ArchiveAboutContact

Archive

Browse by month

11285 stories

National News

རྒྱལ་གཞུང་འགག་སྡེ་གིས་ གནམ་གྲུ་ནང་ གསེར་ཀེ་ཇི་ ༡ བསྐྱལ་བཞག་མི་ལུ་ཞིབ་དཔྱད།

སྤ་རོའི་རྒྱལ་གཞུང་འགག་སྡེ་གིས་ གསེར་ནག་ཚོང་གི་ གནད་དོན་ཅིག་ ཞིབ་དཔྱད་འབད་བའི་བསྒང་ཨིནམ་ད་ དེ་ཡང་ སྤ་རོའི་གནམ་ཐང་ནང་ བྷུ་ཊཱན་ཨེ་ཡར་ལེནཛ་གི་ ཆབ་གསང་ནང་ལས་ གསེར་ཀེ་ཇི་ ༡ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་པས།གསེར་དེ་ཡང་ གསེར་ཕྱེའི་རྣམ་པ་སྦེ་ ཟླཝ་ ༢ དེ་ཅིག་གི་ཧེ་མར་ གནམ་ཐང་ནང་ ལཱ་འབད་མི་ ལས་གཡོགཔ་ ༣ གྱིས་ ཐོབ་པའི་ཤུལ་ལས་ ཐིམ་ཕུར་བསྐྱལ་ཏེ་ བཞུ་ཞིནམ་ལས་ གསེར་སྤག་ཅུང་དང་ ཏིག་ཅུང་ལུ་ བསྒྱུར་བཅོས་འབད་ནུག།གནད་དོན་དེ་གི་སྐོར་ལས་ རྒྱལ་གཞུང་འགག་སྡེ་གིས་ ཧ༌གོ་བའི་ཤུལ་ལུ་ ཁོང་ ༣ འཚོལ་ཏེ་ གསེར་དེ་ཚུ༌ ལེན་བཞག་ཡོད་རུང་ ཁོང་ ༣ གྱིས་ རྒྱལ་གཞུང་འགག་སྡེ་དང་ མཉམ་འབྲེལ་ལེགས་ཤོམ་སྦེ་ འཐབ་པ་ལུ་བརྟེན་ཏེ་ ད་ལྟོ་ ཁོང་ ༣ ལུ་ ཉེས་འཛུགས་མ་འབད་བར་ བཞག་ཡོདཔ་ད་ བྷུ་ཊཱན་ཨེ་ཡར་ལེནཛ་ ཡིག་ཚང་གི་ ཁ་ཐུག་ལས་ཡང་ ནང་འཁོད་དྲི་དཔྱད་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
World News

