ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

བཀྲིས་ཆོས་རྫོང་ནང་ ལོ་བསྟར་གྱི་ རྡོ་རྗེ་རྣམ་འཇོམས་རྒྱས་པའི་ གསུང་ཆོག་དང་ མི་མང་ལུ་བྱབས་ཁྲུས།

བདེ་སྐྱིད་ཆོས་སྒྲོན།ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ སློབ་དཔོན་ལྷན་རྒྱས་ ༥ སྐོར་རྒྱབ་ཐོག་ལུ་ དབུ་བཞུགས་མཛད་དེ་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ལོ་བསྟར་གནང་སྲོལ་ཡོད་མི་ རྡོ་རྗེ་རྣམ་འཇོམས་རྒྱས་པའི་ གསུང་ཆོག་གནངམ་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༣༠ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་ ༩ པའི་ཚེས་ ༥ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ རྡོ་རྗེ་རྣམ་འཇོམས་རྒྱས་པའི་ གསུང་ཆོག་གནངམ་དང་འབྲེལ་ཏེ་ དྲོ་པའི་ཆུ་ཚོད་ ༧ དེ་ཅིག་ཁར་ ཨ་རྟག་ར་ མི་མང་ལུ་ རྣམ་འཇོམས་རྒྱས་པའི་ བྱབས་ཁྲུས་ཡང་ གནང་དོ་ཡོདཔ་ཨིན་པས།དེ་བཟུམ་མའི་ རྡོ་རྗེ་རྣམ་འཇོམས་རྒྱས་པའི་ གསུང་ཆོག་དེ་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་འདི་ནང་ ཀོ་ཝིཌ་-༡༩ གིས་གཙོས་པའི་ ནད་ཡམས་མུ་གེ་ཚུ་ག་ར་ཞི་སྟེ་ བདེ་སྐྱིད་འབྱུང་ཐབས་ལུ་ཨིན་ཟེར་ གཞུང་གྲྭ་ཚང་གི་ བརྡ་བརྒྱུད་འགོ་དཔོན་ སློབ་དཔོན་ཐུབ་བསྟན་རྒྱ་མཚོ་གིས་ བཤད་ཡོད་པའི་གནས་ཚུལ།

gyalchi
National News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ནང་སྦེ་ ཞི་བའི་སྦྱིན་སྲེག།

སྒྲོལ་མ་ཡེ་ཤེས།སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ ༣ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ནང་སྦེ་ ཞི་བའི་སྦྱིན་སྲེག་ གནང་ཡོདཔ་ད་ དེ་ཡང་ ཉིནམ་དང་པའི་ནང་ རྡོ་རྗེ་སློབ་དཔོན་མཆོག་དང་ ཉིནམ་ ༢ པའི་ནང་ ཚོགས་ཀྱི་སློབ་དཔོན་ ཉིནམ་ ༣ པའི་ནང་ གཙུག་ལག་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ གནང་ཡོདཔ་ཨིན་པས།འབྲུག་སྦྱིན་སྲེག་ཚོགས་པའི་ འགོ་འདྲེན་ཐོག་ལུ་གནང་མི་ ཞི་བའི་སྦྱིན་སྲེག་དེ་ འདས་པའི་ལོ་ངོ་ ༢ ཀྱི་རིང་ལུ་ ནད་ཡམས་མུ་གེ་དང་ དམག་འཁྲུག་ཚུ་ལུ་བརྟེན་ཏེ་ སྤྱིར་་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ འགྲོ་བ་མི་དང་ དུད་འགྲོ་སེམས་ཅན་ མང་རབས་ཅིག་གི་ ཚེ་སྲོག་ལུ་ བར་ཆད་བྱུང་མི་ཚུ་གི་དོན་ལུ་ཨིན་པས།དེ་བཟུམ་མའི་ བཅོམ་ལྡན་འདས་ རྒྱལ་བ་མི་བསྐྱོད་པའི་སྒོ་ལས་ ཞི་བའི་སྦྱིན་སྲེག་ གནང་པའི་སྐབས་ལུ་ དད་ཅན་སྐྱེ་བོ་ཕོ་མོ་ཚུ་ སྨོན་བཏབ་ནིའི་དོན་ལུ་ སྤུངས་འཛོམས་འབད་ཡོད་པའི་ གནས་ཚུལ་མདོར་བསྡུས།

gyalchi
National News

ཕྱི་འབྲེལ་བློན་པོ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ གནས་སྡོད་སྐུ་ཚབ་ཀྱིས་ ངོ་སྤྲོད་ཡིག་ཆ།

