ArchiveAboutContact

gyalchi

World News

བི་རི་ཊེན་གྱི་ རྒྱལམོ་མཆོག་གིས་ སི་ཀོཊ་ལེནཌི་ལུ་སྦེ་ ཡུ་ཀེའི་བློན་ཆེན་གསརཔ་ བསྐོ་བཞག་གི་རྟེན་འབྲེལ།

ཨིན་ཌི་ཡ་ཊུ་ཌེ།བི་རི་ཊེན་གྱི་རྒྱལམོ་ ཨེ་ལི་ཟ་བེཐ་མཆོག་གིས་ ཁོང་གི་རྒྱལ་རབས་ནང་ འགོ་དང་པ་ བཙག་འཐུ་ལས་གྲུབ་པའི་ བློན་ཆེན་གསརཔ་ ལུགས་མཐུན་བསྐོ་བཞག་གི་རྟེན་འབྲེལ་དེ་ སི་ཀོཊ་ལེན་ལུ་ རྒྱལམོ་མཆོག་གི་ཕོ་བྲང་ བཱལ་མོ་རཱལ་ལུ་སྦེ་ བརྩི་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།དེ་ཡང་ དགུང་ལོ་ ༩༦ བཞེས་མི་ རྒྱལམོ་མཆོག་ སྐུ་ན་བགྲེས་པའི་དབང་གིས་ ཕར་ཚུར་ཆིབས་སྐྱོད་ཀྱི་ དཀའ་ངལ་ཡོདཔ་ལས་ ད་རེས་ སི་ཀོཊ་ལེནཌི་ལུ་ ལོ་བསྟར་གནམ་བྱཱར་གྱི་ ཁམས་སངས་ལུ་བྱོན་ཏེ་ བཞུགས་ཡོདཔ་ལས་ གཞུང་གི་དབུ་ཁྲིད་བགྲེསཔ་ རི་ཤི་སུ་ནག་དང་ ཕྱི་འབྲེལ་དྲུང་ཆེན་ ལིཟ་ཊུཛ་གང་རུང་ཅིག་ བཱལ་མོ་རཱལ་ ཕོ་བྲང་ནང་ འབོ་གནང་ནི་གི་ གསང་བའི་འཆར་གཞི་འདུག་ཟེར་ཨིན་པས།ཀཱན་ཟར་ཝེ་ཊིབ་ཚོགས་པའི་ འགོ་ཁྲིད་དེ་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ བཙག་འཐུ་འགྲུབ་ནི་ཨིནམ་བཞིན་དུ་ ཉིན་གཅིག་གི་ཤུལ་ལས་ རྒྱལམོ་མཆོག་གིས་ མཇལ་ཕྲད་མཛད་ཐོག་ལས་ བོ་རིཛ་ཇཱོན་སཱན་གྱི་ཚབ་སྦེ་ གཞུང་འབྲེལ་ཐོག་ལུ་ བསྐོ་བཞག་གནང་ནི་ཨིན་པས།ག་དེ་སྦེ་ཨིན་རུང་ བི་རི་ཊེན་གྱི་ རྒྱལམོ་མཆོག་ སི་ཀོཊ་ལེན་ལུ་ར་ བཞུགས་མི་བཞུགས་ཀྱི་སྐོར་ལས་ བློན་ཆེན་གསར་རྙིང་ ༢ ལུ་ སྔ་གོང་ལས་ བརྡ་བསྐུལ་དགོ་ནི་དེ་གིས་ བདུན་ཕྲག་ཤུལ་མའི་ནང་ར་ གསལ་བསྒྲགས་གནང་ནི་ཨིན་པས་ཟེར་ […]

