ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨར་ཇེན་ཊི་ན་ལུ་ ལས་མིའི་ཐོབ་དབང་ དམ་འཛིན་དང་འབྲེལ་བའི་ ངོ་རྒོལ་འགྲེམ་སྟོན།

བི་བི་སི། ཨར་ཇེན་ཊི་ན་ལུ་ སྲིད་འཛིན་ཇེ་བི་ཡར་ མི་ལེ་གིས་ ལས་མིའི་ཐོབ་དབང་ ཚད་གཞི་མར་ཕབ་ཀྱི་ འཆར་གཞི་དང་འབྲེལ་བའི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལས་ ངོ་རྒོལ་འགྲེམ་སྟོན་འབདཝ་ཨིན་པས།དེ་ཡང་ ས་གནས་བི་ནོཛ་ཨེ་རིཛ་དང་ ཁྲོམ་སྡེ་གཞན་ཚུ་ནང་ མི་སེར་ཚུ་ ལེ་ཤ་སྦེ་ སྤུངས་འཛོམས་འབད་དེ་ཡོདཔ་ད་ སྲིད་འཛིན་མི་ལེ་གིས་ ཉིན་གྲངས་ ༤༥ གི་ སྔ་གོང་ལུ་ སྲིད་འཛིན་གྱི་ གོ་གནས་བཞེས་པའི་ཤུལ་ལས་ རྒྱལ་ཁབ་ཀྱི་ ཟད་འགྲོ་ཚུ་ མར་ཕབ་འབད་ནི་དང་ ཁོང་གི་དངུལ་པེ་སོའི་ གནས་གོང་ཉམས་མི་དང་འབྲེལ་ཏེ་ སྒྲིག་གཞི་ཚུ་ གུ་ཡངས་བཏང་ནི་གི་ ཁས་ལེན་འབད་ནུག།.མི་སེར་ཚུ་གིས་ ཟ་ནི་དེ་ ཐོབ་དབང་གི་གྲངས་སུ་མིན་ཟེར་བའི་ བརྡ་བྱང་ཚུ་འབག་སྟེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ ཁྲིམས་སྲུང་དམག་མི་ཚུ་ཡང་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།ངོ་རྒོལ་འབད་མི་ ལ་ལོ་ཅིག་གིས་ ཕ་ཡུལ་འདི་ བཙོང་ནིའི་དོན་ལུ་མིན་ཟེར་བའི་ བརྡ་བྱང་དང་ གཞན་ཡང་ དགོངས་ཞུ་འབད་མི་ཚུ་ འཕྲོག་བཅོམ་མ་འབད་ཟེར་བའི་ བརྡ་བྱང་ཚུ་ འབག་སྟེ་ཡོདཔ་ཨིན་པས།སྲིད་འཛིན་མི་ལེ་གིས་ རྒྱལ་ཁབ་ནང་ གོང་ཚད་ཡར་འཕར་གྱི་ ཚད་གཞི་དེ་ བརྒྱ་ཆ་ ༢༠༠ དེ་ཅིག་དང་ […]

