་ ཕུལ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ གསུངས་པའི་ཁར་ འདས་པའི་བདུན་ཕྲག་ཚུ་ནང་ སྨན་བཅོས་ཉག་གཅིག་ལུ་ གཙོ་བོར་བཏོན་ཡོདཔ་སྦེ་ཡང་ གསུངས་ཡོདཔ་ཨིན་པས།དེ་བསྒང་ ཁོ་རའི་སྐུ་མཆེད་ རྒྱལ་སྲས་ཧེ་རི་དེ་ཡང་ ཡབ་རྒྱལཔོ་མཇལ་བར་ ཡུ་ཨེཛ་ལས་ བྱོན་ཡོདཔ་ད་ རྒྱལཔོ་ཅཱལཛ་མཆོག་ སྨན་བཅོས་མཛད་པའི་རིང་ལུ་ རྒྱལ་པོའི་ཕྱག་འགན་ཚུ་ སྐུ་འཁོར་གཞན་ཚུ་ལུ་ འཁྲི་བའི་ནང་ལས་ དམིགས་བསལ་གྱིས་ རྒྱལ་སྲས་ཝི་ལི་ཡམ་དང་ རྒྱལ་བཙུན་ཀེ་མི་ལ་ལུ་འཁྲི་ནུག།རྒྱལ་འཛིན་རྩོམ་སྒྲིག་པ་ […]

