ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

འབྲུག་གི་ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ རིམ་ཐེངས་གཉིས་པ་འཛིན་གྲོལ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ རྒྱ་གར་གཞུང་གིས་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཀྱི་ ཡིག་ཚང་བརྒྱུད་དེ་ འབྲུག་གི་ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་གྲོགས་རམ་ རིམ་ཐེངས་ ༢ པ་ འཛིན་གྲོལ་འབད་ནུག། དེ་ཡང་ རྒྱ་གར་གཞུང་ཚབ་ ཤྲཱི་སཱན་དིབ་ཨ་རི་ཡ་གིས་ དངུལ་ཀྲམ་ས་ཡ་ ༢,༣༧༨.༢༨༡༥ གི་ དངུལ་ཤོག་དེ་ འབྲུག་གི་དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ཕུལ་ཡོདཔ་ཨིན་པས།  མ་དངུལ་དེ་ཡང་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་ ༢༩༢ འཕྲོ་མཐུད་ལག་ལེན་གྱི་ རྒྱབ་སྐྱོར་ལུ་ སྤྱོད་ནི་ཨིནམ་ད་ དེ་ཡང་ རྒྱ་འབྲུག་ ༢ ཀྱི་བར་ན་ གོང་འཕེལ་གྱི་དོནལས་ མཉམ་བསྡོམས་བརྩོན་ཤུགས་ནང་ གལ་གནད་ཆེ་བའི་ གོམ་པ་མདུན་པོའི་ རྟགས་མཚན་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། 

National News

ཐིམ་ཕུ་ཀ་ཝང་སྦྱང་ས་ལུ་ ལོ་བསྟར་སངས་རྒྱས་སྨན་བླའི་སྒྲུབ་ཆེན།

གནས་ཚུལ་བསྡུ་བཀོདཔ། གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༧༠ དེ་ཅིག་གིས་ ཐིམ་ཕུ་ཀ་ཝང་སྦྱང་ས་ ནང་པའི་གསོ་བ་རིག་པའི་ སློབ་ཚོགས་ཀྱི་ ས་ཁོངས་ནང་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ལོ་བསྟར་སངས་རྒྱས་སྨན་བླའི་ སྒྲུབ་ཆེན་གནང་ནུག། དེ་ཡང་ རང་ཟླ་ ༦ པའི་ཚེས་ ༨ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལས་ འགོ་བཙུགས་གནང་མི་དེ་ ཐེངས་ ༢ པ་ཨིནམ་ད་ སྒྲུབ་ཆེན་དེ་ རང་ཟླ་ ༦ པའི་ཚེས་ ༡༡ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ སངས་རྒྱས་སྨན་བླའི་ བཀའ་དབང་གནང་ཐོག་ལས་ གྲོལ་གནང་ཡི། སངས་རྒྱས་སྨན་བླའི་ སྒྲུབ་ཆེན་དེ་ ན་ཧིང་ སྤྱི་ལོ་ ༢༠༢༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འགོ་བཙུགས་གནང་ཡོདཔ་ད་ སྐྱབས་རྗེ་མཆོག་གིས་ ད་ལས་ཕར་ […]

National News

རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༢༦ གི་ ལོ་ཕྱེད་ལུ་ ཁྲིམས་འགལ་ལཱ་ངན་གྱི་ ཚད་གཞི་ཡར་སེང་།

རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁྲིམས་འགལ་ལཱ་ངན་གྱི་ རྩིས་དཔྱད་དང་འཁྲིལཝ་ད་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༦ པ་ཚུན་ལུ་ ཨ་ལོའི་ཁྲིམས་འགལ་གྱི་ལཱ་དང་ འདོད་སྤྱོད་གནོད་འགེལ་ མཆོད་རྟེན་སློང་ནི་ ལྷ་ཁང་འཕྲོག་བཅོམ་ཚུ་གི་ བྱ་ངན་གྱི་ ཚད་གཞི་དེ་ ན་ཧིང་གི་ འགོ་ཐོག་ལོ་ཕྱེད་ཀྱི་ དུས་ཡུན་དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་ཨིན་པས། དེ་གི་ནང་ལས་ ཨ་ལོའི་ཁྲིམས་འགལ་གྱི་ ལཱ་ངན་དེ་ ན་ཧིང་ གནད་དོན་ཁག་ ༦༤ ཐོན་ཡོད་མི་ལས་ དུས་ཅི་ སྤྱི་ལོ་ ༢༠༢༦ ལུ་ ༡༥༧ གུ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ མཐོ་ཤོས་ར་ སྨྱོ་རྫས་ལོག་སྤྱོད་དང་ དེ་གི་འོག་ལས་ར་ བརྡུང་རྫོབ་དང་ ཨར་རྐུན་དང་འབྲེལ་བའི་ ལཱ་ངན་ཚུ་ ཡར་སེང་སོང་ནུག། རྒྱལ་གཞུང་འབྲུག་གི་འགག་སྡེའི་ གནད་སྡུད་ལྟར་དུ་འབད་བ་ཅིན་ སྤྱི་ལོ་ ༢༠༢༦ ལུ་ སྨྱོ་རྫས་ལོག་སྤྱོད་ ༦༡ དང་ བརྡུང་རྫོབ་ ༣༩ དེ་ལས་ སྡོད་ཁྱིམ་ཨར་རྐུན་ […]

National News

དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ མ་ལེ་རྒྱལ་ཁབ་ཀྱི་ སྲིད་འཛིན་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ བང་ལ་དེཤ་གི་རྒྱལ་ས་ དྷ་ཀ་ལུ་ གནས་བཞུགས་འབྲུག་གི་གཞུང་ཚབ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ མ་ལེ་ལུ་ སྲིད་འཛིན་གྱི་ ཡིག་ཚང་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་གི་སྒོ་ལས་ མཱལ་དིབཛ་གི་སྲིད་འཛིན་ ཌོག་ཊར་མོ་ཧ་མེད་ མུའི་ཛུ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ནུག། དེ་སྦེ་ ངོ་སྤྲོད་ཡིག་ཆ་ཕུལ་བའི་ རྟེན་འབྲེལ་སྐབས་ལུ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ མཱལ་དིབཛ་གི་ སྲིད་འཛིན་དང་ མི་སེར་ཡོངས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་ མི་སེར་ཚུ་གི་ཧོངས་ལས་ ལེགས་སྨོན་ཡོད་ལུགས་ ཞུ་བའི་ཁར་ འབྲུག་དང་ མཱལ་དིབཛ་གི་བར་ན་ཡོད་མི་ ཡུན་རིང་གི་ མཛའ་བཤེས་དེ་ གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ཨིན་པས། དེ་མ་ཚད་ དྲག་ཤོས་ཀརྨ་ལྷ་མོ་གིས་ མཱལ་དིབཛ་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ ལོགས་སུ་སྦེ་ཕྱད་དེ་ མཐའ་དོན་གཅིག་པའི་ གནད་དོན་ཚུ་དང་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་ འཚོལ་ཞིབ་ཀྱི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག། མཱལ་དིབཛ་དང་ འབྲུག་གི་བར་ན་ དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༡༩༨༤ སྤྱི་ཟླ་ ༧ པའི་ཚེས་ […]