World News

ཨ་མེ་ཛཱོན་ལུ་ མུ་གེ་ཚབས་ཆེན།

བི་བི་སི། ཨ་མེ་ཛཱོན་ལུ་ འདས་པའི་ལོ་ངོ་ ༥༠ ལས་ ད་ཚུན་གྱི་བར་ན་ ད་རེས་ མུ་གེ་ཚབས་ཆེན་སྦེ་ ཐོན་ཡོད་མི་དེ་ ཞིབ་འཇུག་དང་འཁྲིལ་བ་ཅིན་ ཨ་མེ་ཛཱོན་གྱི་ ནགས་ཚལ་དེ་ལུ་ འཛམ་གླིང་གི་གློཝ་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ ནགས་ཚལ་དེ་ གཏུགས་དྲགས་སྦེ་ཡོདཔ་ལས་ འཛམ་གླིང་གི་ མཁའ་དབྱིངས་ལུ་ཡོད་མི་ བཙོག་རླུང་ཀཱར་བོན་ཚུ་གི་ གནོད་པ་ནུས་མེད་ བཟོ་ནི་དེ་གིས་ཨིན་པས།ཨིན་རུང་ ད་རེས་ ནགས་ཚལ་ཚུ་ མགྱོགས་དྲགས་སྦེ་ ཉམས་དོ་ཡོདཔ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ དབང་ལུ་ཐལ་དོ་ཡོདཔ་ད་ ན་ཧིང་ སྤྱི་ཟླ་ ༡༠ པའི་ནང་ འཛམ་གླིང་ནང་གི་ གཙང་ཆུ་སྦོམ་ཤོས་ རི་ཡོ་ནི་གོ་རོ་ཟེར་མི་དེ་ ཚད་གཞི་དམའ་མཐའ་ལུ་ ལྷོད་ཡོདཔ་ཨིན་པས།ཨ་མེ་ཛཱོན་ ནགས་ཚལ་ནང་ འཛམ་གླིང་གི་ སྐྱེ་ལྡན་རིགས་སྣ་ བརྒྱ་ཆ་ ༡༠ དེ་ཅིག་ཡོད་མི་ཚུ་གི་གྲས་ལས་ ལ་ལོ་ཅིག་ ད་རེས་ཡང་ ངོས་འཛིན་མ་འབདར་ཡོདཔ་ཨིན་པས།ཨིན་རུང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ སྐྱེ་དངོས་རིམ་ལུགས་ལུ་ གནོད་པ་བྱུང་སྟེ་ སྐྱེལ་འདྲེན་གྱི་དོན་ལས་ གཙང་ཆུ་ལུ་བརྟེན་མི་ ས་ཡ་ལས་བཅད་མི་ཚུ་གི་ བཟའ་འཐུང་དང་ འབབ་ཁུངས་ལུ་ ཐོ་ཕོག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་དང་ ཀིར་གིཛ་ཐཱན་གྱི་ ས་མཚམས་ཁར་ ས་ཡོམ་རྐྱབ་མིའི་ནང་ མི་གྲངས་ ༣ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ རྒྱ་ནག་གི་ ནུབ་ཕྱོགས་མངའ་ཁོངས་ ཟིན་ཇི་ཡང་ལུ་ ས་ཡོམ་ཤུགས་ཚད་ ༧.༡ འབད་མི་ཅིག་ རྐྱབ་མིའི་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༥ ལུ་ རྨ་སྐྱོན་བྱུང་ནུག།རྒྱ་ནག་གཞུང་གི་ རྒྱང་བསྒྲགས་འཕྲུལ་ཁང་ལས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ལས་ མི་གྲངས་ ༡༢,༤༢༦ དེ་ཅིག་ ཉེན་སྲུང་དང་ལྡན་པའི་ ས་གནས་ཚུ་ནང་ སྤོ་བཤུད་འབད་ཨིན་པས།ས་ཡོམ་དེ་ཡང་ འུ་ཤི་ཟེར་སའི་ མངའ་སྡེའི་ནང་ དྲོ་པའི་ཆུ་ཚོད་ ༢ དེ་ཅིག་ཁར་ རྐྱབ་ཡོདཔ་ད་ དེ་བསྒང་ སྡོད་ཁྱིམ་ ༢ རམ་འགྱོ་བའི་ཁར་ གློག་མེའི་བརྒྱུད་ཐག་སྦོམ་ཤོས་ ༢ ཡང་ མེདཔ་བཏང་ཡོད་རུང་ གློག་མེ་དེ་ བསྐྱར་གསོ་འབད་ཚུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གྱི་ ཧིན་དྷུའི་ལྷ་ཁང་གསརཔ་ཅིག་ འགོ་འབྱེད་ཀྱི་ཉིན་མར་ ལྷ་ཁང་མཇལ་མི་ མི་སེར་འབུམ་ཕྲག་སྦེ་སྤུངས་འཛོམས།