World News

པ་ཀིཛ་ཏཱན་ལུ་ བཙག་འཐུའི་ཧེ་མར་ ཉེན་ཁ་ཅན་གྱི་ རྫས་བམ་ ༢ གས་ཡོདཔ།

བི་བི་སི། པ་ཀིཛ་ཏཱན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ བ་ལོ་ཅིཛ་ཏཱན་མངའ་སྡེའི་ནང་ སྤྱིར་བཏང་བཙག་འཐུའི་ཧེ་མར་ རྫས་བམ་ ༢ གས་མི་ལུ་བརྟེན་ཏེ་ མི་གྲངས་ ༢༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།དེ་ཡང་ པི་ཤིན་མངའ་ཁོངས་ལུ་ཡོད་མི་ རང་དབང་སྲིད་ཚོགས་ཀྱི་ འདེམས་ངོ་ཅིག་གི་ ཡིག་ཚང་གི་གདོང་ཁར་ རྫས་བམ་དང་པ་ གས་པའི་སྐབས་ལུ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ རྫས་བམ་ ༢ པ་དེ་ པི་ཤིན་ལས་ ཀི་ལོ་མི་ཊར་ ༡༥༠ དེ་ཅིག་གི་ས་ཁར་ ཀི་ལ་ས་ཡིཕ་ཨུ་ལ་ཟེར་མི་ མངའ་ཁོངས་ནང་ གས་ཡོདཔ་ལས་ མི་གྲངས་ ༨ ལུ་ ཤི་རྐྱེན་བྱུང་ནུག།ག་དེ་སྦེ་ཨིན་རུང་ རྫས་བམ་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ངོས་ལེན་མ་བཏུབ་པར་ཡོདཔ་ད་ པ་ཀིཛ་ཏཱན་དང་ ཨཱཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཁར་ཡོད་མི་ པི་ཤིན་མངའ་ཁོངས་ཀྱི་ རྐྱེན་ངན་དེ་ནང་ མི་གྲངས་ ༢༥ དེ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱི་ རྒྱལ་ཁབ་ནང་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་གནོད་འཚུབ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༧ གྱི་དྲོ་པར་ ར་ཤི་ཡ་གིས་ མི་ཛ་ཡེལ་ཚུ་གི་ཐོག་ལས་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡེབ་དང་ ཁྲོམ་སྡེ་གཞན་ཚུ་ནང་ གནོད་འཚུབ་བཀལ་མིའི་ནང་ མི་ངོམ་གཅིག་ལུ་ ཤི་རྐྱེན་དང་ གཞན་མི་དག་པ་གཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ རྒྱལ་ས་ཀི་ཡེབ་ཀྱི་ ཁྲོམ་དཔོན་གྱིས་འབད་བ་ཅིན་ ར་ཤི་ཡའི་ མི་ཛ་ཡེལ་ ༡ ཕབ་བཏང་པའི་སྐབས་ལུ་ གློག་མེའི་བརྒྱུད་ཐག་ཚུ་ལུ་ ཕོག་པ་ལུ་བརྟེན་ཏེ་ རྒྱལ་ས་ལུ་སྡོད་མི་ བཟའ་ཚང་དག་པ་ཅིག་ར་ གློག་མེ་མེད་པར་ཡོད་ཟེར་ཨིན་པས།དེ་མ་ཚད་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁྲོམ་སྡེ་ མི་ཀོ་ལ་ཡེབ་ལུ་ཡང་ ཕོ་སྐྱེས་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་བའི་སྐོར་ལས་ དྲོ་པའི་ཆུ་ཚོད་ ༦ ལས་ར་ རྒྱལ་ཡོངས་ལུ་ ཉེན་བརྡ་འབད་ནུག།རྐྱེན་ངན་དེ་ནང་ མངལ་སྦྲུམ་ཅན་གྱི་ ཨམ་སྲུ་ ༡ གིས་གཙོས་པའི་ མི་གྲངས་ ༩ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཅི་ལི་རྒྱལ་ཁབ་ཀྱི་ སྲིད་འཛིན་བགྲེསཔ་དེ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་གཤགས་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ ལྷོ་ཨ་མེ་རི་ཀའི་ ཅི་ལི་རྒྱལ་ཁབ་ཀྱི་ སྲིད་འཛིན་བགྲེསཔ་ སེ་བཱཛ་ཅཱན་པི་ནེ་ར་དེ་ གནམ་གྲུ་ཧེ་ལི་ཀོབ་ཊར་ལུ་ ཐུག་རྐྱེན་བྱུང་མིའི་ནང་ གཤགས་སོངཔ་ཨིན་པས།དགུང་ལོ་ ༧༤ བཞེས་མི་ སྲིད་འཛིན་བགྲེསཔ་དང་ ཕྱག་ཞུ་མི་ ༣ ཡོད་མི་ ཧེ་ལི་ཀོབ་ཊར་དེ་ ཅི་ལི་ལྷོ་ཕྱོགས་ཀྱི་ རྒྱ་མཚོ་ཅིག་ནང་ བུད་ཡོདཔ་ད་ ཉེན་སྐྱོབ་སྡེ་ཚན་གྱིས་ ཁོང་ཆ་ཁྱབ་ རྒྱ་མཚོའི་ནང་ལས་ བཏོན་པའི་ཤུལ་ལུ་ སྲིད་འཛིན་བགྲེསཔ་དེ་ གཤགས་སོང་རུང་ གཞན་མི་ ༣ དེ་ སྲོག་སྐྱབས་འབད་ཚུགས་ནུག།སྲིད་འཛིན་བགྲེསཔ་ སེ་བཱཛ་ཅཱན་པི་ནེ་ར་གིས་ སྤྱི་ལོ་ ༢༠༡༠ ལས་ ༢༠༢༢ ཚུན་ འཕྲོ་མཐུད་དེ་ར་ ལན་ཐེངས་ ༢ ཀྱི་རིང་ལུ་ གཞུང་སྐྱོང་མཛད་ཡོདཔ་ད་ ནང་སྲིད་བློན་པོ་ ཀེ་རོ་ལི་ན་ཏོ་བ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་བགྲེསཔ་དེ་ མི་མང་གི་ ཞབས་ཏོག་ལུ་ ཆེད་དུ་བརྩོན་མི་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།སྲིད་འཛིན་གྱི་ གོ་གནས་ལས་ དགོངས་ཞུ་མཛད་པའི་ཤུལ་ལས་ཡང་ སྲིད་དོན་ནང་ […]

World News

ཡུ་ཨེཛ་གིས་ རྒྱ་གར་ལུ་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་ཚུ་བཙོང་ནི།