National News

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དམག་སྲིད་འོག་མ་ ༡༦ ལུ་ དམག་སྲིད་གོང་མའི་ གོ་གནས་ཡར་སེང་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ སྐུ་སྲུང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་གི་ དམག་སྲིད་འོག་མ་ ༡༦ ལུ་ དམག་སྲིད་གོང་མའི་ གོ་གནས་ཡར་སེང་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།དེ་སྦེ་ གོ་གནས་ཡར་སེང་གནང་མི་ འགོ་དཔོན་ཚུ་ཡང་ གདོང་ཁའི་གྱལ་ནང་ གཡོན་ཕྱོགས་ལས་ དམག་སྲིད་ཀརྨ་བསྟན་འཛིན་དང་ དམག་སྲིད་བདེ་ཆེན་རྡོ་རྗེ། དམག་སྲིད་ཚེ་དབང་དགའ་ལེགས། དམག་སྲིད་ཌོག་ཊར་ཆོས་སྒྲོན། དམག་སྲིད་ཀུན་ལེགས་དབང་ཕྱུག། དམག་སྲིད་ཀུན་བཟང་ཨེཆ་དབང་ཕྱུག། དམག་སྲིད་དཀོན་མཆོག་རྒྱལ་མཚན། དམག་སྲིད་སངས་རྒྱས་དབང་ཕྱུག་ཚུ་དང་།རྒྱབ་ཁའི་གྱལ་ནང་ གཡོན་ཕྱོགས་ལས་ དམག་སྲིད་ཐུགས་རྗེ་རབ་རྒྱས་དང་ དམག་སྲིད་ཆོས་སྐྱིད་ཕུན་ཚོགས། དམག་སྲིད་ཡེ་ཤེས་བསྟན་འཛིན་ཕུན་ཚོགས། དམག་སྲིད་ཀུན་ལེགས་བསྟན་འཛིན། དམག་སྲིད་ཕྱག་རྡོར་རྣམ་རྒྱལ། དམག་སྲིད་ཨྱོན་སྐལ་བཟང་། དམག་སྲིད་ཚེ་རིང་རྡོ་རྗེ། དམག་སྲིད་རྡོ་རྗེ་རྒྱལ་མཚན་ཚུ་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

འབྲུག་གི་སློབ་ཕྲུག་དྲག་ཤོས་ ༤ གིས་ རྒྱལ་སྤྱི་དོ་འགྲན་དང་པ་ ༢༠༢༦ ཅན་མའི་ནང་ གྲལ་གཏོགས་འབད་ནི།

ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཀོ་རི་ཡའི་ས་གནས་ ཨིན་ཅི་ཡོན་ཟེར་སར་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལས་ ༡༠ གྱི་བར་ན་ འགོ་འདྲེན་འཐབ་ནི་ཨིན་མི་ བཅོས་མའི་འཕྲུལ་མི་བཟོ་བཏོན་རིག་པའི་ རྒྱལ་སྤྱི་དོ་འགྲན་དང་པ་ ༢༠༢༦ ཅན་མའི་ནང་ གྲལ་གཏོགས་ཀྱི་དོན་ལས་ གདམ་ཁ་གྲུབ་ཡོདཔ་སྦེ་ཨིན་པས།  དེ་ཡང་ འབྲུག་གི་རྒྱལ་ཡོངས་སྡེ་ཚན་དེ་ནང་ རང་འབྱུང་སློབ་གྲྭ་ལྟེ་བ་ལས་ ཚེ་རིང་དབང་མོ་དང་ རྒྱལ་འཛིན་སློབ་རིག་སྤེལ་ཁང་ལས་ བསོད་ནམས་ཚེ་རིང་ དེ་ལས་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ལས་ དབྱངས་ཅན་སྒྲོལ་མ་དང་ ཡོན་ཏན་ཕྲིན་ལས་དོན་གྲུབ་ཚུ་ གདམ་ཁ་གྲུབ་ཡོདཔ་སྦེ་བཀོད་ནུག། གདམ་ཁ་དེ་ཡང་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ཤེས་ཡོན་དང་ འཕྲུག་རིག་རིག་རྩལ་ གསར་བཏོད་རིག་པ་ སྡེ་ཚན་མཉམ་ལཱ་ ཉོག་སེལ་ལྕོགས་གྲུབ་ཚུ་ནང་ ག་ནི་བ་ཡང་ རྩལ་བཏོན་ཅན་གྱི་ བྱ་སྒོ་ཚུ་གི་སྒོ་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས། བཅོས་མའི་འཕྲུལ་མི་བཟོ་བཏོན་གྱི་ ཨོ་ལིམ་པིག་ཟེར་ མིང་གནས་འཛིན་མི་ རྒྱལ་སྤྱི་དོ་འགྲན་དང་པའི་ནང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་ལས་ སློབ་ཕྲུག་ཚུ་གིས་ བཅོས་མའི་འཕྲུལ་མི་ བཟོ་བཀོད་དང་ བཟོ་བསྐྲུན་འབད་དེ་ […]