gyalchi
National News

ལམ་ཡིག་ལུ་བརྟེན་ཏེ་ ཕྱིའི་རྒྱལ་ཁབ་ལུ་ འགྲུལ་སྐྱོད་འབད་མི་ འབྲུག་མི་ཚུ་ལུ་དཀའ་ངལ།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ འབྲུག་གནམ་གྲུའི་ནང་ འགྲུལ་སྐྱོད་འབད་མི་ འབྲུག་མི་ ༧ ནེ་པཱལ་ཀཋ་མཱན་ཌུའི་ རྒྱལ་སྤྱི་གནམ་ཐང་ནང་ལྷོདཔ་ད་ ལམ་ཡིག་ཚོས་གཞི་ལྕང་ཁ་འབད་མི་ འབག་ཡོད་མི་ལུ་བརྟེན་ཏེ་ རྒྱལ་ཁབ་དེ་ནང་ འཛུལ་ཞུགས་འབད་མ་བཅུག་པར་ ལོག་བཏང་ཡོདཔ་ལས་ གནམ་གྲུ་དེ་ནང་ར་ ལོག་འོང་དགོཔ་བྱུང་ནུག།དེ་ཡང་ ལམ་ཡིག་ཚོས་གཞི་ཧོནམོ་འབད་མི་ རྫོགས་སོངཔ་ལས་ ཚོས་གཞི་ཧོནམོ་གི་ཚབ་ལུ་ ཚོས་གཞི་ལྕང་ཁ་འབད་མི་ ལམ་འགྲུལ་ཡིག་ཆ་ སྤྲོད་ནི་དེགིས་ཨིནམ་ད་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ཇར་མཱན་ལུ་ དཔར་བསྐྲུན་འབདཝ་ཨིན་རུང་ བཀྲམ་སྤེལ་འབད་མ་ཚུགསཔ་ལས དཀའ་ངལ་དེ་ འབྲུག་རྐྱངམ་གཅིག་ལུ་མིན་པར་ རྒྱལ་ཁབ་གཞན་ཚུ་གི་ནང་ཡང་ འཐོན་ཏེ་ཡོད་ཟེར་ཨིན་པས།སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ ལམ་འགྲུལ་བསླབ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལམ་ཡིག་དེ་ཚུ་ ལྟ་ཞིབ་ཐོག་ལས་ སྐྱོད་ཐམ་ཚུ་ ཧེ་མ་ལས་ བཟོ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་འོང་ཟེར་ཨིན་པས།དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་ལམ་ཡིག་གི་ཚབ་སྦེ་ ལམ་འགྲུལ་ཡིག་ཆ་ སྤྲོད་མིའི་གུ་ ནེ་པཱལ་ལུ་ འགྱོ་འདོད་ཡོད་མི་ཚུ་གིས་ཡང་ སྔ་གོང་ལས་ར་ […]

gyalchi
World News

ནད་ཡམས་ཀོ་ཝིཌ་གི་ སྨན་ཁབ་བཟོ་སྦྱོར་འཕྲུལ་རིག་གི་སྐོར་ལས་ མོ་ཌར་ན་གིས་ ཕ་ཡེ་ཟར་དེ་ ཁྲིམས་སར་བསྐྱལ་ཡོདཔ།

བི་བི་སི།མོ་ཌར་ན་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕ་ཡེ་ཟར་དང་ དེ་གི་མཉམ་རོགས་ ཇར་མཱན་བ་ཡོ་ཨེན་ཊེག་ ༢ ཀྱིས་ ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་སྦྱོར་གྱི་བདག་དབང་ ཁྲིམས་འགལ་ཐོག་ལས་ སྤྱོད་ཡོད་པའི་ ཉེ་འཛུགས་འབད་དེ་ ཁྲིམས་སར་བསྐྱལ་དེ་ཡོད་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་སྨན་རྫས་ལས་སྡེ་གིས་ ནད་ཡམས་ཁྱབ་སྤེལ་ མ་འགྱོ་བའི་ སྔ་གོང་ལས་ མོ་ཌར་ན་ སྨན་ཁབ་ཀྱི་ འཕྲུལ་རིག་དེ་ ཁོང་གིས་ གོང་འཕེལ་བཏང་ནུག་ཟེར་ཨིན་པས།ཉེས་འཛུགས་དེ་ཡང་ གསལ་སྟོན་མ་འབད་བའི་ དངུལ་འབྲེལ་རྒུད་འཐུས་ སྤྲོད་དགོཔ་སྦེ་ ཡུ་ཨེཛ་དང་ ཇར་མཱན་རྒྱལ་ཁབ་གཉིས་ཆ་རའི་ནང་ ཁྲིམས་རྩོད་ཀྱི་དོན་ལུ་ བཤེར་ཡིག་ཕུལ་ཏེ་་ཡོདཔ་ཨིན་པས།ཨིན་རུང་ ཕ་ཡེ་ཟར་གྱིས་འབད་བ་ཅིན་ ཁྲིམས་རྩོད་ཀྱི་ ཡིག་ཆ་ཚུ་ ད་ཚུན་ ཁོང་གི་ལག་པར་ ལྷོད་དེ་མེདཔ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།མོ་ཌར་ན་གི་ བརྗོད་དོན་ཅིག་དང་འཁྲིལཝ་ད་ ཕ་ཡེ་ཟར་/བ་ཡོ་ཨེན་ཊེག་གིས་ མོ་ཌར་ནའི་ བློ་རིག་རྒྱུ་དངོས་ དབྱེ་ཁག་ ༢ སྦེ་ དཔེ་བཤུས་འབད་བའི་གྲས་ལས་ གཅིགཔོ་དེ་ མོ་ཌར་ནའི་ ཚན་རིག་པ་ཚུ་གིས་ སྤྱི་ལོ་ ༢༠༡༠ ལས་ གོང་འཕེལ་བཏང་ནི་ འགོ་བཙུགས་ཏེ་ […]

gyalchi
World News

པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ཆུ་རུད་ཐོན་ཏེ་ མི་སེར་ས་ཡ་ ༣༣ ལྷགཔ་ཅིག་ལུ་གནོད་སྐྱོན