བི་བི་སི། ཡུ་ཨེཛ་གིས་ རྒྱ་གར་ལུ་ ཌོ་ལར་ཐེར་འབུམ་ ༤ གནས་པའི་ གོ་མཚོན་འབག་མི་ མཁའ་དམག་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ བཙོང་ཆོག་པའི་ གནང་བ་གྲོལ་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ ཡུ་ཨེཛ་ལུ་ གཟིགས་སྐོར་གནངམ་ད་ གསལ་བསྒྲགས་འབད་ནུག།དེ་ཡང་ ཚོང་སྒྱུར་འཐབ་ནི་ཨིན་མི་ གོ་མཚོན་འབག་མི་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཚུ་གི་གྲས་ཁར་ ཌཱོན་ ༣༡ དང་ མི་ཛ་ཡེལ་ ༡༧༠ རྫས་བམ་ཆུང་ཀུ་ ༣༡༠ དེ་ལས་ གསང་ཞིབ་འཕྲུལ་ཆས་དང་ བརྒྱུད་འབྲེལ་འཕྲུལ་ཆས་ ཕོག་ཚོདབརྟན་ཏོག་ཏོ་གི་ རྫས་བམ་ཚུ་ཡང་ ཚུདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ན་ཝཱཛ་ཤ་རིཕ་གིས་ བློན་ཆེན་བཙག་འཐུའི་ནང་ ལོག་སྟེ་ར་ གྲལ་གཏོགས་འབད་ནི།

བི་བི་སི། པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ན་ཝཱཛ་ཤ་རིཕ་དེ་ རྒྱལ་ཁབ་ནང་ལས་ བྲོས་ཟུར་བད་དེ་ ཡར་སོང་པའི་ཤུལ་ལུ་ ན་ཧིང་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་བཞིན་དུ་ ད་རེས་ སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ བློན་ཆེན་བཙག་འཐུའི་ནང་ དོ་འགྲན་འབད་དེ་ རྒྱལ་ཁ་འཐོབ་ནི་སྦེ་ ཏན་ཏན་ཡར་སོངཔ་བཟུམ་ཅིག་ཡོདཔ་ཨིན་པས།དེ་ཡང་ ཧེ་མ་ བློན་ཆེན་སྦེ་ སྡོད་པའི་སྐབས་ལུ་ ངན་ལྷད་ཀྱི་ ཉེས་འཛུགས་ཕོག་ཡོདཔ་ལས་ ཁོ་གི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ བཙན་བཟུང་འབད་ནུག།ཨིན་རུང་ པ་ཀིཛ་ཏཱན་གྱི་ དྲག་པོའི་དམག་སྡེ་ལུ་ རྒྱབ་འགལ་འབད་མི་ ན་ཝཱཛི་ཤ་རིཕ་གིས་ བློན་ཆེན་གྱི་གོ་གནས་ ཡང་བསྐྱར་འཆང་ནི་བཟུམ་ཅིག་ཡོདཔ་ཨིན་པས།ན་ཝཱཛི་ཤ་རིཕ་གྱི་ དོ་འགྲན་པ་ ཧེ་མའི་བློན་ཆེན་ ཨིམ་རཱན་ཁཱན་དེ་ ཧེ་མར་ དྲག་པོའི་དམག་སྡེ་གིས་ རྒྱབ་བཟུང་སྟེ་ཡོདཔ་ད་ ད་རེས་ བཙོན་ཁང་ནང་ཡོད་མི་ ཨིམ་རཱན་ཁཱན་གྱིས་མ་ཚད་པར་ ཁོ་རའི་སྲིད་ཚོགས་དེ་ཡང་ རྒྱལ་ཁབ་ནང་ བཀག་འཛིན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱིས་ བེ་ལེག་སཱི་ རྒྱ་མཚོའི་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ ལག་ལེན་འཐབ་མི་ གྲུ་ཟིང་ལུ་གནོད་འཚུབ།

