ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨི་ཇིབ་ཀྱིས་ ག་ཟའི་ས་མཚམས་བདའ་སྟེ་ རྩིགཔ་རྐྱབ་དོ་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ ཨིཛ་རེལ་གྱིས་ ས་གནས་ར་ཕཱ་ལུ་ དམག་རྐྱབ་ནི་གི་ འཆར་གཞི་བརྩམ་མི་ལུ་བརྟེན་ཏེ་ ཚ་གྱང་ཐོག་ལས་ ཨི་ཇིབ་ཀྱིས་ ལྷོ་ཕྱོགས་ག་ཟའི་ ས་མཚམས་བདའ་སྟེ་ བར་གླིང་བཞག་ཐོག་ལས་ རྩིགཔ་རྐྱབ་དོ་ཡོདཔ་ཨིན་པས།ས་གནས་ར་ཕཱ་ཟེར་མིའི་ནང་ ག་ཟའི་མི་རློབས་ཕྱེད་ཀ་དེ་ཅིག་ སྐྱབས་བཅོལ་ཐོག་ལུ་ཡོདཔ་ད་ འཕྲུལ་སྐར་གྱིས་ བསྡུ་ལེན་འབད་མི་ དཔར་ཚུ་ནང་ ཨིཇིབ་དང་ ག་ཟའི་བར་ན་ཡོད་མི་ འཁོར་ལམ་ཚུ་ཡང་ རྩིགཔ་རྐྱབ་ནི་གི་དོན་ལས་ བརྡལ་སར་མཐོངམ་ཨིན་པས།གལ་སྲིད་ ག་ཟའི་ས་མཚམས་ལས་ མེ་ཌི་ཊེ་རི་ནི་ཡཱན་ རྒྱ་མཚོ་ཚུན་ རྩིགཔ་རྐྱབ་པ་ཅིན་ བར་གླིང་དེ་གིས་ ཨི་ཇིབ་དང་ ག་ཟའི་བར་ན་ ས་མཚམས་རྒལ་སའི་ ས་གོ་མེདཔ་ འགྱོ་ནི་ཨིན་པས།མཐོ་ཚད་མི་ཊར་ ༥ འབད་མི་ རྩིགཔ་དེ་ཡང་ ཨི་ཇིབ་དྲག་པོའི་དམག་སྡེ་གིས་ གཞི་བཙུགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཏ་ཡེ་ཝཱན་ རྒྱ་མཚོའི་ནང་ རྒྱ་ནག་གི་ ཉ་བཟུང་མི་ ༢ ལུ་ཤི་རྐྱེན།

བི་བི་སི། རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ མཐུན་ལམ་ལེགས་ཤོམ་མེད་པའི་ དུས་སྐབས་ནང་ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བྱང་ཕྱོགས་ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་ནང་ རྒྱ་ནག་གི་ ཉ་བཟུང་མི་གྲུ་ཅིག་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་སྲུང་སྐྱོབ་དམག་མི་ཚུ་གིས་ བདའ་འགྱོ་བའི་སྐབས་ལུ་ ཉ་བཟུང་གྲུ་དེ་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ རྒྱ་ནག་གི་ ཉ་བཟུང་མི་ ༤ ལས་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ ཉ་བཟུང་མི་གྲུ་དེ་ ཏའེ་ཝཱན་གྱི་ མངའ་ཁོངས་ལུ་ཚུད་མི་ རྒྱ་མཚོའི་ནང་ ཧམ་འཛུལ་འབད་ཡོདཔ་ལས་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་སྲུང་སྐྱོབ་དམག་མི་གིས་ ཉེན་བརྡ་འབད་རུང་ ངོས་ལེན་འབད་མ་བཏུབ་པ་ལུ་བརྟེན་ཏེ་ བདའ་སོང་ནུག།གདན་དོན་དེ་གི་སྐོར་ལས་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱིས་ མ་བདེན་པའི་ རྫུན་གཏམ་བཤད་ཐོག་ལས་ རྒྱ་ནག་གི་ ཉ་བཟུང་མི་གྲུ་ཚུ་ ཐབས་ལམ་ཉེན་ཁ་ཅན་དང་ ཚབས་ཆེན་གྱི་སྒོ་ལས་ འཛིན་བཟུང་འབད་ནི་གི་ རྩིས་རྐྱབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་པཱན་རྒྱལ་ཁབ་ནང་ དཔལ་འབྱོར་མར་ཉམས།