སྤྱི་ཟླ་ ༨ པའི་ཚེས་ ༣༡ ལུ་ འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ རྒྱལ་ཁབ་མདོ་ཆེན་དང་ གནས་སྡོད་སྐུ་ཚབ་གསརཔ་ ཨམ་ཀ་རི་ མ་རི་སཱན་གྱིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག།ཀེ་ན་ཌའི་ མི་ཁུངས་ཨིན་མི་ གནས་སྡོད་སྐུ་ཚབ་དེ་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ བཀོད་ཁྱབ་མདོ་ཆེན་ ཌེ་ཝིཌ་ ཨེམ་ བིཛ་ལེ་གིས་ རྒྱལ་ཁབ་མདོ་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ གནས་སྡོད་སྐུ་ཚབ་མེད་པར་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ ལུས་པའི་ཤུལ་ལུ་ ད་རེས་ དེ་སྦེ་ བསྐོ་བཞག་འབད་མི་དེ་ འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ རྒྱབ་སྐྱོར་བསྐྱར་གསོའི་ བརྡ་མཚོན་སྟོནམ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སྤྱི་ལོ་ ༡༩༧༤ ལས་ འབྲུག་ལུ་ གྲོགས་རམ་འབད་ནི་ འགོ་བཙུགས་ཡོདཔ་ད་ ད་རེས་ འབྲུག་གཞུང་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་དང་ རྐྱེན་ངན་མར་ཕབ་ དེ་ལས་ བཟའ་འཐུང་ལམ་ལུགས་ ཡར་དྲག་གཏང་ནི་དང་ […]

gyalchi
National News

ནད་གཞི་ཨེཌཛ་གི་རྒྱུ་ ཨེཆ་ཨའི་ཝིའི་ ནད་འབུབ་ཡོད་མི་ ཨ་ལོ་ཚུ་ལུ་གདོང་ལེན།

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་བཀོད་འབད་བའི་གནས་ཚུལ། བདེ་སྐྱིད་ཆོས་སྒྲོན།སྐྱེས་ལོ་ ༢༠ འབད་མི་ བཀྲིས་སྒྲོལ་མ་ (མིང་རྫུན་མ) སྐྱེས་ལོ་ ༦ དེ་ཅིག་ཁར་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་སྟེ་ ལོ་ངོ་ ༡༥ ལྷགཔ་ཅིག་ སོང་ཡོད་རུང་ ད་རེས་ མོ་རའི་རྨགཔ་དང་གཅིག་ཁར་ མི་ཚེ་དགའ་ཏོག་ཏོ་ སྐྱོང་སྡོད་སར་ མཐོངམ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༠༧ ལུ་ སི་ཌི་ཕོར་ཟེར་མི་ བརྟག་དཔྱད་འབདཝ་ད་ མོ་ལུ་ ཨེཆ་ཨའི་ཝི་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ལས་ མོ་ར་སློབ་གྲྭའི་ནང་ འགྱོ་བའི་སྐབས་ལུ་ ཨེཆ་ཨའི་ཝིའི་སྐོར་ལས་ བརྡ་བྱང་གུ་མཐོངམ་ལས་ མོ་གིས་ མོ་རའི་ཆ་རོགས་ལུ་ མོ་ལུ་ ཨེཆ་ཨའི་ཝི་ ཐོབ་ནུག་ཟེར་ སླབ་ཡོདཔ་ཨིན་པས།བཀྲིས་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅི་ དེ་གི་ནངས་པར་ མོ་གི་ཆ་རོགས་དེ་གིས་ སློབ་ཕྲུག་ཆ་རོགས་ག་ར་ལུ་ སླབ་ཡོདཔ་ལས་ དར་ཁྱབ་ཡར་སོང་ཡོད་རུང་ དེ་བསྒང་ མོ་ར་ ལོ་ན་ཆུང་ཀུ་འབད་ནི་དེ་གིས་ མནོ་བསམ་ག་ནི་ཡང་ བཏང་མ་ཤེས་པས་ཟེར་ཨིནམ་ད་ མོ་ལུ་ ནད་འབུབ་དེ་ […]