སི་ཨེན་ཨེན། སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་ཁྲོམ་ ཨ་ཡོ་དྷི་ཡ་ཟེར་སར་ རཱམ་མཱན་དིར་ཟེར་ རྒྱལ་པོ་དགའ་བྱེད་ཀྱི་ ལྷ་ཁང་གསར་བསྒྲུབས་ འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ ལྷ་ཁང་མཇལ་མི་ ས་ཡ་ཕྱེད་དེ་ཅིག་ འཛོམས་ཡོདཔ་ཨིན་པས།དེ་ཡང་ དུས་རབས་ ༡༦ པའི་ནང་ བཞེངས་ཡོད་མི་ མུཛ་ལིམ་གྱི་ ལྷ་ཁང་ཞིག་རལ་འགྱོ་བའི་ ས་ཆ་གུར་བཞེངས་ཡོདཔ་ད་ ལྷ་ཁང་མཇལ་ མི་ཚུ་ དྲོ་པ་ལས་ དར་ལི་ཝང་དང་ མཆོད་རྫས་ཚུ་འབག་སྟེ་ ལྷ་ཁང་གི་ཕྱི་ཁར་ སྤུངས་འཛོམས་འབད་ནུག།ལྷ་ཁང་དེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ རྒྱལ་པོ་དགའ་བྱེད་ཀྱི་ སྐུ་འདྲ་ཅིག་ཡང་ ཞལ་ཕྱེ་གནང་ཡོདཔ་ད་ ཧིན་དྷུའི་ཆོས་ལུགས་ནང་ རྒྱལ་པོ་དགའ་བྱེད་དེ་ གལ་གནད་ཆེ་དྲགས་ཅིག་སྦེ་ བརྩི་སྲོལ་ཡོདཔ་ཨིན་པས།ལྷ་ཁང་དེ་གི་ ཀ་ཆེན་ཚུ་དང་ གྱང་རྩིག་ཚུ་ག་ར་ མེ་ཏོག་དང་ ཧིན་དྷུའི་ལྷ་རིས་ཚུ་ ལྟེམ་ལྟེམ་སྦེ་ བཀོད་དེ་ཡོདཔ་ད་ དེ་བསྒང་ ལྷ་ཁང་མཇལ་བར་ འོང་མི་ཚུ་ཡང་ ལྷ་ཁང་ནང་ མ་འཛུལ་བའི་ སྔ་གོང་ལས་ སྲུང་སྐྱོབ་དམག་མི་ཚུ་གིས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་ནུག།ཨུ་ཏར་པར་དེཤ་གི་ བརྡ་དོན་དང་ […]

World News

ཀེ་ན་ཌ་ལུ་ ཁང་གླ་མཐོ་བའི་ དཀའ་ངལ་དང་འབྲེལ་ཏེ་ འཛུལ་ཞུགས་ཆོག་ཐམ་གྱི་ ལམ་ལུགས་སྒྱུར་བཅོས།

ཨེན་ཌི་ཊི་ཝི། ཀེ་ན་ཌ་ལུ་ བཟའ་འཐུང་གི་གོང་ཚད་དང་ ཁང་གླ་ཚུ་མཐོ་བའི་ དཀའ་ངལ་དང་འབྲེལ་ཏེ་ ཀེ་ན་ཌ་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལས་ འཛུལ་ཞུགས་ཆོག་ཐམ་གྱི་ ལམ་ལུགས་ཚུ་ སྒྱུར་བཅོས་འབད་མི་དེ་གིས་ རྒྱ་གར་ལས་ ཀེ་ན་ཌ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་དང་ ཤེས་ཡོན་སྦྱང་པར་འགྱོ་ནི་གི་ འདུན་པ་ཡོད་མི་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།དེ་ཡང་ ཨོ་ཊ་ཝ་ གཞུང་ཚབ་ཡིག་ཚང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ནང་ལས་ ད་རེས་ནངས་པ་ གྱངས་ཁ་མཐོ་ཤོས་ར་ རྒྱ་གར་ལས་ སློབ་ཕྲུག་ ༢༣༠,༠༠༠ དེ་ཅིག་ཡོདཔ་ཨིན་པས།ཀེ་ན་ཌ་གིས་ ད་ལས་ཕར་ ལོ་རེ་བཞིན་དུ་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ འཛུལ་ཞུགས་ཆོག་ཐམ་ ༣༦༠,༠༠༠ ལས་རྒལ་ཏེ་ མི་སྤྲོད་ནི་སྦེ་ཨིནམ་ལས་ ལམ་ལུགས་དེ་གིས་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༣༥ གིས་ མར་འབབ་འགྱོ་ནི་ཨིན་རུང་ ཀེ་ན་ཌའི་ ཕྱི་མི་ནང་བསྐྱོད་བློན་པོ་ མཱག་མི་ལར་གྱིས་ ལམ་ལུགས་དེ་ ལོ་ངོ་ ༢ ཀྱི་དོན་ལས་ གནས་སྐབས་ཀྱི་ སྲིད་བྱུས་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག།གྲོས་འཆར་གསརཔ་དེ་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་མི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལུ་ ལཱ་གི་ཆོག་ཐམ་དེ་ཡང་ ཚད་འཛིན་འབད་ནི་ཨིནམ་ལས་ དེ་བཟུམ་མའི་ ཚད་འཛིན་དེ་གིས་ […]