National News

དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འཐུས་མི་གསར་བསྐོས།

རང་ཟླ་ ༦ པའི་ཚེས་ ༨ སྤྱི་ཟླ་ ༧ པའི་ཚོས་ ༢༢ ལུ་ དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འཐུས་མི་ཚུ་ གསར་བསྐོས་གནང་ཡོདཔ་ཨིན་པས། དེ་ཡང་ གཞི་བཀོད་ལྷན་ཚོགས་ཀྱི་ཁྲི་འཛིན་ བླམ་ཀུན་བཟང་སྟོབས་རྒྱས་མཆོག་གིས་ དབུ་གཙོས་པའི་ འདུས་ཚོགས་ ༥ གི་ དྲུང་ཆེན་ ༥ དང་ བདག་སྐྱོང་གཙོ་འཛིན་བཅས་ ལྷག་བསམ་དང་ མཁྱེན་རིག་མངོན་པར་མཐོ་བའི་ འཐུས་མི་ ༦ བསྐོ་བཞག་གནང་ནུག། དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འཐུས་མི་ཚུ་གིས་ དགེ་རབ་གྲྭ་ཚང་ཚུ་གི་ གོ་གནས་ཆེ་ཆུང་གི་རིམ་པ་ཚུ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ དབྱེ་ཞིབ་དང་ གསུང་གྲོས་ཚུ་གནང་སྟེ་ འདེམས་བསྐོས་ཀྱི་ མཛད་སྒོ་ཚུ་ ཡོངས་སུ་རྫོགསཔ་སྦེ་ འགྲུབ་དགོ་པའི་ཁར་ མི་སྟོབས་འཛིན་སྐྱོང་དང་འབྲེལ་བའི་ ཕྱག་འགན་ཚུ་ཡང་ བཞེས་གནང་ནི་ཨིན་པས། དེ་མ་ཚད་ འབྲེལ་ཡོད་ལས་སྡེ་གཞན་དང་གཅིག་ཁར་ཡང་ མཐུན་ལམ་དང་ འབྲེལ་བ་དམ་ཟབ་ཐོག་ལས་ སངས་རྒྱས་ཀྱི་ སྟན་པ་རིན་པོ་ཆེ་དང་ འགྲོ་བའི་སེམས་ཅན་ཡོངས་ལུ་ཕན་པའི་ […]

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ སིངྒ་པོར་གྱི་ ཀེ་ཀེ་ཨམ་སྲུ་དང་ ཨ་ལོའི་སྨན་ཁང་གི་བར་ན་ སྐྱེ་རྒྱུན་ཁབ་སོན་ལྟེ་བ་ གཞི་བཙུགས་ཀྱི་ ཆིངས་ཡིག་བཟོ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ སིངྒ་པོར་ ཀེ་ཀེ་ཨམ་སྲུ་དང་ ཨ་ལོའི་སྨན་ཁང་གི་ རྒྱབ་སྐྱོར་ཐོག་ལས་ སྐྱེ་རྒྱུན་ཁབ་སོན་ལྟེ་བ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ ཆིངས་ཡིག་ཅིག་ བཟོ་ཡོདཔ་ད་ ལྟེ་བ་དེ་གིས་ དགེ་ལེགས་ཕུག་ ལུང་ཕྱོགས་ནང་གི་ ནདཔ་ཚུ་ལུ་  སྤུས་ཚད་མཐོ་བའི་ སྐྱེ་རྒྱུན་སྐྱོང་བཞག་གི་ ཞབས་ཏོག་ཚུ་ བྱིན་ནི་ཨིན་པས།  ཆིངས་ཡིག་དེ་གུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྤྱི་འཛིན་ དྲག་ཤོས་ཌོག་ཊར་བློ་གྲོས་ཚེ་རིང་དང་ ཀེ་ཀེ་སྨན་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མཉམ་རོགས་ལེགས་སྦྱར་བ་ ཅཱན་ཡོ་ཀེ་ཧུ་ཝི་ ༢ ཀྱིས་ ཡོངས་འབྲེལ་ཐོག་ལས་ མཚན་རྟགས་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ […]

