ArchiveAboutContact

Archive

Browse by month

11262 stories

National News

གསོ་བའི་བློན་པོ་གིས་ ཐིམ་ཕུ་ལུ་ ནད་བརྟག་འཕྲུལ་ཆས་ཚུ་འགོ་འབྱེད། 

སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ གསོ་བའི་བློན་པོ་ དྲགོས་བདེ་ཆེན་དབང་མོ་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་གཞི་བད་ཀན་དང་ ཕྲ་འབུབ་ལ་སོགས་པའི་ ནད་རིགས་མ་འདྲཝ་ཚུ་ བརྟག་དཔྱད་འབད་མི་ འཕྲུལ་ཆས་གསརཔ་ལེ་ཤ་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ཚུ་ འགོ་འབྱེད་མཛད་ནུག། དེ་ཡང་ ཧེ་མའི་འཕྲུལ་ཆས་ཚུ་གིས་ ནད་རིགས་བརྟག་དཔྱད་འབདཝ་ད་ དུས་ཡུན་ཆུ་ཚོད་ ༡༨ དང་ ༢༤ གི་བར་ན་ འགོརཝ་ཨིན་རུང་ ད་རེས་ གཞི་བཙུགས་འབད་མི་ ནད་རིགས་བརྟག་དཔྱད་ འཕྲུལ་ཆས་གསརཔ་ཚུ་གིས་ དུས་ཡུན་ཆུ་ཚོད་ ༥ དང་ ༡༠ གྱི་བར་ན་ གྲུབ་འབྲས་འཐོན་ཚུགསཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

gyalchi
World News

རྒྱ་ནག་གི་ མཚོ་འགྲམ་ཁྲོམ་སྡེ་ཅིག་ནང་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ལས་ བལྟ་བཤལཔ་ཚུ་ ཐོགས་ལུས་ཡོདཔ།

བི་བི་སི། རྒྱ་ནག་གི་ མཚོ་འགྲམ་ཁྲོམ་སྡེ་ཅིག་ནང་ ནད་ཡམས་ཀོ་ཝིཌ་དེ་ གློ་བུར་དུ་ཡར་འཕར་སོང་སྟེ་ འགྲོ་འགྲུལ་བཀག་དམ་འབདཝ་ལས་ བལྟ་བཤལཔ་ ༢,༠༠༠ ལྷགཔ་ཅིག་ ཐོགས་ལུས་ཡོདཔ་ཨིན་པས། དེ་བཟུམ་སྦེ་ བེ་ཧའི་ཁྲོམ་སྡེ་ནང་ཡང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ལས་ ཁྲོམ་སྡེ་དེ་ནང་ མི་རློབས་ས་ཡ་ ༡.༩ ཡོད་མི་ཚུ་ག་ར་གིས་ ནད་ཡམས་ཀོ་ཝིཌ་ བརྟག་དཔྱད་འབད་དགོཔ་སྦེ་ འགོ་དཔོན་ཚུ་གིས་ བཀོད་རྒྱ་བྱིན་ནུག། དེ་ཡང་ རྒྱ་ནག་གིས་ ནད་ཡམས་ཀོ་ཝིཌ་དེ་ རྩ་མེད་གཏང་ནི་གི་ སྲིད་བྱུས་ཡོད་མི་དེ་ལུ་ གནོད་ཉེན་ཆེ་ནི་ཨིན་པའི་ ཚ་གྱང་ལང་མི་ལུ་བརྟེན་ཏེ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ཨིན་པས། ད་རུང་ བེ་ཧའི་ས་གནས་གཞུང་གིས་ སླབ་མི་དང་འཁྲིལཝ་ད་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཚུ་དང་གཅིག་ཁར་ འབྲེལ་བ་མ་འཐབ་མི་དང་ ཉེན་ཁ་ཆེ་བའི་ ས་ཁོངས་ནང་སོང་སྟེ་ བརྟག་དཔྱད་འབད་མི་ བལྟ་བཤལཔ་ཚུ་ ནད་ཡམས་ཀོ་ཝིཌ་ མ་ཐོབ་པའི་ རྟགས་མཚན་བྱུང་མི་ཚུ་ ལོག་གཏང་ནི་ཨིན་ཟེར་ སླབ་ཡོད་རུང་ བལྟ་བཤལཔ་གཞན་མི་ཚུ་ ས་གནས་དེ་ཁ་ར་ ཟུར་བཞག་ནང་ སྡོད་དགོ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།  