gyalchi
National News

རྒེད་འོག་ ༨ ཀྱི་ མི་སྡེ་གོ་འཕེལ་འཆར་གཞི།

སྒྲོལ་མ་ཡེ་ཤེས།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཐིམ་ཕུ་ལུ་སྦེ་ འབྲུག་བརྡ་བརྒྱུད་དང་ དམངས་གཙོའི་ལྟེ་བའི་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་དང་ སྤ་རོ་རྫོང་ཁག་ ༢ ལས་ རྒེད་འོག་ ༨ ཀྱི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ རང་སོའི་རྒེད་འོག་ནང་ མི་སྡེའི་གོང་འཕེལ་འཆར་གཞི་ ག་དེ་སྦེ་ར་ བརྩམས་ཡོད་ཨིན་ནའི་སྐོར་ལས་ གསལ་ཞུ་འབད་ཡི།དེ་བསྒང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ མི་སྡེ་གོང་འཕེལ་འཆར་གཞིའི་ནང་ མང་ཆེ་ཤོས་ཤོས་ཅིག་ དབང་པོ་སྐྱོན་ཅན་དང་འབྲེལ་བའི་ དཀའ་ངལ་དང་ གཉེན་ཡ་བྲལ་འགྱོ་མི་ མང་སུ་ཐོན་པ་ལུ་བརྟེན་ཏེ་ བུ་གཞི་ལུ་ ཉེན་ཁ་ཡོད་ལུགས་དང་ ཕྱགས་སྙིགས་མང་སུ་ འཐོན་དོ་ཡོད་པའི་ དཀའ་ངལ་ཚུ་གི་སྐོར་ལས་ བཤདཔ་ཨིན་པས།རྒེད་འོག་ ༨ ཀྱི་ མི་སྡེ་གོང་འཕེལ་འཆར་གཞི་ གསལ་བཤད་སྐབས་ལུ་ ཐིམ་ཕུ་རྫོང་ཁག་ལས་ སྨད་ཝང་རྒེད་འོག་དང་ སྤ་རོ་རྫོང་ཁག་ལས་ ཝང་ཅང་རྒེད་འོག་གིས་ དྲག་ཤོས་ཐོན་ཡོདཔ་ད་ དེ་སྦེ་ དྲག་ཤོས་ཐོན་མི་ རྒེད་འོག་ ༢ ལུ་ ལག་ཁྱེར་དང་ དཔེ་དེབ་ཚུ་ གསོལ་རས་སྨེ་ བྱིན་ཡོད་པའི་གནས་ཚུལ།

gyalchi
National News

ལམ་ཡིག་ལུ་བརྟེན་ཏེ་ ཕྱིའི་རྒྱལ་ཁབ་ལུ་ འགྲུལ་སྐྱོད་འབད་མི་ འབྲུག་མི་ཚུ་ལུ་དཀའ་ངལ།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ འབྲུག་གནམ་གྲུའི་ནང་ འགྲུལ་སྐྱོད་འབད་མི་ འབྲུག་མི་ ༧ ནེ་པཱལ་ཀཋ་མཱན་ཌུའི་ རྒྱལ་སྤྱི་གནམ་ཐང་ནང་ལྷོདཔ་ད་ ལམ་ཡིག་ཚོས་གཞི་ལྕང་ཁ་འབད་མི་ འབག་ཡོད་མི་ལུ་བརྟེན་ཏེ་ རྒྱལ་ཁབ་དེ་ནང་ འཛུལ་ཞུགས་འབད་མ་བཅུག་པར་ ལོག་བཏང་ཡོདཔ་ལས་ གནམ་གྲུ་དེ་ནང་ར་ ལོག་འོང་དགོཔ་བྱུང་ནུག།དེ་ཡང་ ལམ་ཡིག་ཚོས་གཞི་ཧོནམོ་འབད་མི་ རྫོགས་སོངཔ་ལས་ ཚོས་གཞི་ཧོནམོ་གི་ཚབ་ལུ་ ཚོས་གཞི་ལྕང་ཁ་འབད་མི་ ལམ་འགྲུལ་ཡིག་ཆ་ སྤྲོད་ནི་དེགིས་ཨིནམ་ད་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ཇར་མཱན་ལུ་ དཔར་བསྐྲུན་འབདཝ་ཨིན་རུང་ བཀྲམ་སྤེལ་འབད་མ་ཚུགསཔ་ལས དཀའ་ངལ་དེ་ འབྲུག་རྐྱངམ་གཅིག་ལུ་མིན་པར་ རྒྱལ་ཁབ་གཞན་ཚུ་གི་ནང་ཡང་ འཐོན་ཏེ་ཡོད་ཟེར་ཨིན་པས།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ ལམ་འགྲུལ་བསླབ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ལྟ་ཞིབ་ཐོག་ལས་ སྐྱོད་ཐམ་ཚུ་ ཧེ་མ་ལས་ བཟོ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་འོང་ཟེར་ཨིན་པས།དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་ལམ་ཡིག་གི་ཚབ་སྦེ་ ལམ་འགྲུལ་ཡིག་ཆ་ སྤྲོད་མིའི་གུ་ ནེ་པཱལ་ལུ་ འགྱོ་འདོད་ཡོད་མི་ཚུ་གིས་ཡང་ སྔ་གོང་ལས་ར་ […]