World News

ཀེ་ན་ཌ་གི་ས་གནས་ རི་ཡོ་ཊིན་ཊོ་ལས་ ལས་མི་འབག་མི་གནམ་གྲུ་གི་ ཐུག་རྐྱེན།

རོའི་ཊརཛ། ཀེ་ན་ཌ་ལུ་ རི་ཡོ་ཊིན་ཊོ་ཟེར་མི་ ས་གཏེར་ལས་སྡེའི་ ལས་མི་ཚུ་འབག་མི་ གནམ་གྲུ་ཆུང་བ་ཅིག་ དི་ཡ་བིག་ཟེར་སར་ཡོད་མི་ རྡོ་རྗེ་ཕ་ལམ་གྱི་ གཏེར་ཁ་ལུ་ འཕུར་འགྲུལ་འབདཝ་ད་ ཀེ་ན་ཌའི་ ནུབ་བྱང་ཕྱོགས་ཀྱི་ ས་གནས་མཐའ་ཟུར་ཅིག་ནང་ ཐུག་རྐྱེན་བྱུང་སྟེ་ ལས་མི་ལ་ལོ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།ཨིན་རུང་ གནམ་གྲུ་དེ་ནང་ ལས་མི་ག་དེ་ཅིག་ཡོད་ག་དང་ ག་དེམ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ག་ དེ་ལས་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཐུག་རྐྱེན་བྱུང་བྱུངམ་ཨིན་ན་ཚུ་ གཏན་འཁེལ་སྦེ་ མ་ཤེས་པར་ཡོདཔ་ད་ གནམ་གྲུའི་ཇོ་བདག་གིས་འབད་བ་ཅིན་ གླ་ཁར་བཏང་མི་ གནམ་གྲུ་དེ་ནང་ འགྲུལ་པ་ ༡༩ རེ་ ཤོང་དོ་ཡོདཔ་སྦེ་ ཨིན་པས།གནམ་གྲུ་དེ་ ཐུག་རྐྱེན་བྱུང་པའི་ཤུལ་ལས་ ཀེ་ན་ཌའི་ རྒྱ་འཛིན་མཁའ་དམག་ སྡེ་ཁག་གསུམ་གྱིས་ ཉེན་སྐྱོབ་དང་ འཚོལ་ཞིབ་ནང་ རྒྱབ་སྐྱོར་འབད་ཡོདཔ་ད་ གནམ་གྲུ་དེ་ཡང་ སི་ལེབ་རི་བར་ཟེར་མི་ གཙང་ཆུའི་ཉེ་འདབས་ལས་ཐོབ་ནུག།ད་རེས་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ད་ སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ཡང་ བི་རི་ཊིཤ་ ཀོ་ལམ་བི་ཡ་ལུ་ ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ […]

