ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་ཞལ་འཛོམས།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་ཞལ་འཚོམས་ ཐེངས་ ༢༡ པ་དེ་ ཐིམ་ཕུ་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། ཞལ་འཛོམས་དེ་ནང་ འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ ཟུང་ཕྱོགས་ལས་དོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་སྟོབས་རྒྱས་དང་ རྒྱ་པཱན་གྱི་ཁ་ཐུག་ལས་ ནིའུ་དིལླི་ རྒྱ་པཱན་གཞུང་ཚབ་ཡིག་ཚང་ནང་ལས་ དཔལ་འབྱོར་གྱི་ གྲོས་སྟོན་པ་ མ་ཙུ་ནོ་ཀེན་ཇི་གིས་ མཉམ་འབྲེལ་ཁྲི་འཛིན་འབད་ནུག།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀོ་རི་ཡ་ཆུའི་ཐོན་ཁུངས་ལས་འཛིན་ ཀེ་ཝ་ཊར་གཉིས་ཀྱི་བར་ན་ སླར་བྱུང་ནུས་ཤུགས་གོང་འཕེལ མདུན་བསྐྱོད་ཀྱི་ གོ་དོན་ཆིངས་ཡིག།

སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀོ་རི་ཡ་ ཆུའི་ཐོན་ཁུངས་ལས་འཛིན་ ཀེ་ཝ་ཊར་ ༢ ཀྱི་བར་ན་ ཐིམ་ཕུ་འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ ཡིག་ཚང་ནང་སྦེ་ འབྲུག་ལུ་ ཆུར་བརྟེན་གློག་མེ་དང་ ཉིན་དྲོད་ནུས་ཤུགས་ལས་འགུལ་ཚུ་ གོང་འཕེལ་གཏང་ནི་དང་ བཙོག་རླུང་མར་ཕབ་དང་ གཙང་དག་ནུས་ཤུགས་ཀྱི་ ཐབས་ལམ་ཚུ་ནང་  མཉམ་འབྲེལ་བཙན་ཐབས་འབད་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ནུག། གོ་དོན་ཆིངས་ཡིག་དེ་གིས་ གཅིག་མཚུངས་མཐའ་དོན་དང་ ཁྱད་རིག་ཅན་གྱི་ གནད་དོན་ཚུ་ནང་ ཁྱབ་ཆེ་བའི་ མཉམ་འབྲེལ་གྱི་ སྒྲིག་བཀོད་ཅིག་ གཞི་བཙུགས་འབདཝ་ཨིན་པས།  ལས་འཛིན་ ༢ ཀྱི་ མཉམ་འབྲེལ་དེ་གིས་ འབྲུག་གི་ཡུན་བརྟན་དཔལ་འབྱོར་གོང་འཕེལ་ལུ་ ཁེ་ཕན་ཡོད་པའི་ སླར་བྱུང་ནུས་ཤུགས་མདུན་བསྐྱོད་དང་ གནམ་གཤིས་བདེ་སྒྲིག་ལུ་རྒྱབ་སྐྱོར་ དེ་ལས་ དུས་རིང་ཁྱད་རིག་གི་ མཉམ་འབྲེལ་ཚུ་ལུ་ ཁས་ལེན་ཡོད་པའི་ བརྡ་མཚོན་དོ་ཡོདཔ་སྦེ་བཀོད་ནུག།