བི་བི་སི། རྒྱ་པཱན་གྱི་ དཔལ་འབྱོར་དེ་ ལོ་ངོ་བཞི་དཔྱ་ ༢ ཀྱི་ནང་ འཕྲོ་འཐུད་དེ་ར་ མར་ཉམས་སོང་ཡོཔ་ལས་ ད་རེས་ དཔལ་འབྱོར་གྱི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༣ གྱི་ མཐའ་མཇུག་ཟླཝ་ གྱི་ནང་ རྒྱ་པཱན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་ ༠.༤ གིས་ མར་བབས་སོང་ཡོདཔ་ད་ དེ་གི་ཧེ་མའི་ཟླཝ་ ༣ ནང་ བརྒྱ་ཆ་ ༣.༣ དེ་ཅིག་ མར་ཉམས་སོང་ནུག།རྒྱ་པཱན་གྱི་ ལྷན་རྒྱས་གཞུང་ཚོགས་ ཡིག་ཚང་གི་ རྩིས་བཀོད་ཚུ་དང་འཁྲིལཝ་ད་ ཁོང་གི་དཔལ་འབྱོར་གྱི་ དྲག་རིམ་དེ་ འཛམ་གླིང་ནང་ ཨང་གསུམ་པ་སྦེ་ གནས་ཡོད་རུང་ ད་རེས་འབདཝ་ད་ ཨང་གསུམ་པ་དེ་ ཇར་མ་ནི་ འཐོན་ནི་བཟུམ་ཅིག་ཡོད་པའི་ བརྡ་སྟོན་མས་ཟེར་ཨིན་པས།ཨིན་རུང་ དཔལ་འབྱོར་མཁས་མཆོག་ཚུ་གིས་ འདས་པའི་ལོ་ངོ་བཞི་དཔྱ་མཐའ་མཇུག་ནང་ རྒྱ་པཱན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་ ༡ ལྷགཔ་ཅིག་ ཡར་སེང་འགྱོ་ནི་གི་ རེ་འདུན་ཡོདཔ་ལས་ ད་རེས་ཀྱི་ རྩིས་བཀོད་དེ་ བསྐྱར་བཟོ་འབད་རུང་ནི་མས་ཟེར་བཀོད་ནུག།འཕྲལ་ཁམས་ཀྱི་ རྩིས་བཀོད་ཚུ་དང་འཁྲིལཝ་ད་ […]

World News

ཨིཛ་རེལ་གྱིས་ ལེ་བ་ནོན་ལུ་ གནོད་འཚུབ་བཀལ་མི་ནང་ ཞི་བའི་མི་སེར་ ༩ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཨིཛ་རེལ་གྱིས་ ལེ་བ་ནོན་ལྷོ་ཕྱོགས་ཀྱི་ གཡུས་ཚན་ཚུ་ནང་ གནོད་འཚུབ་གར་ལྷོད་བཀལ་ཏེ་ ཞི་བའི་མི་སེར་ ༩ དམར་བསད་འབད་ཡོདཔ་ད་ དེ་ཡང་ ཧེཛ་བོ་ལ་ དམག་སྡེ་གིས་བཏང་མི་ རོ་ཀེཊ་ཅིག་གིས་ ཁོང་གི་དམག་མི་ ༡ དམར་བསད་འབད་མི་ལུ་ གདོང་ལན་འབདཝ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ཧེཛ་བོ་ལ་ དམག་སྡེ་དང་ ཨིཛ་རེལ་གྱི་ དམག་མི་ཚུ་གི་བར་ན་ ཨིཛ་རེལ་དང་ ལེ་བ་ནོན་གྱི་ ས་མཚམས་ཁར་ དམག་འཁྲུག་ལང་སྟེ་ ཟླཝ་ ༤ ལྷགཔ་ཅིག་ སོང་ཡོདཔ་ད་ མཚོན་ཆ་ཚུ་འབག་མི་ ལེ་བ་ནོན་གྱི་ ཧེཛ་བོ་ལ་དམག་སྡེ་གིས་ པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་དམག་སྡེ་ ཧ་མཱཛ་གི་ རྒྱབ་སྐྱོར་ལུ་ རོ་ཀེཊ་ཚུ་ ལག་ལེན་འཐབ་ནུག།ཞི་བའི་མི་སྡེ་ལུ་ ཤི་རྐྱེན་ཚུ་ཡང་ ཨཱལ་ས་ཝ་ན་ གཡུས་ཚན་ནང་ ཨམ་སྲུ་ ༡ དང་ ཨ་ལོ་ ༢ ན་བ་ཏི་ཟེར་སར་ ཨ་ལོ་ ༢ དང་ ཨམ་སྲུ་ […]