World News

བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ཡོད་མི་ གཅིག་སྒྲིལ་དྲན་རྟེན་ སྤོག་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༢༤ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ གཅིག་སྒྲིལ་གྱི་ དྲན་རྟེན་གཙོ་བོ་ཅིག་ མེདཔ་བཏང་ཡོདཔ་ད་ དེ་ཡང་ བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་འབད་བ་ཅིན་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཅིག་ཨིནམ་ལས་ གཅིག་སྒྲིལ་གྱི་གོ་སྐབས་མེད་ཟེར་ཨིན་པས།དེ་ཡང་ འཕྲུལ་སྐར་གྱི་ དཔར་རིས་ནང་བལྟཝ་ད་ སྤྱི་ལོ་ ༢༠༠༠ ལོར་ ཀོ་རི་ཡ་ནང་གསེས་ཀྱི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ བཟོ་བསྐྲུན་མཇུག་བསྡུ་མི་ རིང་ཚད་མི་ཊར་ ༣༠ འབད་མི་ གཞུ་དབྱིབས་ཅན་གྱི་ དྲན་རྟེན་དེ་ མེདཔ་བཏང་ནུག།སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ འཚོགས་ཡོད་མི་ མངོན་མཐོའི་མི་སེར་གྱི་ ཚོགས་འཛོམས་ནང་ ཀིམ་གྱིས་ རྩ་ཁྲིམས་ཆེན་མོའི་ནང་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཨིན་ཟེར་ འཕྲི་སྣོན་འབད་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།བྱང་ཀོ་རི་ཡ་གིས་ མཚོན་ཆ་བརྟག་དཔྱད་ ལག་ལེན་འཐབ་མི་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ དྲག་པོའི་དམག་སྦྱོང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཀོ་རི་ཡའི་ རྒྱལ་ཁབ་ […]

World News

ཨིཛ་རེལ་དང་ ག་ཟའི་ཕྱད་མདའི་ནང་ ཉིནམ་ ༡ ལུ་ར་ ཨིཛ་རེལ་གྱི་ དམག་མི་ ༢༤ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ ཨིཛ་རེལ་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་དང་ ག་ཟའི་ཕྱད་མདའ་ནང་ ཁོང་གི་དམག་མི་ ༢༤ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།དེ་ཡང་ ཨིཛ་རེལ་ དམག་མི་ཚུ་གིས་ སྒྲིང་ཁྱིམ་ ༢ མེདཔ་བཏང་ཐབས་ལུ་ རྫས་བམ་བཙུགས་ཏེ་ བཞག་ཡོད་མི་ཚུ་ གས་པའི་སྐབས་ལུ་ དམག་མི་ ༢༡ དམག་རྒྱབ་སྦེ་ བཞག་མི་ཚུ་དང་སྦྲགས་ཏེ་ དམག་མི་འགོ་དཔོན་ ༣ ལུ་ཡང་ ཤི་རྐྱེན་བྱུང་ནུག།ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་གིས་འབད་བ་ཅིན་ དྲག་ཐོག་དབང་བཙོང་འབད་མི་ དམག་སྡེ་ཅིག་གིས་ མི་ཛ་ཡེལ་ཐོག་ལས་ རྫས་བམ་ཚུ་བསྐྱུརཝ་ད་ རྫས་བམ་ ༡ སྒྲིང་ཁྱིམ་གུ་ཕོགཔ་ལས་ ཧེ་མ་ལས་ བཙུགས་བཞག་སྟེ་ཡོད་མི་ རྫས་བམ་ཚུ་ གས་སོང་པ་ལུ་བརྟེན་ཏེ་ སྒྲིང་ཁྱིམ་ ༢ རམ་སོངཔ་མ་ཚད་ པེ་ལིཛ་ཊིན་གྱི་ མི་སེར་ ༡༩༥ དེ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།གནད་དོན་དེ་གི་སྐོར་ལས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནེ་ཡ་ཧུ་གིས་ ཁོང་ལུ་ […]