gyalchi
World News

ཡུ་ཀེ་རེན་གྱི་ ཌཱོན་བཱཛ་མངའ་སྡེའི་ནང་ ར་ཤི་ཡ་གིས་ རྫས་བམ་རྐྱབ་སྟེ་ མི་གྲངས་ ༦ དམར་བསད།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་མངའ་སྡེ་ ཌཱོན་བཱཛ་ཟེར་སར་ ར་ཤི་ཡ་གིས་ རྫས་བམ་བཀོག་སྟེ་ མི་གྲངས་ ༦ དམར་བསད་ནུག། དེ་ཡང་ བེལ་ཇི་ཡམ་གྱི་རྒྱལ་ས་ བུ་རུཛ་སེལཛ་ལུ་ ཡུ་རོ་པི་ཡན་ ཡུ་ནི་ཡན་ཟེར་མི་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་ བློན་པོའི་ཞལ་འཛོམས་ནང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ར་ཤི་ཡ་ལུ་ ཚོང་འབྲེལ་བཀག་དམ་འབད་མི་དེ་གིས་ ཕན་ཐོགས་ཡོདཔ་སྦེ་ བཤད་ནི་དེ་གིས་ཨིན་པས། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀི་གིས་ འཕྲལ་ཁམས་ཅིག་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ འགོདཔོན་གོངམ་ཅིག་ དགོངས་ཕོག་བཏང་སྟེ་ སྲུང་སྐྱོབ་གཙོ་འཛིན་ངོ་ཚབ་ཅིག་ཡང་ གསར་བསྐོས་འབད་ནུག། དེ་ལས་ ཡུ་ཀེ་རེན་གྱི་ ཌོ་ནེཛ་ཁྲོམ་སྡེའི་ནང་ ར་ཤི་ཡ་གིས་ སྟོབས་རྐྱབ་སྟེ་ སྒྲིང་ཁྱིམ་ཐོག་ ༢ འབད་མི་ཅིག་ སྟོར་བཏང་མིའིནང་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ རག་རོ་ཚུ་བརྐོ་སྟེ་ ས་རུག་རྡོ་རུག་འོག་ལས་ མི་རོ་ ༥ […]

gyalchi
World News

རྒྱ་གར་ལུ་ བཙན་ཁྲིད་འབད་ཡོད་པའི་ ཁ་ཉེས་བཀལ་མི་ ཡུ་ཨེཛ་གི་ ཨམ་སྲུ་ཅིག་འཛིན་འཟུང་།     

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ བཙན་ཁྲིད་འབད་ཡོད་པའི་ ཁ་ཉེས་བཀལ་ཏེ་ གཡོ་སྒྱུ་འབད་མི་ ཡུ་ཨེཛ་གི་ ཨམ་སྲུ་ཅིག་ རྒྱ་གར་གྱི་རྒྱལ་ས་ དིལ་ལི་ལུ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག། སྐྱེས་ལོ་ ༢༧ འབད་མི་ ཨམ་སྲུ་དེ་གིས་ དེ་བཟུམ་མའི་ གཡོ་སྒྱུ་འབད་མི་དེ་ཡང་ མོ་རའི་ལག་པར་ཡོད་མི་ ཏི་རུ་རྫོགས་སོང་ནི་དེ་གིས་ མོ་རའི་ཕམ་ལས་ ཏི་རུ་གཏང་ལེན་ནིའི་དོན་ལུ་ གཡོ་སྒྱུ་འབད་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ ཨམ་སྲུ་དེ་དང་ འབྲེལ་བ་ཡོད་མི་ ཨཕ་རི་ཀ་ ནའི་ཇི་རི་ཡ་ལས་ སྐྱེས་ལོ་ ༣༡ འབད་མི་ ཕོ་སྐྱེས་ཅིག་ཡང་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་དེ་གི་ ལམ་ཡིག་དང་ ཨམ་སྲུ་དེ་གི་ སྐྱོད་ཐམ་གྱི་ དུས་ཡུན་རྫོགས་སོངཔ་ལས་ ཆ་གནས་མེད་པའི་ ཡིག་ཆ་འཆང་སྟེ་ རྒྱ་གར་ལུ་ སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།   

gyalchi
Online now: 21 Today: 1878 Total visitors: 9098