World News

རྒྱ་གར་ལུ་ སོ་ནམ་ཞིང་པ་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ རྒྱ་གར་རྒྱལ་ཁབ་ཀྱི་ སོ་ནམ་ཞིང་པ་ཚུ་གིས་ གཞུང་གི་ཁ་ཐུག་ལས་ སོ་ནམ་ཐོན་སྐྱེད་ཚུ་གི་ གོང་ཚད་མཐོ་སུ་དགོ་པའི་ དགོས་མཁོ་བཀོད་མི་ལུ་ གཞུང་ལས་ ངོས་ལེན་མེད་ནི་དེ་གིས་ སོ་ནམ་ཞིང་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབདཝ་ཨིན་པས།དེ་ཡང་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ སྣུམ་འཁོར་ཊག་དང་ འཕུལ་འཁོར་ཚུ་ནང་ བཟའ་འཐུང་དང་ གདན་མལ་ཆ་ཚུ་ བཀལ་ཐོག་ལས་ འགྲུལ་བསྐྱོད་འབད་དེ་ ཉིན་གྲངས་ ༢ སོང་ཡོདཔ་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ བཀག་ཐབས་ལུ་ སྲུང་སྐྱོབ་དམག་མི་ཚུ་གིས་ མིག་ཆུ་ཐོན་རླུང་ཚུ་ ལག་ལེན་འཐབ་ནུག།སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ སོ་ནམ་ཞིང་པའི་ཚོགས་པ་དང་ གཞུང་གི་བར་ན་ འབྲུ་སྣ་མ་འདྲཝ་ཚུ་གི་ ཉུང་མཐའི་གོང་ཚད་ ཡར་སེང་གི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ ཁས་ལེན་འབད་མ་བཏུབ་ཨིན་པས།དེ་བཟུམ་མའི་ ངོ་རྒོལ་འགྲེམ་སྟོན་འབད་མི་ སོ་ནམ་ཞིང་པ་ཚུ་ མང་ཤོས་ར་ པཱན་ཇབ་དང་ ཧ་རི་ཡ་ན་ མངའ་སྡེ་ཚུ་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ནིའུ་དིལླི་ལས་ ཀི་ལོ་མི་ཊར་ ༢༠༠ དེ་ཅིག་གི་ས་ཁར་ […]

World News

ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ གནོད་འཚུབ་ཐོག་ལས་ ར་ཤི་ཡའི་ མཚོ་དམག་གྲུ་ཟིང་ཅིག་ རྒྱ་མཚོའི་ནང་ཐིམས་ཡོདཔ།

བི་བི་སི།སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཡུ་ཀེརེ་ན་གྱི་ དམག་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ མཚོ་དམག་གྲུ་ཟིང་ སཱི་ཛར་ཀུ་ནི་ཀོབ་ཟེར་མི་དེ་ ར་ཤི་ཡ་གིས་ བཙན་འཛུལ་འབད་དེ་ཡོད་མི་ ཀིར་མི་ཡ་ཟེར་སའི་ མཐའ་མར་ཡོད་མི་ རྒྱ་མཚོའི་ནང་ ཐིམས་སོང་ཡི་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ མཁའ་དབྱིངས་ལས་ གནོད་འཚུབ་བཀལ་ཏེ་ ཁྲོམ་ཡཱལ་ཏ་ཟེར་སའི་ ལྷོ་ཕྱོགས་ལུ་ རྒྱ་མཚོའི་ནང་ཡོད་མི་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཆགས་སའི་ གྲུ་ཟིང་སྦོམ་ཅིག་ རྒྱ་མཚོའི་ནང་ཐིམས་ཡོདཔ་ད་ ད་རེས་སྐབས་ཅིག་ཁར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡ་གིས་ བཙན་འཛུལ་འབད་དེ་ཡོད་མི་ ཀིར་མི་ཡའི་ མཐའ་མར་ཡོད་མི་ བེ་ལེག་སཱི་ རྒྱ་མཚོའི་ནང་ ར་ཤི་ཡའི་ གྲུ་ཟིང་ཚུ་གུ་ གནོད་འཚུབ་ཡང་བསྐྱར་བཀལ་ནུག།ཡུ་ཀེ་རེན་གྱི་ གསང་ཞིབ་ལས་ཁུངས་ཀྱིས་ བརྙན་ཐུང་དང་སྦྲགས་ཏེ་ བཤད་མིའི་ནང་ གྲུ་ཟིང་དེ་གུ་ གནམ་གྲུ་ཆུང་བ་ཌཱོན་ཝི་ ༥ ཟེར་མི་ཚུ་ བཀོག་ཡོདཔ་མ་ཚད་ སེ་ལི་ཌོབ་ཁྲོམ་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་ངོམ་ ༣ དམར་བསད་འབད་ཡོད་པའི་ཤུལ་ལུ་ […]