རྒྱལཔོ་ཅར་ལེཛ་དང་ ཡུ་ཨེཛ་གི་ སྲིད་འཛིན་བ་ཡེ་ཌེན་ ༢ མཇལ་ཕྲད།

སི་ཨེན་ཨེན། ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དེ་ འདས་པའི་ཉིན་ཞག་དག་པ་ཅིག་གི་རིང་ལུ་ ཡུ་རོབ་ལུ་ བཞུགས་ཡོདཔ་ད་ དེ་ཡང་ ལི་ཐུ་ཨ་ནི་ཡ་ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་ཀྱི་དོན་ལས་ བྱོན་ཡོདཔ་ཨིན་པས།ཞལ་འཛོམས་དེ་ནང་ བྱོན་པའི་ཞོར་ཁར་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ ཡུ་ཨེཛ་དང་ ཡུ་ཀེའི་བར་ན་ དམིགས་བསལ་གྱི་ མཐུན་ལམ་ཡར་དྲགས་ཀྱི་དོན་ལས་ ལོན་ཌཱོན་ལུ་ ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་དང་ མཇལ་ཕྲད་མཛད་པའི་ཤུལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ རྒྱལཔོ་ཅར་ལེཛ་དང་ཡང་ མཇལ་ཕྲད་མཛད་ནུག།དེ་བསྒང་ ཡུ་ཀེའི་རྒྱལཔོ་དང་ ཡུ་ཨེཛ་གི་ སྲིད་འཛིན་ ༢ ཀྱི་བར་ན་ རྒྱལཔོ་ཅར་ལེཛ་མཆོག་ གསེར་ཁྲིར་མངའ་གསོལ་ ཞུ་བའི་ཤུལ་ལུ་ དེ་བཟུམ་མའི་ མཇལ་ཕྲད་མཛད་མི་དེ་ འགོ་དང་པ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་ དོན་གཅོད་འགོ་དཔོན་གྱིས་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་སྲ་བརྟན་བཟོ་དགོ་པའི་སྐུལ་མ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ རྒྱ་ནག་དང་ རྒྱ་གར་ ༢ ཀྱི་ ས་མཚམས་ཁར་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་གི་སྐོར་ལས་ རྒྱ་ནག་གི་ དོན་གཅོད་འགོ་དཔོན་མཐོ་ཤོས་ ཝང་ཡི་གིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དེ་ སྲ་བརྟན་བཟོ་དགོཔ་འདུག་ཟེར་ཨིན་པས།དེ་ཡང་ ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ ཇ་ཀར་ཏ་ལུ་ ཤར་ལྷོ་ཨེ་ཤི་ཡ་ རྒྱལ་ཁབ་ཚོགས་པའི་ ཞལ་འཛོམས་ཅིག་ འཚོགས་པའི་བསྒང་ཡོད་མིའི་ ཕྱི་ཁར་སྦེ་ ཝང་ཡི་གིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སུ་བར་མ་ནི་ཡམ་ ཇའི་ཤང་ཀར་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ གཅིག་གིས་གཅིག་ལུ་ དོགས་པ་ཆགས་ནི་མིན་པར་ རྒྱབ་སྐྱོར་འབད་དགོཔ་ཡོད་ལུགས་ཚུ་བཤད་ནུག།མ་གཞི་ ཨེ་ཤི་ཡའི་ རྒྱལ་ཁབ་སྦོམ་ཤོས་ ༢ ཀྱིས་ ས་མཚམས་ཀྱི་ གནད་དོན་ཚུ་ག་ར་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནི་གི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ར་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
News in English

Singapore Minister Arrested In Rare Top-Level Corruption Probe, Released On Bail

ABC News: Singapore’s transport minister has been arrested in connection with a rare top-level corruption probe that has also ensnared a billionaire hotel tycoon, the country’s anti-graft body has said. Transport Minister S. Iswaran was “arrested on 11 July 2023” and “subsequently released on bail”, the Corrupt Practices Investigation Bureau (CPIB) said in an emailed […]

gyalchi
World News

པ་ཀིཛ་ཏཱན་གྱིས་ ཨཕ་གྷན་ལུ་ དབང་བཙོང་འབད་མི་ཚུ་ སྡོད་བཅུག་ནི་ལས་འཛེམ་དགོཔ།

ཨེན་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ ཨཕ་གྷ་ནིཛ་ཏཱན་དང་གཅིག་ཁར་ ས་མཚམས་སྦྱེལ་ཏེ་ཡོད་མི་ པ་ཀིཛ་ཏཱན་གྱི་མངའ་སྡེ་ བ་ལོ་ཅིཛ་ཏཱན་ལུ་ འདས་པའི་བདུན་ཕྲག་ནང་ དྲག་ཐོག་དབང་བཙོང་འབད་མི་ཚུ་གིས་ པ་ཀིཛ་ཏཱན་གྱི་ དམག་མི་ ༡༢ དམར་བསད་འབད་ནུག།དེ་འབདཝ་ལས་ པ་ཀིཛ་ཏཱན་གྱི་དམག་སྤྱི་ ཨ་སིམ་མུ་ནིར་གྱིས་ ཨཕ་གྷ་ནིཛ་ཏཱན་གྱི་ ཏ་ལི་བཱན་གཞུང་ལུ་ གལ་སྲིད་ ཨཕ་གྷ་ནིཛ་ཏཱན་གྱིས་ དྲག་ཐོག་དབང་བཙོང་འབད་མི་ཚུ་ ཁོང་གི་རྒྱལ་ཁབ་ནང་ སྡོད་བཅུག་ཐོག་ལས་ ས་མཚམས་བདའ་སྟེ་ གནོད་པ་བཀལ་བ་ཅིན་ པ་ཀིསི་ཏཱན་གྱིས་ དོན་སྨིན་ཅན་གྱི་ གདོང་ལན་འབད་ནི་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།ཨིན་རུང་ ཨཕ་གྷ་ནིཛ་ཏཱན་ ཏ་ལི་བཱན་གཞུང་གིས་ ལན་གསལ་ག་ནི་ཡང་མེདཔ་ད་ པ་ཀིཛ་ཏཱན་ དམག་སྤྱི་གིས་ ཨཕ་གྷན་ཏ་ལི་བཱན་གྱིས་ སྤྱི་ལོ་ ༢༠༢༠ ལུ་ ཝ་ཤིང་ཊཱོན་དང་གཅིག་ཁར་ ཆིངས་ཡིག་བཟོ་སྟེ་ཡོད་མིའི་ནང་ དྲག་ཐོག་དབང་བཙོང་གི་དོན་ལས་ ཨཕ་གྷ་ནིཛ་ཏཱན་ལུ་ སྡོད་ནི་ལས་ བཀག་དམ་འབད་ནི་ཨིན་ཟེར་མི་དེ་ལུ་ ཆ་གནས་བཞག་དགོཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱིས་ ཟླ་བའི་ནང་ འབྱུང་རབས་ཅན་གྱི་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་བཏང་ཡོདཔ།