National News

སྤ་རོ་སྟག་ཚང་ལུ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་།

སྤ་རོ་སྟག་ཚང་ལུ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ མཁན་པོ་ཀུན་བཟང་འཕྲིན་ལས་མཆོག་ དབུ་བཞུགས་ཐོག་ལས་ ཡོན་ཏན་སྡེ་ཚན་གྱི་ དགེ་འདུན་པ་ ཞལ་གྲངས་ ༥༠ ལྷགཔ་ཅིག་གིས་ ལོ་བསྟར་གནང་སྲོལ་ཡོད་པའི་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་ དགོངས་འདུས་སྒྲུབ་ཆེན་དང་ ཚེ་དཔག་མེད་སྒྲུབ་ཆེན་ ཕུར་པའི་སྒྲུབ་ཆེན་ཚུ་ ཉིན་གྲངས་ ༢༡ གི་རིང་ལུ་ གནང་དོ་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ གདོང་དེབ་ནང་བཀོད་ནུག། དེ་ཡང་ རང་ཟླ་ ༥ པའི་ཚེས་ ༩  སྤྱི་ཟླ་ ༦ པའི་ཚེས་ ༢༣ ལས་ རང་ཟླ་ ༥ པའི་ཚེས་ ༡༥ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ དགོངས་འདུས་སྒྲུབ་ཆེན་དང་ རང་ཟླ་ ༥ པའི་ཚེས་ ༡༦ ལས་ ༢༢ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ ཚེ་དཔག་མེད་སྒྲུབ་ཆེན་ གནང་ཡོདཔ་མ་ཚད་ རང་ཟླ་ ༥ […]

National News

ཚོད་དཔག་ཅན་གྱི་ ཆར་རླུང་ཚབས་ཆེན་ ཨེལ་ནི་ནོ་ཟེར་མིའི་ གདོང་ལན་ལུ་ གྲ་སྒྲིག་ཞལ་འཛོམས།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལས་ རྒྱ་ཡོངས་ཆེ་རིམ་ཚོགས་ཆུང་གིས་ ཚོད་དཔག་ཅན་གྱི་ ཆར་རླུང་ཚབས་ཆེན་ ཨེལ་ནི་ནོ་ཟེར་མི་གིས་ གནོད་སྐྱོན་འབྱུང་སྲིད་ནི་ཨིན་པའི་ གདོང་ལན་ལུ་ འབྲུག་གི་གྲ་སྒྲིག་བསྐྱར་ཞིབ་ཀྱི་ ཞལ་འཛོམས་ཐེངས ༢ པ་ ཚོགས་གནང་ནུག།  ཚོགས་ཆུང་དེ་གིས་ སོ་ནམ་དང་ འཐུང་ཆུའི་ཐོན་ཁུངས་ ཉེར་མཁོའི་ཅ་ཆས་མཛོད་ཁང་ བཟའ་ཚང་གི་ འཐུང་ཆུ་ཉེན་སྲུང་ ནགས་ཚལ་མེ་རྐྱེན་ ཁྱེགས་མཚོ་ལུ་བརྟེན་པའི་ ཉེན་ཁ་མར་ཕབ་ ཁྱེགས་མཚོ་རྦེད་པའི་ རྐྱེན་ངན་གྱི་ ཉེན་ཁ་དང་འབྲེལ་ཏེ་ སྤུ་ན་ཁ་རྫོང་ སྟོངམ་བཏོན་ནིའི་སྦྱོང་བརྡར་ དེ་ལས་ རྒྱལ་ཡོངས་ཀྱི་ ཡུན་ཐུབ་བཙན་ཐབས་ལུ་ ནུས་ཤུགས་ཀྱི་ ཐབས་ལམ་གཞན་ཚུ་དང་འབྲེལ་ཏེ་ རྒྱལ་ཡོངས་ཀྱི་ གྲ་སྒྲིག་ཐབས་ལམ་ཚུ་ བསྐྱར་ཞིབ་གནང་ཡོདཔ་ཨིན་པས།   དེ་ཡང་ འབྲུག་གཞུང་གི་ ཁ་ཐུག་ལས་ ཐོན་རིམ་ཅན་གྱི་ གནམ་གཤིས་ཀྱི་ ཉེན་ཁ་ཚུ་ལུ་བརྟེན་པའི་ ཚེ་སྲོག་དང་ འཚོ་རྟེན་ དེ་ལས་ གནད་འགག་ཅན་གྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ སྔ་གོང་གྲ་སྒྲིག་དང་ མཉམ་འབྲེལ་ཐོག་ལས་ […]