World News

རྒྱ་གར་ཨུ་ཏར་ཁཱན་ལུ་ མུཛ་ལིམ་གྱི་ ལྷ་ཁང་ཅིག་ བཤུབ་བཏང་མིའི་ནང་ མི་ངོམ་ ༤ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ རྒྱ་གར་བྱང་ཕྱོགས་མངའ་སྡེའི་ནང་ ཁྲིམས་འགལ་ཐོག་ལས་ བཟོ་བསྐྲུན་འབད་ཡོད་མི་ མུཛ་ལིམ་གྱི་ ལྷ་ཁང་ཅིག་ དབང་འཛིན་ཚུ་གིས་ བཤུབ་བཏངམ་ལས་ བྱེལཝ་ཐོན་མིའི་ནང་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ནུག།.དེ་ཡང་ ཨུ་ཏར་ཁཱན་གྱི་ཁྲོམ་ ཧཱལ་ད་ཝ་ནི་ལུ་ ཧམ་འཛུལ་བཀག་འཛིན་གྱི་དོན་ལས་ ཁྲིམས་སྲུང་འགག་པ་ཚུ་ འགྱོ་བའི་སྐབས་ལུ་ ཐོན་ཡོདཔ་ད་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་ཡང་ ཁྲིམས་འགལ་ཐོག་ལས་ བཟོ་བསྐྲུན་འབད་དེ་ཡོད་མི་ མུཛ་ལིམ་གྱི་ ལྷ་ཁང་ཅིག་དང་ ཆོས་དོན་སློབ་གྲྭ་ཅིག་ བཤུབ་གཏང་ནི་སྦེ་ ས་གནས་དེ་ཁར་ སོང་ནུག་ཟེར་ཨིན་པས།ཨིན་རུང་ ལྷ་ཁང་དེ་ནང་ སྨོན་ལམ་བཏབ་མི་ མུཛ་ལིམ་ཚུ་གིས་འབད་བ་ཅིན་ ཁོང་ལུ་ དྲང་བདེན་མེད་པའི་ བྱ་སྤྱོད་སྟོན་ཡོདཔ་སྦེ་ྲ བཤད་ཡོདཔ་ད་ གནད་དོན་དེ་དང་འབྲེལ་ཏེ་ ངོ་རྒོལ་འབད་མི་ཚུ་དང་ ཁྲིམས་སྲུང་འགག་པའི་བར་ན་ བྱེལཝ་ཐོན་ཡོདཔ་ལས་ ངོ་རྒོལ་འབད་མི་ཚུ་གིས་ སྣུམ་འཁོར་ཚུ་ མེར་བཏང་པའི་གུ་ ཁྲིམས་སྲུང་འགག་པ་ཚུ་ལུ་ཡང་ རྡོ་ཤུད་རྐྱབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུངམ་ལས་ མཚོ་ཐོག་དམག་མི་ ༥ བྱང་སྟོར།

ཨེ་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ ཡུ་ཨེཛ་མཚོ་དམག་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་གནམ་གྲུ་ཧེ་ལི་ཀོབ་ཊར་ ༡ དམག་སྦྱོང་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུའི་ནང་ཡོད་མི་ མཚོ་ཐོག་དམག་མི་ ༥ པོ་ག་ར་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༦ གི་ཕྱི་རོ་ གནམ་གྲུ་དེ་ འཕུར་འགྱོ་བའི་ཤུལ་ལས་ གནམ་གྲུ་ཆགས་ཐང་ནང་ ལྷོད་ནི་གི་ དུས་ཚོད་རན་རུང་ ལྷོད་ནི་མེད་པར་ མཚོ་ཐོག་དམག་མི་ཚུ་གིས་ གནམ་གྲུ་དེ་ གར་སོང་མེད་པའི་ སྙན་ཞུ་འབད་ནུག།དེ་སྦེ་ སྙན་ཞུ་ཐོབ་པའི་ཤུལ་ལུ་ མཚོ་ཐོག་དམག་མི་ཚུ་གིས་ སཱན་ཌི་ཡ་གོའི་ ཁྲིམས་དོན་ལས་ཁུངས་དང་ ཞི་བའི་མཁའ་འགྲུལ་ལས་ གྲོགས་རམ་ཚུ་ལེན་ཏེ་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ གནམ་གྲུ་དེ་ འཚོལ་ཐོབ་ཡོདཔ་ཨིན་པས།སྤྱི་ཟླ་ ༢ པའི་ཚེས་ ༨ ལས་ གནམ་གྲུ་ཐུག་རྐྱེན་དེ་ནང་ ཤི་རྐྱེན་བྱུང་མིའི་ཕུངམོ་ཚུ་ འཚོལ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་སྦེ་ མཚོ་ཐོག་དམག་མི་ཚུ་གིས་ […]