བི་བི་སི། རྒྱ་གར་གྱིས་ ད་ཚུན་གྱི་བར་ན་ འཕྲུལ་སྐར་ཅིག་ཡང་ མ་ཆགས་པར་ཡོད་མི་ ལྷོ་ཕྱོགས་ཟླ་བའི་རྩེ་མོ་ལུ་ འགོ་དང་པ་ ཆགས་ནིའི་དོན་ལས་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ མཐར་འཁྱོལ་ཅན་སྦེ་ བཏང་ཚུགས་ཡོདཔ་ཨིན་པས།དེ་ཡང་ ཟླ་བའི་ཕྱི་ཁ་ལས་ པད་སྐོར་བསྒྱིར་ནི་དང་ ཟླ་བའི་གུ་ཆགས་ནི་ དེ་ལས་ ཟླ་བའི་གུ་ འགྲོ་འགྲུལ་བཅས་ཀྱི་ འཕྲུལ་ཆས་ཚུ་དང་བཅསཔ་སྦེ་ཡོད་མི་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ ཕྱེད་ཡོལ་ཆུ་ཚོད་ ༢.༣༥ དེ་ཅིག་ཁར་ སི་རི་ཧ་རི་ཀོ་ཊ་ མཁའ་དབྱིངས་ལྟེ་བ་ལས་བཏང་ནུག།རྒྱ་གར་མཁའ་དབྱིངས་ལས་སྡེའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟླ་བའི་གུ་ ཆགས་ནི་ཨིན་མི་ འཕྲུལ་ཆ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༣ དང་ ༢༤ ལུ་ ཟླ་བའི་གུ་ ལྷོད་འོང་ཟེར་ཨིན་པས།དེ་བཟུམ་མའི་ འཕྲུལ་སྐར་བཏང་མི་དེ་ ཡུ་ཨེཛ་དང་ སོ་ཝིཏ་ཡུ་ནི་ཡཱན་ དེ་ལས་ རྒྱ་ནག་ཚུ་གི་ཤུལ་ལས་ རྒྱ་གར་དེ་ རྒྱལ་ཁབ་ ༤ […]

gyalchi
World News

ཏ་ཡེ་ཝཱན་གྱི་ ལོ་བསྟར་ཕྱད་མདའི་ རྩེད་སྟོན་གྱི་ སྔ་གོང་ལུ་ རྒྱ་ནག་གིས་ དྲག་པོའི་སྟོབས་ཤུགས་ངོམ་སྟོན།