བི་བི་སི།སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ པ་ཀིཛ་ཏཱན་ གནམ་གཤིས་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་དེ་ནང་ སྔོན་ཆད་བྱུང་མ་མྱོང་པའི་ ཆརཔ་དང་ ཆུ་རུད་ལུ་བརྟེན་ཏེ་ མི་སེར་ས་ཡ་ ༣༣ ལྷགཔ་ཅིག་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ནང་ལས་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཏེ་ མི་སེར་ ༩༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ རྒྱལ་ཁབ་ལུ་ ཆུ་རུད་ཀྱི་ གནོད་སྐྱོན་ལུ་བརྟེན་ཏེ་ མ་དངུལ་གྱི་ དཀའ་ངལ་ཡང་ ཐོན་ཡོདཔ་ལས་ འཛམ་གླིང་རྒྱལ་སྤྱི་ལས་ གྲོགས་རམ་ཧེང་སྐལ་ གནང་དགོཔ་སྦེ་ ཞུ་ཡི་ཟེར་ཨིན་པས།དུས་ཅི་ གནམ་བྱཱར་ཐོན་ཞིནམ་ལས་ཚུར་ ཆུ་རུད་སྦོམ་སྦེ་ར་ ཐོན་པ་ལུ་བརྟེན་ཏེ་ སྡོད་ཁྱིམ་ ༤༠༠,༠༠༠ ལྷགཔ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་ནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ རང་བཞིན་རྫས་རླུང་ཚུ་ ཉི་བསྟར་བཞིན་དུ་ མེར་བཏང་མི་གིས་གནོད་སྐྱོན།

བི་བི་སི།ཡུ་རོབ་ལུ་ ནུས་ཤུགས་ཀྱི་ གོང་ཚད་ཚུ་ ག་ནི་བ་མཐོཝ་སྦེ་ ཡར་སེང་འགྱོ་བའི་ དུས་སྐབས་ནང་ ར་ཤི་ཡ་གིས་ རྒྱ་ཆེ་བའི་ རང་བཞིན་རྫས་རླུང་ཚུ་ མེར་བཏང་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྫས་རླུང་ཚུ་ ཇར་མེ་ནི་ལུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།དེ་ཡང་ ཕིན་ལེན་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་མི་ ར་ཤི་ཡའི་ འཕྲུལ་ཁང་ནང་ ཉིན་བསྟར་བཞིན་དུ་ གནས་གོང་ཧ་ལམ་ ཌོ་ལར་ས་ཡ་ ༡༠ རེའི་རྩིས་ མེར་བཏང་དོ་ཡོདཔ་སྦེ་བཀོད་ནུག།ཚན་རིག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫས་རླུང་ཚུ་ དེ་སྦེ་ མེར་བཏང་མི་ལུ་བརྟེན་ཏེ་ དུག་རླུང་དང་ དུ་པའི་དྲེག་པ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ ཐོན་མི་དེ་གིས་ ཨར་ཊིག་གི་ ཁྱེགས་ཚུ་བཞུ་ནི་ལུ་ གནོད་པ་ཧེང་སྐལ་ར་ བྱུང་ནི་མས་ཟེར་ཨིན་པས།གནད་དོན་དེ་གི་སྐོར་ལས་ རི་སི་ཊེཌ་ ཨེ་ནར་ཇི་ཟེར་མི་ ནུས་ཤུགས་སྡེ་ཚན་གྱིས་ ལག་ལེན་འཐབ་མི་ དབྱེ་ཞིབ་དང་འཁྲིལ་བ་ཅིན་ ཉིན་བསྟར་བཞིན་དུ་ རྫས་རླུང་ཀིའུ་བིག་མི་ཊར་ ས་ཡ་ ༤.༣༤ དེ་རེ་ མེར་བཏང་དོ་ཡོད་པའི་ བརྡ་སྟོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 6 Today: 1754 Total visitors: 21885