World News

འཛམ་གླིང་སྤྱི་ཚོགས་ལས་ ཧ་མཱཛ་སྡེ་ཚན་གྱིས་ ཧམ་འཛུལ་འབད་མི་ལུ་ གདོང་ལེན་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊར་རེཛ་གིས་ ཨིཛ་རེལ་ལས་ ཧ་མཱཛ་དྲག་ཐོག་དབང་བཙོང་དམག་སྡེ་གིས་ ཧམ་འཛུལ་འབད་ཡོདཔ་སྦེ་ འཛམ་གླིང་སྤྱི་ཚོགས་ལུ་ སྙན་ཞུ་གསརཔ་ གང་རུང་ཅིག་ འཐོབ་པ་ཅིན་ དེ་འཕྲལ་ལས་ གདོང་ལེན་འབད་ནི་ཨིན་པའི་ ཁས་ལེན་མཛད་ནུག།དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཨིཛ་རེལ་ལུ་ གནོད་འཚུབ་བཀལཝ་ད་ པེ་ལིཛ་ཊིན་ སྐྱབས་བཅོལ་ལས་སྡེའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་བྱེདཔ་ ༡༢ གྲལ་གཏོགས་ཡོད་པའི་ ཁ་ཉེས་བཀལ་མིའི་གྲས་ལས་ ལས་བྱེདཔ་ ༩ བཏོན་བཏང་ཡོད་རུང་ ལྷག་ལུས་ ༣ ངོས་འཛིན་འབད་བའི་བསྒང་ཨིནམ་ད་ ཁོང་ ༣ གྱི་གྲས་ལས་ ༡ ཤི་སོངཔ་ཨིན་པས།དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ནང་ ཧ་མཱཛ་དྲག་ཐོག་དབང་བཙོང་དམག་སྡེ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ཡང་ཡོད་པའི་ ཁ་ཉེས་བཀལ་བའི་ཤུལ་ལས་ པེ་ལིཛ་ཊིན་ སྐྱབས་བཅོལ་སྡེ་ཚན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ ཡུ་ཨེཛ་གིས་གཙོས་པའི་ […]

World News

ར་ཤི་ཡའི་ སྲིད་འཛིན་པུ་ཊིན་དང་ རྒྱ་ནག་གི་ སྲིད་འཛིན་ཟི་ ༢ ཀྱིས་ ཡུ་ཨེཛ་གི་ ཐེ་གཏོགས་ལུ་ཁ་ཉེས།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ ར་ཤི་ཡ་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ རྒྱ་ཁབ་གཞན་གྱི་ ལས་དོན་ཚུ་ནང་ ཡུ་ཨེཛ་གིས་ ཐེ་གཏོགས་འབད་མི་ལུ་ ངོས་ལེན་མེད་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ སྲིད་འཛིན་ལས་རོགས་ ཡུ་རི་ཨུ་ཤ་ཀོབ་གིས་ སྲིད་འཛིན་ ༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ཆུ་ཚོད་ ༡ གི་རིང་ལུ་ གསུང་གྲོས་གནང་པའི་ནང་གསལ་ རྒྱལ་ཁབ་གཞན་ཚུ་གི་ ནང་འཁོད་གནད་དོན་ཚུ་ལུ་ ཡུ་ཨེཛ་གིས་ ཐེ་གཏོགས་འབད་མི་ལུ་ ཁ་ཉེས་བཀལ་ཡོདཔ་སྦེ་བཤད་ནུག།དབུ་ཁྲིད་ ༢ ཀྱིས་ འཛམ་གླིང་ནང་ དྲང་བདེན་རིམ་ལུགས་ གསར་གཏོད་འབད་དགོ་པའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ ཡུ་ཨེཛ་གིས་ ར་ཤི་ཡ་དང་ རྒྱ་ནག་ ༢ དང་གཅིག་ཁར་ ཁ་ཞེ་གཉིས་ལྡན་གྱི་ སྲིད་བྱུས་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ ཧ་གོ་ནུག་ཟེར་ཡང་ བཤད་ཡོདཔ་ཨིན་པས།འདས་པའི་ལོ་ངོ་ ༢ ལུ་ ར་ཤི་ཡ་དང་ རྒྱ་ནག་གིས་ རྒྱལ་སྤྱིའི་ནང་ ཁོང་གི་ཤན་ཞུགས་ […]

Online now: 10 Today: 1781 Total visitors: 17217