National News

སྟོན་པ་བཅོམ་ལྡན་འདས་ཀྱིས་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་བརྩི་སྲུང་།

རང་ཟླ་ ༦ པའི་ཚེས་ ༤ ལུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝཱ་རཱ་ཎ་སི་ལུ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་དང་བསྟུན་ཏེ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཆོས་རྫོང་གི་ ཀུན་ར་བར་ཐོག་ལུ་ རྒྱལ་ཁབ་དང་ བསྟན་འགྲོའི་དོན་ལས་ བྱིན་རླབས་ཅན་གྱི་གཏེར་ཆེན་ རྣམ་རྒྱལ་སྟོང་མཆོད་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ཀུན་རའི་ནང་ འབུམ་སྡེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ རྒྱལ་ཁབ་ཀྱི་ མངའ་ཐང་དང་ རྒྱལ་བསྟན་ཆོས་ཀྱི་ ཞབས་བརྟན་ལུ་དམིགས་ཏེ་ ལོ་བསྟར་གནང་སྲོལ་ཡོད་པའི་ ཉིན་གྲངས་ ༥ གི་ གཙུག་ཏོར་རྣམ་རྒྱལ་མའི་ གསུང་ཆོག་ཡང་ ཟབ་རྒྱས་ཀྱི་སྒོ་ལས་ འགོ་བཙུགས་གནང་ནུག། དེ་མ་ཚད་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ཆེན་མོའི་ནང་ བྱིན་རླབས་ཀྱི་ གཟི་འོད་འབར་བའི་ ནང་རྟེན་བྱིན་ཅན་ཚུ་ དད་ལྡན་མི་དམངས་ཡོངས་ཀྱི་ བསོད་ནམས་ཀྱི་ ཞིང་མཆོག་ལུ་ མཇལ་ཁ་གནང་ཡོད་པའི་གནས་ཚུལ།

National News

ཐིམ་ཕུ་དང་ ཕུན་ཚོགས་གླིང་ རྫོང་ཁག་ཁྲོམ་སྡེ་ཚོགས་སྡེའི་ བཙག་འཐུའི་གྲུབ་འབྲས།

ཐིམ་ཕུ་དང་ ཕུན་ཚོགས་གླིང་ རྫོང་ཁག་ཁྲོམ་སྡེ་ཚོགས་སྡེའི་དོན་ལས་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༤ པ་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ བཙག་འཐུའི་གྲུབ་འབྲས་ཚུ་ གཞུང་འབྲེལ་དུ་ གསལ་བསྒྲགས་གནང་ཡི། དེ་ཡང་ ཐིམ་ཕུ་ཁྲོམ་སྡེའི་ ཁྲོམ་དཔོན་སྦེ་ ཁྲོམ་དཔོན་བགྲེསཔ་ ཨྱོན་རྡོ་རྗེ་དེ་ ལོག་སྟེ་ར་ བཙག་འཐུ་གྲུབ་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ཁྲོམ་དཔོན་སྦེ་ དི་པིན་དགའ་ལེགས་ བཙག་འཐུ་གྲུབ་ཡོདཔ་མ་ཚད་ ཐིམ་ཕུ་ཁྲོམ་སྡེའི་ ཚོགས་པ་ ༧ དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ཚོགས་པ་ ༥ ཡང་ བཙག་འཐུ་གྲུབ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

Online now: 14 Today: 730 Total visitors: 7950