ཨེན་ཌི་ཊི་ཝི། སྤྱི་ཟླ་འདི་གི་ ཟླ་མཇུག་ལུ་ ཏ་ཡེ་ཝཱན་གྱིས་ ལོ་བསྟར་ཕྱད་མདའི་ རྩེད་སྟོན་ནང་ རྒྱ་ནག་གི་ འགག་སུབ་སྡེ་ཚན་ འཕྱལ་བཏང་པའི་ དཔེ་སྟོན་འབད་ནི་གི་ ལས་རིམ་ཡོད་པའི་ སྔ་གོང་ལུ་ བདུན་ཕྲག་འདི་ནང་ རྒྱ་ནག་གིས་ ཏ་ཡེ་ཝཱན་མཐའ་བསྐོར་ཏེ་ རྒྱ་མཚོའི་ནང་ལས་ཕར་ དྲག་པོའི་སྦྱོང་བརྡར་ཐོག་ལས་ སྟོབས་ཤུགས་ངོམ་སྟོན་འབད་ཡོདཔ་སྦེ་ཨིན་པས།རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་དམངས་གཙོའི་ གཞུང་འོག་ལུ་ཨིནམ་སྦེ་ ངོས་ལེན་འབད་དགོ་པའི་ ཨེབ་ཤུགས་རྐྱབ་སྟེ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ ཏ་ཡེ་ཝཱན་མཚོ་གླིང་རྒྱལ་ཁབ་ མཐའ་བསྐོར་ཏེ་ རྒྱ་མཚོའི་ནང་ དམག་སྦྱོང་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་ནུག།དེ་མ་ཚད་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ནང་ མཁའ་དམག་གནམ་གྲུ་དང་ གས་རྫས་འབག་མི་ གནམ་གྲུ་ཚུ་གིས་མ་ཚད་པར་ གནམ་གྲུ་གཞན་ཚུ་ཡང་ འཕུར་འགྲུལ་འབད་བའི་ཁར་ གནམ་གྲུ་ལ་ལོ་ཅིག་ ཏ་ཡེ་ཝཱན་དང་ ཕི་ལི་པིན་གྱི་ ས་མཚམས་ཁར་ཡོད་མི་ མཚོ་བར་གྱི་ཆུ་ལམ་ བ་ཤི་ཟེར་མི་བརྒལ་ཏེ་ པེ་སི་ཕིག་ རྒྱ་མཚོའི་མགུ་ལས་ཕར་ཡང་ འཕུར་ཡོདཔ་སྦེ་ཨིན་པས།གནད་དོན་དེ་ཚུའི་སྐོར་ལས་ རྒྱ་ནག་གི་ སྲུང་སྐྱོབ་ལྷན་ཁག་ལས་ ག་ནི་ཡང་ སླབ་མ་བཏུབ་རུང་ སྤྱི་ཟླ་ ༧ […]

gyalchi
National News

གནད་དོན་གལ་ཅན་མེད་པར་ འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་དང་ དྲནམ་སྟོན་དགོཔ་གལ་ཅན།

ད་རེས་ནངས་པར་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ཨིནམ་ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོར་ ས་རུད་དང་ ཆུ་རུད་ལུ་བརྟེན་ཏེ་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་བྱུང་པའི་ནང་ལས་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ ཕུན་ཚོགས་གླིང་ དྲུང་ཁག་ནང་ ཆུ་རུད་ཀྱིས་ མི་སེར་གྱི་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་ནུག།ས་གནས་གཞུང་སྐྱོང་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་ལས་ ད་རེས་ རྒྱལ་ཁབ་ནང་ ཆརཔ་མ་ཆད་པར་ རྐྱབ་ནི་ཨིན་པའི་ སྔོན་བཤད་འབད་མི་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།དེ་འབདཝ་ལས་ ལྷན་ཁག་དང་ ལས་ཁུངས་ རྫོང་ཁག་བདག་སྐྱོང་ཚུ་ལུ་ རང་སོའི་ཆ་འོག་གི་ ལས་བྱེདཔ་དང་ མི་སེར་ཚུ་ག་ར་ རིགཔ་བསྒྱིམས་ཏེ་ སྡོད་དགོ་པའི་ བརྡ་ལན་འབད་དགོ་པའི་ཁར་ རང་སོའི་འོག་ལུ་ཡོད་མི་ བརྡ་བརྒྱུད་ཚུ་གི་ནང་ཡང་ གཤམ་འཁོད་ལམ་སྟོན་ཚུ་ གསལ་བསྒྲགས་འབད་དགོཔ་སྦེ་ཡང་བཀོད་ནུག།དེ་ཡང་ གཙང་ཆུ་དང་ རོང་ཆུ་ཚུ་གི་ སྦོ་ལོགས་ཁར་ འགྱོ་ནི་ལས་ འཛེམ་དགོཔ་དང་ ཧེ་མར་ ཆུ་རུད་ཐོན་མི་ རང་སྡོད་སའི་ ས་ཁོངས་ཚུ་གི་ནང་ཡང་ རིགཔ་བསྒྱིམ་སྟེ་ སྡོད་དགོ་པའི་ […]

gyalchi
Online now: 9 Today: 1833 Total visitors: 17269