བི་བི་སི། ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བེ་ལེག་སཱི་ཟེར་མི་ རྒྱ་མཚོའི་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ ལག་ལེན་འཐབ་མི་ གྲུ་ཟིང་ཅིག་ མེདཔ་བཏང་ཡི་ཟེར་ཨིན་པས།གྲུ་ཟིང་དེ་གི་མིང་ཡང་ ཨའི་བ་ནོ་བེཊ་ཟེར་མི་ དམག་གྲུ་ཆུང་བ་ཅིག་ཨིནམ་ད་ གྲུ་ཟིང་དེ་ ཡུ་ཀེ་རེན་གྱི་ དམིགས་བསལ་དམག་འཛིང་སྐབས་ལུ་ མེདཔ་བཏང་སྟེ་ རྒྱ་མཚོའི་ནང་ ཐིམས་ཡོདཔ་སྦེ་ཨིན་པས།ཁོང་གིས་ བརྙན་ཐུང་ཅིག་ གསལ་སྟོན་འབད་མིའི་ནང་ གྲུ་ཟིང་དེ་གུ་ ཡུ་ཀེ་རེན་གྱི་ གོ་མཚོན་གྱིས་ ཕོག་སར་དང་ དེ་གི་ཤུལ་ལས་ གྲུ་ཟིང་དེ་ གས་ཡོདཔ་སྦེ་ མཐོང་ཚུགས་དོ་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ ར་ཤི་ཡའི་ ཁ་ཐུག་ལས་ ག་ནི་ཡང་ མ་སླབ་པར་ཡོདཔ་ད་ ཁོང་གི་དམག་མི་ བོ་ཡེན་ཀོར་ཀོ་ཊེ་ནོག་གིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གྲུང་ཐིང་དེ་གུ་ མཁའ་དམག་ཆུང་བ་ཌཱོན་གྱིས་ ལན་ཐེངས་ ༣ ཕོག་པའི་ཤུལ་ལས་ རྒྱ་མཚོའི་ནང་ ཐིམས་སོང་ཡི་ཟེར་ཨིན་པས།ར་ཤི་ཡའི་ ཁ་ཐུག་ལས་ གྲུ་ཟིང་དེ་ ཉེན་སྐྱོབ་ཀྱི་དོན་ལས་ འཚོལ་ཞིབ་ཚུ་འབད་རུང་ འཚོལ་མ་ཐོབ་པར་ཡོདཔ་ད་ གྲུ་ཟིང་དེ་ལུ་ ཌོ་ལར་ས་ཡ་ ༦༠ ལས་ ༧༠ […]

World News

ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ ཡུ་རོ་ཐེར་འབུམ་ ༥༠ གི་གྲོགས་རམ།

བི་བི་སི། མདང་ཞག་གཅིག་ཁར་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ གྲོགས་རམ་བྱིན་ནི་འབདཝ་ད་ ཧང་ག་རི་རྒྱལ་ཁབ་ཀྱིས་ བཀག་ཆ་འབད་དེ་ཡོད་རུང་ ད་རེས་ ཚོགས་པ་དེ་གི་ འཐུས་མི་རྒྱལ་ཁབ་ ༢༧ པོ་ག་ར་གིས་ ཡུ་རོ་ཐེར་འབུམ་ ༥༠ བྱིན་ནི་སྦེ་ ཁ་འཆམ་ནུག།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མ་དངུལ་གྲོགས་རམ་དེ་གིས་ ཁོང་གི་རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ དངུལ་འབྲེལ་གྱི་ བརྟན་གཞི་སྒྲིང་སྒྲིང་འགྱོ་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས་ཟེར་ བཤད་ཡོདཔ་ད་ གྲོགས་རམ་དེ་གི་ འགོ་ཐོག་འཛིན་གྲོལ་དེ་ སྤྱི་ཟླ་ ༣ པའི་ནང་ འཐོབ་ནི་གི་ རེ་བ་ཡོདཔ་ཨིན་པས།མ་གཞི་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ གྲོགས་རམ་གྱི་ གྲོས་འཆར་བཀོད་པའི་སྐབས་ལུ་ ཧང་ག་རི་རྒྱལ་ཁབ་ཀྱིས་ བཀག་ཆ་འབད་ཡོདཔ་བཞིན་དུ་ ད་རེས་ཡང་ བཀག་ཆ་མི་འབད་ག་མནོ་བའི་ ཐེ་ཚོམ་ཡོདཔ་ཨིན་པས།གནད་དོན་དེ་ལུ་ ཧང་ག་རིའི་བློན་ཆེན་ བིག་ཊོར་ཨོར་བཱན་གྱིས་ ཡུ་ཀེ་རེན་ལུ་ མ་དངུལ་གྱི་ གྲོགས་རམ་བྱིན་ནི་གི་ ཁས་ལེན་སྲིད་བྱུས་ཀྱི་སྐོར་ལས་ མནོ་བསམ་ལོག་གཏང་དགོཔ་དང་ ད་ལས་ཕར་ ལོ་ངོ་ ༤ […]

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དང་ གནས་ཚང་བུཤ་ར་བི་བི་ ༢ ལུ་ ལོ་ངོ་ ༡༤ རེའི་བཙོན་ཁྲིམས།