World News

རྒྱ་པཱན་གྱིས་ ཟླ་བའི་ནང་ མི་མེད་འཕྲུལ་སྐར།

ཨེ་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ རྒྱ་པཱན་གྱིས་ ཟླ་བའི་ནང་ མི་མེད་འཕྲུལ་སྐར་ བཏང་ཡོད་མི་དེ་ མཐར་འཁྱོལ་ཅན་སྦེ་ ཆགས་ཚུགས་ཡོདཔ་ལས་ འཛམ་གླིང་ནང་ འཕྲུལ་སྐར་ཟླཝ་གུ་ཆགས་མི་ རྒྱལ་ཁབ་ ༥ པ་ཨིནམ་ད་ དེ་གི་ཧེ་མར་ ཡུ་ཨེཛ་དང་ སོ་བིཏ་ཡུ་ནི་ཡན་ རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ཚུ་གིས་ བཏང་ཡོདཔ་ཨིན་པས།ཨིན་རུང་ མཁའ་དབྱིངས་རིག་པའི་ འགོ་དཔོན་ཚུ་གིས་ འཕྲུལ་སྐར་སི་མཱཊ་ལེན་ཌར་དེ་གིས་ ཟླཝ་བརྟག་དཔྱད་ཀྱི་དོན་ལས་ དམིགས་གཏད་བསྐྱེད་མི་ ས་གོའི་ནང་ ཆགས་ཚུགས་མ་ཚུགས་ གཏན་འཁེལ་གྱི་དོན་ལས་ དུས་ཚོད་འགོར་ནི་ཨིནམ་སྦེ་ གསལ་བཤད་འབད་ནུག།དེ་མ་ཚད་ འཕྲུལ་སྐར་གྱི་ ཉིན་དྲོད་གློག་མེ་དེ་གིས་ གློག་མེ་བཏོན་མ་ཚུགས་པར་ཡོདཔ་ལས་ ཟླཝ་བརྟག་ཞིབ་ཀྱི་ དུས་ཡུན་ཐུང་ཀུ་སྦེ་ འགྱོ་སྲིད་ནི་ཨིན་པའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།རྒྱ་པཱན་གྱི་ མཁའ་དབྱིངས་དང་ གནམ་དཔྱད་རིག་པའི་འགོ་འཛིན་ ཧི་ཏོ་ཤི་ཀུ་ནི་ན་ཀ་གིས་ འཕྲུལ་སྐར་དེ་ནང་གི་ ཞིབ་དཔྱད་འཕྲུལ་འཁོར་ཚུ་གིས་ འཆར་གཞི་དང་འཁྲིལ་ཏེ་ར་ གནད་སྡུད་ཚུ་ བསྡུ་ལེན་འབད་དེ་ ཁོང་གི་འཕྲུལ་ཁང་ནང་ བསྐྱལ་ཚུགས་དོ་ཡོདཔ་སྦེ་བཤད་ནུག།དེ་འབདཝ་ད་ ཁོ་གིས་ཡང་ འཕྲུལ་སྐར་གྱི་ ཉིན་དྲོད་འཕྲུལ་ཆས་ཀྱིས་ གློག་མེ་བཏོན་མ་ཚུགས་པར་ཡོདཔ་ལས་ ཞིབ་དཔྱད་ཀྱི་ […]

World News

རྒྱ་ནག་གི་ སློབ་གྲྭ་ཅིག་ལུ་ མེ་རྐྱེན་ཤོར་མིའི་ནང་ མི་གྲངས་ ༡༣ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡ པའི་ཚེས་ ༡༩ གི་ཕྱི་རོ་ རྒྱ་ནག་དབུས་ཕྱོགས་ཀྱི་ མངའ་སྡེ་ཧེ་ནཱན་ཟེར་སར་ སློབ་གྲྭའི་ཉལ་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ས་གནས་ཀྱི་ མེ་བསད་སྡེ་ཚན་གྱིས་ ནུབ་མོའི་ཆུ་ཚོད་ཕྱེད་དང་ ༡༡ དེ་ཅིག་ཁར་ མེ་རྐྱེན་དེ་ བསད་ཚུགས་ཏེ་འབད་རུང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།རྐྱེན་ངན་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་ སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ད་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ མེ་དེ་ག་ཅི་ལུ་བརྟེན་ཏེ་ འབར་ཡོདཔ་ཨིན་ན་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་མ་ཚད་ མེ་རྐྱེན་དེ་ནང་ གྲལ་གཏོགས་ཡོད་མི་ ༡ ཡང་ འཛིན་བཟུང་ཐོག་ལུ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 18 Today: 1674 Total visitors: 17110