National News

སྤ་རོ་རྫོང་ཁག་ཁྲིམས་འདུན་ལས་ རྟོག་མེད་དམར་བསད་དང་ རྒོལ་འཛིང་ཚུ་ནང་ འབྲེལ་བ་ཡོད་མི་ ༡༠ ལུ་ ཉེས་ཁྲིམས་བཀལ་གནང་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལས་ རྟོག་མེད་དམར་བསད་དང་ རྒོལ་བརྡུང་ ཉེས་འགེལ་ནང་ གྲོགས་རམ་འབད་མི་ དེ་ལས་ ངན་སྐུལ་དང་ རྒོལ་འཛིང་ཚུ་ནང་འབྲེལ་བ་ཡོད་མི་ མི་ངོམ་ ༡༠ ལུ་ ཉེས་ཁྲིམས་ཚུ་ བཀལ་གནང་ནུག། དེ་ཡང་ སྐལ་ལྡན་རྡོ་རྗེ་ལུ་ ལོ་ ༨ དང་ ཟླཝ་ ༡༠ གྱི་བཙོན་ཁྲིམས་དང་ རྡོ་རྗེ་འགན་འཛིན་ལུ་ འགྲིག་ཆ་མ་རུང་བའི་ ཉེས་འགེལ་དང་འབྲེལ་ཏེ་ ལོ་ངོ་ ༧ གྱི་ བཙོན་ཁྲིམས་བཀལ་གནང་ཡོདཔ་ཡོདཔ་ཨིན་པས། དེ་ལས་ ཉེས་དོགས་པ་ གཞན་མི་ ༨ ལུ་ འགྲིག་ཆ་མ་རུང་བའི་ ཉེས་འགེལ་གྱི་བཙོན་ཁྲིམས་ ལོ་ ༡ དང་ཟླཝ་ ༥ ལས་ ལོ་ ༢ དང་ ཟླཝ་ ༡༠ གྱི་བར་ན་ བཙོན་ཁྲིམས་ཚུ་ བཀལ་གནང་ཡོདཔ་ད་ ཁོང་གི་གྲས་ལས་ ཉེས་དོགས་པ་ […]

National News

ཨ་ལོ་གསུམ་པ་ ཡན་ཆད་ཀྱི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་དོན་ལུ་ དྲན་གསལ་ལས་རིམ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ ལྷན་གཞུང་ལས་དོན་དང་ ཐབས་བྱུས་མཉམ་འབྲེལ་ཡིག་ཚང་གིས་ རྒྱལ་ཡོངས་ཚོགས་ཁང་གི་ ལྷན་འཛོམས་ཁང་ནང་སྦེ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་དོན་ལུ་ ཨ་ལོ་གསུམ་པ་ ཡན་ཆད་ཀྱི་སྐོར་ལས་ དྲན་གསལ་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག། དེ་ཡང་ ཨ་ལོ་གསུམ་པ་ ཡན་ཆད་ཀྱི་ ལས་རིམ་གྱི་ རྒྱབ་ཁུངས་དང་ འོས་ཁུངས་ ཁྱད་ཚད་དང་ ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས། ཨ་ལོ་གསུམ་པ་ ཡན་ཆད་ཀྱི་ ལས་རིམ་དེ་ རྒྱལ་ཁབ་ནང་ སྐྱེ་རྒྱུན་ཚད་གཞི་ ཉམས་འགྱོ་བའི་ དཀའ་ངལ་སེལ་ཐབས་ལུ་ རྒྱལ་ཡོངས་ཀྱི་ གསར་བཏོད་ལས་རིམ་ཅིག་སྦེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་ཚེས་ ༤ ལས་ འགོ་བཙུགས་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ བཅོས་མའི་རིག་རྩལ་གནད་སྡུད་ལྟེ་བ་ གོང་འཕེལ་གྱི་དོན་ལུ་ སཱ་ཏོ་འཕྲུལ་རིག་དང་གཅིག་ཁར་ འབྲེལ་དོན་ཀུན་སློང་ཡིག་ཆ་གུ་ མིང་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སླར་བྱུང་ནུས་ཤུགས་ལུ་བརྟེན་པའི་ བཅོས་མའི་རིག་རྩལ་གནད་སྡུད་ལྟེ་བ་ཅིག་ གོ་རིམ་བཞིན་དུ་ གོང་འཕེལ་གཏང་ནིའི་དོན་ལས་ སཱ་ཏོ་འཕྲུལ་རིག་ལས་འཛིན་དང་གཅིག་ཁར་ འབྲེལ་དོན་ཀུན་སློང་ཡིག་ཆ་གུ་ མིང་རྟགས་བཀོད་ནུག།  གྲོས་འཆར་བཀོད་པའི་ མཉམ་འབྲེལ་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ འབྲུག་གི་སླར་བྱུང་ནུས་ཤུགས་ཀྱི་ ཐོན་ཁུངས་ཀྱི་ གོ་སྐབས་ཚུ་ གནས་གོང་དང་ ཤེས་ཡོན་མཐོ་བའི་ བཟོ་གྲྭ་ཚུ་གི་དོན་ལུ་ སྤྱོད་ནི་གི་ རེ་འདུན་སྦོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