བི་བི་སི། པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དང་ གནས་ཚང་བུཤ་ར་བི་བི་ ༢ ལུ་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ར་ འཁྲུན་ཆོད་ལྷམ་པ་ ༢ བཏོན་གནང་པའི་ ནང་གསེས་ལས་ འཁྲུན་ཆོད་ ༢ པའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁོང་བཟང་ཚང་ ༢ ལུ་ བཙོན་ཁྲིམས་ལོ་ངོ་ ༡༤ རེ་ ཕོག་ཡོདཔ་སྦེ་ཨིན་པས།འཁྲུན་ཆོད་དེ་ཡང་ ཨིམ་རཱན་ཁཱན་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་ཡོད་མི་ རྒྱལ་ཁབ་ནང་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེན་འཐབ་ནི་གི་ དུས་ཚོད་ལས་ བདུན་ཕྲག་ ༡ གི་ སྔ་གོང་ལུ་གནང་ནུག།ཨིམ་རཱན་ཁཱན་དེ་ སྤྱི་ལོ་ ༢༠༢༢ ལུ་ ལྡོག་ཕྱོགས་ཀྱིས་ བློན་ཆེན་གྱི་ གོ་གནས་ལས་ བཏོན་བཏང་ཡོདཔ་མ་ཚད་ ངན་ལྷད་ཀྱི་ ཉེས་པ་ལུ་བརྟེན་ཏེ་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་ཡང་ ཕོག་ཡོདཔ་ད་ ཨིམ་རཱན་ཁཱན་གྱིས་ དེ་བཟུམ་མའི་ ཉེས་འཛུགས་འབད་མི་ གནད་དོན་ལེ་ཤ་ཅིག་ར་ […]

World News

ལྷོ་ཀོ་རི་ཡའི་ རྒྱ་མཚོའི་མཐའ་མར་ ཡུ་ཨེཛ་གི་ མཁའ་དམག་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ ཡུ་ཨེཛ་གི་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ འབད་མི་ཅིག་ ལྷོ་ཀོ་རི་ཡའི་ རྒྱ་མཚོའི་མཐའ་མར་ བུད་མི་དེ་བརྩིས་ཏེ་ ལོ་ངོ་ ༡ གི་ ནང་འཁོད་ལུ་རང་ ཀོ་རི་ཡ་ལུ་ གཞི་གནས་ཐོག་ལས་ ལག་ལེན་འཐབ་མི་ ཡུ་ཨེཛ་གི་ མཁའ་དམག་གནམ་གྲུ་ ༣ བུད་སོངཔ་ཨིན་པས།རྐྱེན་ངན་དེ་ཡང་ ལྷོ་ཀོ་རི་ཡའི་ ནུབ་ཕྱོགས་རྒྱ་མཚོའི་ནང་ དྲོ་པའི་ཆུ་ཚོད་ ༨ དང་ སྐར་མ་ ༤༡ དེ་ཅིག་ཁར་ དམག་སྦྱོང་འབད་བའི་སྐབས་ལུ་བྱུང་ནུག།ཨིན་རུང་ གནམ་གྲུའི་དེད་དཔོན་དེ་ སྐར་མ་ ༥༠ དེ་ཅིག་ཁར་ གནམ་གྲུའི་ནང་ལས་ གསོན་པོ་སྦེ་ར་ འཚོལ་ཐོབ་ཡོདཔ་ལས་ བརྟག་དཔྱད་ཀྱི་དོན་ལུ་ སྨན་བཅོས་ཁང་ཅིག་ནང་ བསྐྱལ་ཡོདཔ་ཨིན་པས།ལྷོ་ཀོ་རི་ཡ་ལུ་ ཡུ་ཨེཛ་གི་ མཁའ་དམག་སྡེ་ཚན་གྱི་ དམག་སྲིད་མེ་ཐིའུ་གེཊ་ཀེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་གནམ་གྲུའི་དེད་དཔོན་དེ་ འཚོལ་ནི་ལུ་ ཀོ་རི་ཡའི་ ཉེན་སྲུང་སྡེ་ཚན་དང་ ཡུ་ཨེཛ་མཁའ་དམག་གི་ དམག་མི་ཚུ་གིས་ ག་ནི་བ་ མགྱོགས་དྲགས་སྦེ་ […]

Online now: 4 Today: 1728 Total visitors: 17164