gyalchi
National News

འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་གྱིས་ རྒྱ་གར་ལུ་ གཞུང་འབྲེལ་ལྟ་སྐོར།

སྤྱི་ཟླ་ ༨ པའི་ཚེས་ ༢༢ ལས་ ༢༤ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་དེ་ རྒྱ་གར་གྱི་རྒྱལ་ས་ ནིའུ་དྷི་ལི་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་སོང་ནུག། དེ་ཡང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཝི་ནེ་མོ་ཧཱན་ ཀའུ་ཏ་ར་གིས་ མགྲོན་བརྡ་འབད་མི་དང་འཁྲིལ་ཏེ་ སོང་ཡོདཔ་ད་ པདྨ་ཆོས་སྒྲོན་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ ཕྱི་འབྲེལ་དྲུང་ཆེན་སྦེ་ བསྐོ་བཞག་གནང་པའི་ཤུལ་ལས་ དེ་སྦེ་ གཞུང་འབྲེལ་ལྟ་སྐོར་ལུ་ འགྱོ་མི་དེ་ འགོ་དང་པ་ཨིན་པས། དེ་བསྒང་ ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་གྱིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་ཕྱད་དེ་ རྒྱལ་ཁབ་ཕན་ཚུན་ ༢ ཀྱི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ནུག། ལྟ་སྐོར་དེ་ཡང་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ཆེ་མཐོའི་གནས་རིམ་ནང་ དུས་རྒྱུན་ལྟ་སྐོར་བརྗེ་སོར་གྱི་ ལམ་ལུགས་དང་འཁྲིལ་ཏེ་ཨིན་པའི་གནས་ཚུལ།

gyalchi
National News

སྲིད་དོན་ཚོགས་པ་གསརཔ་ འབྲུག་མཐུན་འབྲེལ་ཚོགས་པ་ གཞུང་འབྲེལ་ཐོག་ལུ་ཐོ་བཀོད།

བདེ་སྐྱིད་ཆོས་སྒྲོན་དང་ སྒྲོལ་མ་ཡེ་ཤེས། སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་མཐུན་འབྲེལ་ཚོགས་པ་འདི་ འབྲུག་རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་གསརཔ་ཅིག་སྦེ་ ངོས་འཛིན་ཐོག་ལས་ གཞུང་འབྲེལ་ཐོག་ལུ་ ཐོ་བཀོད་འབད་བའི་ ལག་ཁྱེར་གནང་ནུག། དེ་ཡང་ འབྲུག་མཐུན་འབྲེལ་ཚོགས་པའི་ གཙོ་འཛིན་དེ་ བྱང་ཐིམ་ཕུའི་འདེམས་ངོ་ ཀུན་དགའ་ཚེ་རིང་དང་ གཙོ་འཛིན་འོགམ་དེ་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་གི་འདེམས་ངོ་ བཅོ་ལྔ་ཚེ་རིང་ཨིན་པས། དེ་ལས་ ཚོགས་པ་དེ་ནང་ སྐབས་ཐོག་གི་ འདེམས་ངོ་ ༤༧ གྱི་གྲས་ཁར་ ཨམ་སྲུ་ ༡༢ ཡོདཔ་མ་ཚད་ རྫོང་ཁག་ ༢༠ གི་ནང་ འགོ་འདྲེན་པ་ཚུ་དང་ སྤྲོ་སྣང་ཅན་གྱི་ རྒྱབ་སྐྱོར་བ་ཚུ་ཡང་ ལེ་ཤ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