སི་ཡེ་ར་ལི་ཡོན་དང་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ ས་ཡེན་གཞི་ཚོགས་བཅས་ཀྱིས་ སི་ཡེ་ར་ལི་ཡོན་ལུ་ ཨང་ཅན་ངོ་རྟགས་རིམ་ལུགས་ ལག་ལེན་གྱི་དོན་ལུ་ མཉམ་འབྲེལ་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་སི་ཡེ་ར་ལི་ཡོན་གྱི་ བརྒྱུད་འབྲེལ་འཕྲུལ་རིག་དང་ གསར་བཏོད་ལྷན་ཁག་དང་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཚད་འཛིན་ དེ་ལས་ ས་ཡེན་གཞི་ཚོགས་ ༣ གྱིས་ སི་ཡེ་ར་ལི་ཡོན་གྱི་དོན་ལུ་ ཨང་ཅན་ངོ་རྟགས་ཀྱི་ གྲོས་གནས་བཟོ་བཀོད་དང་ གོང་འཕེལ་གཏང་སྟེ་ ལག་ལེན་འཐབ་ནིའི་ནང་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ནུག། མཉམ་འབྲེལ་དེ་གིས་ སི་ཡེ་ར་ལི་ཡོན་གྱི་ ཨང་ཅན་གཞི་སྒྱུར་གྱི་ མདུན་བསྐྱོད་བརྡ་མཚོན་ སྟོན་དོ་ཡོད་པའི་ཁར་ མི་སེར་ཚུ་ལུ་ཡང་ ཞབས་ཏོག་སྤྲོད་ནི་དང་ དཔལ་འབྱོར་གོང་འཕེལ་བཙན་ཐབས་འབད་ནི་ དེ་ལས་ མི་མང་ཨང་ཅན་གྱི་ ཀུན་ཚང་གཞི་རྟེན་མཁོ་ཆས་ གོང་འཕེལ་གཏང་ཐོག་ལས་ མི་སེར་གྱི་ ལྕོགས་གྲུབ་ཡར་སེང་འབད་ནི་ཨིན་པས། དེ་ཡང་ ཁོང་མཉམ་རོགས་ ༣ གྱིས་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ གྲོས་གནས་གོང་འཕེལ་གཏང་སྟེ་ མི་སེར་ཚུ་གིས་ རང་སོའི་སྒེར་དོན་ཉེན་སྲུང་དང་ གནད་སྡུད་ཀྱི་རང་དབང་ཚུ་ བཙན་ཏོག་ཏོ་སྦེ་ རྒྱུན་སྐྱོང་འཐབ་ཚུགས་ནི་དང་སྦྲགས་ཏེ་ ངོ་རྟགས་ཚུ་ ཉེན་སྲུང་གི་སྒོ་ལས་ བདེན་ཁུངས་བཀལ་ཏེ་ འཛིན་སྐྱོང་འཐབ་ཚུགསཔ་ བཟོ་ནི་ཨིནམ་སྦེ་བཀོད་ནུག། མཉམ་འབྲེལ་དེ་ནང་ མཉམ་རོགས་ཚུ་གིས་ ཁྱད་རིག་མཉམ་བསྡོམས་ཐོག་ལས་ ལག་ལེན་འཐབ་ནི་དང་ […]

National News

ཐིམ་ཕུ་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཙག་འཐུ་ཐེངས་ ༤ པ་ འགོ་འདྲེན་འཐབ་ནི།

མགོན་པོ་རྡོ་རྗེ།སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ ༢ ཀྱི་ ཁྲོམ་སྡེའི་བཙག་འཐུ་ ཐེངས་ ༤ པ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ཁྲོམ་དཔོན་གྱི་ འདེམས་ངོ་ ༤ དང་ ཚོགས་པའི་འདེམས་ངོ་ ༡༤ གི་བར་ན་ དོ་འགྲན་འབད་ནི་ཨིནམ་སྦེ་ གཏན་འཁེལ་བཟོ་ནུག།དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ ཐིམ་ཕུ་ཁྲོམ་སྡེའི་དོན་ལུ་ ཁྲོམ་དཔོན་གྱི་འདེམས་ངོ་ ཨྱོན་རྡོ་རྗེ་དང་ བསོད་ནམས་ཆོས་སྒྲོན་ ༢ ཀྱི་བར་ན་ དོ་འགྲན་འབད་འབད་ནི་ཨིནམ་ད་ ཕུན་ཚོགས་གླིང་ ཁྲོམ་སྡེའི་དོན་ལུ་ ཁྲོམ་དཔོན་གྱི་འདེམས་ངོ་ བཀྲིས་དབང་ཕྱུག་དང་ དི་པཱན་གྷ་ལེ་ ༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།ཁྲོམ་སྡེ་ཚོགས་པ་ ༡༤ པོ་དེ་ཡང་ ཐིམ་ཕུ་ཁྲོམ་སྡེའི་དོན་ལུ་ ཚོགས་པ་ ༨ དང་ ཕུན་ཚོགས་གླིང་ ཁྲོམ་སྡེའི་དོན་ལུ་ ཚོགས་པ་ ༦ ཨིནམ་ད་ ཚོགས་པའི་འདེམས་ངོ་ཚུ་ཡང་ ཕོ་སྐྱེས་ ༨ དང་ ཨམ་སྲུ་ […]

National News

བསམ་རྩེ་ལྡན་ཆུ་ཁ་ལུ་ ཨ་མོ་ཆུ་བརྒལཝ་ད་ མི་མང་ལས་གཡོགཔ་ ༣ གཙང་ཆུའི་ནང་བུད་དེ་ ཤི་རྐྱེན་བྱུང་ཡོདཔ།

ད་རེས་ནངས་པ་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཆར་ཆུ་འབོལ་བའི་སྟབས་ཀྱིས་ རྒྱལ་ཁབ་ནང་ ཆུ་རུད་དང་ ས་རུད་ཚུ་གིས་ གནོད་སྐྱོན་སྦོམ་སྦེ་ར་ འབྱུང་བཞིན་དུ་ཡོད་པའི་ནང་ལས་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ འགྲོ་བ་མིའི་ཚེ་སྲོག་ལུ་ཡང་ གནོད་སྐྱོན་བྱུངཡོདཔ་ཨིན་པས། དེ་ཡང་ བསམ་རྩེ་རྫོང་ཁག་ ལྡན་ཆུ་ཁ་ལུ་ སྤྲིངས་ཐག་ཐོག་གི་ སྒྲོམ་ནང་འཛུལ་ཐོག་ལས་ ཨ་མོ་ཆུ་བརྒལ་བའི་སྐབས་ལུ་ སྤྲིངས་ཐག་ཆད་ཡར་སོངཔ་ལས་ མི་མང་ལས་གཡོགཔ་ ༣ གཙང་ཆུའི་ནང་བུད་དེ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 24 Today: 897 Total visitors: 8117