ལས་གཡོགཔ་ཚུ་གི་དོན་ལུ་ དམིགས་བསལ་ཚེམས་བཟོའི་སྦྱོང་བརྡར།

སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ རྒྱལ་པོའི་ཡིག་ཚང་ལས་ ཡིག་ཚང་དེ་ནང་གི་ གཞི་རིམ་ཞབས་ཏོག་ལས་གཡོགཔ་དང་ སྤྱིར་བཏང་རྒྱབ་སྐྱོར་ལས་གཡོགཔ་ དེ་ལས་ བཀོལ་སྤྱོད་དབྱེ་རིམ་གྱི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཚེམས་བཟོའི་སྦྱོང་བརྡར་ཅིག་ འགོ་བཙུགས་ནུག།དེ་ཡང་ རྒྱལ་པོའི་ཡིག་ཚང་འོག་ལུ་ ལས་འགུལ་དང་ ལས་སྡེ་མ་འདྲ་བའི་ནང་ ཕྱག་ཞུ་མི་ དང་འདོད་ཡོད་མི་ཚུ་ མི་གྲངས་ ༧༠ གིས་ ཟླ་ངོ་ ༣ གྱི་ ཚེམས་བཟོའི་སྦྱོང་བརྡར་ནང་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།སྦྱོང་བརྡར་དེ་ རྒྱལ་པོའི་ཡིག་ཚང་གིས་ ཁོང་རའི་ལས་གཡོགཔ་ཚུ་ལུ་ འབབ་ཁུངས་ཡོད་པའི་ ལག་རྩལ་གསརཔ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་ཀྱི་དོན་ལས་ སྦྱོང་བརྡར་མ་འདྲཝ་ཚུ་ བྱིན་ནི་གི་ འཆར་གཞིའི་ཆ་ཤས་ཅིག་ཨིན་པས།གསར་བཏོད་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཟླཝ་འདི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ལས་སྡེ་རང་སོའི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ལུ་ འོས་འབབ་ཡོད་མི་ སྦྱོང་བརྡར་ཚུ་ འཚོལ་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ཨིནམ་ད་ ཞི་གཡོག་ལས་སྡེའི་ འགོ་ཁྲིདཔ་སྡེ་ཚན་ཅིག་ལུ་ མཇལ་འཕྲད་གནང་པའི་སྐབས་ལུ་ མི་དབང་ཞབས་ལས་ གཞི་རིམ་/སྤྱིར་བཏང་རྒྱབ་སྐྱོར་དབྱེ་ཁག་གི་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་བའི་ཤུལ་ལུ་ དངུལ་འབྲེལ་བརྟན་གཞིའི་སྐོར་ལས་ ཐུགས་ཀྱི་ཚ་གྱང་ཡོདཔ་སྦེ་ […]

gyalchi
National News

མི་དབང་ཞབས་ལུ་ རྒྱ་གར་གཞུང་ཚབ་ཀྱིས་ ངོ་སྤྲོད་ཡིག་ཆ།

སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ བཀྲ་ཤིས་ཆོས་རྗོང་ནང་སྦེ་ འབྲུག་ལུ་ རྒྱ་གར་གཞུང་ཚབ་གསརཔ་ སུ་དྷ་ཀར་ ད་ལེ་ལ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག༌ཆ་ཚུ་ཕུལ་ནུག།གཞུང་ཚབ་དེ་ ངོ་སྤྲོད་ཡིག་ཆའི་ རྟེན་འབྲེལ་གྱི་དོན་ལུ་ བཀྲིས་ཆོས་རྫོང་ནང་ རང་ལུགས་ཆིབས་གྲལ་ཐོག་ལས་ གདན་འདྲེན་ཞུ་ཡོདཔ་ཨིན་པས།དེ་སྦེ་ གཞུང་ཚབ་ངོ་སྤྲོད་ཀྱི་ རྟེན་འབྲེལ་མཇུག་བསྡུ་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ གཞུང་ཚབ་དང་ ཨམ་ནམ་ར་ཏ་ ད་ལེ་ལ་གིས་གཙོས་པའི་ རྒྱ་གར་གྱི་ འཐུས་མི་སྡེ་ཚན་དང་ མཇལ་ཕྲད་མཛད་གནང་ནུག།གཞུང་ཚབ་སུ་དྷ་ཀར་ ད་ལེ་ལ་དེ་ འབྲུག་ལུ་ གཞུང་ཚབ་སྦེ་ མ་བསྐོས་པའི་ཧེ་མར་ ཡུ་ཨེཛ་ཝ་ཤིང་ཊཱོན་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་ནང་ སྐུ་ཚབ་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
Online now: 9 Today: 1655 Total visitors: 8875