ArchiveAboutContact

Archive

Browse by month

11296 stories

World News

ཡུ་ཨེཛ་དང་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་བར་ན་ ཧ་ཝའི་ལུ་ དམག་སྡེའི་གསུང་གྲོས།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ ཉེན་སྲུང་དང་ལྡན་པའི་ ལག་ལེན་གྱི་སྐོར་ལས་ རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཁག་ལེ་ཤ་ཅིག་ འཚོགས་ཅི་ཟེར་ཨིན་པས།དེ་མ་ཚད་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ལུ་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ བྱ་སྟབས་མ་བདེཝ་ འཐོན་ཏེ་ཡོད་མི་དེ་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་དགོ་པའི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་བཟུམ་སྦེ་ རྒྱལ་ཁབ་ ༢ ཀྱི་ འགོ་དཔོན་ཚུ་གི་བར་ན་ འདས་པའི་ལོ་ངོ་དག་པ་ཅིག་ནང་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ བསྐྱར་ཞིབ་ཚུ་འབད་དེ་ ཡུན་བརྟན་ཅན་གྱི་ མཁའ་དབྱིངས་ལག་ལེན་ ཉེན་སྲུང་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ ཏ་ཡེ་ཝཱན་དང་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ རྒྱ་ནག་གི་ ལག་ལེན་ཚུ་དང་འབྲེལ་ཏེ་ མ་ལེགསཔ་ཐལ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལུ་ སངས་རྒྱས་ཀྱི་ རིང་བསྲེལ་བྱིན་ལྡན་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ བོད་ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ སྐུ་ཕྲེང་ ༡༤ པ་མཆོག་ལུ་ ཤྲཱི་ལངྐ་ལས་ ཆོས་ཕྱོགས་སྡེ་ཚན་ཅིག་གིས་ སངས་རྒྱས་ཀྱི་ རིང་བསྲེལ་བྱིན་ལྡན་ཚུ་ཕུལ་ནུག།དེ་ཡང་ སྐྱབས་མགོན་རིན་པོ་ཆེ་མཆོག་གི་ ཡིག་ཚང་ལས་ བརྙན་ཐུང་ཅིག་ ཁྱབ་སྤེལ་འབད་མི་དང་འཁྲིལ་བ་ཅིན་ ཤྲཱི་ལངྐའི་ ཆོས་ཕྱོགས་སྡེ་ཚན་དེ་ རཱ་ཇ་གུ་རུ་ཤྲཱི་སུ་བུ་ཏི་ མ་ཧཱ་བི་ཧཱ་ར་ དགོན་སྡེའི་ནང་ལས་ བླམ་ཝཱཛ་ཀ་དུ་ཝེ་ མ་ཧིན་ད་ཝམ་ས་ ན་ཡ་ཀ་ ཐེ་རོ་དང་ ཤྲཱི་ལངྐ་ ནང་པའི་མི་སྡེ་ནང་ལས་ ཌོག་ཊར་ད་མེན་ཌ་ པོ་ར་གི་ཟེར་མི་གིས་ འགོ་ཁྲིད་འབད་དེ་ཡོདཔ་ཨིན་པས།དེ་བཟུམ་མའི་ སངས་རྒྱས་ཀྱི་ རིང་བསྲེལ་ཚུ་ཡང་ དྷ་རམ་ས་ལ་ལུ་ སྐྱབས་མགོན་རིན་པོ་ཆེ་མཆོག་གི་ གཟིམ་ཅུང་ནང་སྦེ་ ཕུལ་བའི་སྐབས་ལུ་ སྲིད་སྐྱོང་སྤེན་པ་ཚེ་རིང་དང་ སྐྱབས་རྗེ་གླིང་རིན་པོ་ཆེ་གིས་ དབུ་གཙོས་པའི་ སྐུ་མགྲོན་ཚུ་གིས་ གྲལ་གཏོགས་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

དབུ་ཁྲིད་ ༣ གྱིས་ ལྷོ་རྒྱ་ནག་གི་ རྒྱ་མཚོའི་འབྱེལཝ་ འཇོམས་ཐབས་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ ཕི་ལི་པིན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་ རྒྱ་པཱན་ ཕི་ལི་པིན་ རྒྱལ་ཁབ་ ༣ གྱི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ ལྷོ་རྒྱ་ནག་གི་ རྒྱ་མཚོ་དང་འབྲེལ་བའི་ བྱེལཝ་འཇོམས་ཐབས་ཀྱི་ གྲོས་གཞི་དེ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།ཤུལ་མའི་བདུན་ཕྲག་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་དང་ ཕི་ལི་པིན་གྱི་སྲིད་འཛིན་ ཕར་ཌི་ནེན་ མར་ཀོཛ་ཇུ་ནི་ཡར་ ༢ དང་གཅིག་ཁར་ དཔལ་འབྱོར་གྱི་འབྲེལ་བ་དང་ ཨིན་ཌོ་པེ་སི་ཕིག་གི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།རྒྱ་ནག་གིས་ རྒྱ་མཚོ་དེ་ ཁོང་གི་བདག་དབང་འོག་ལུ་ཨིནམ་སྦེ་ ཐོབ་བརྗོད་བཀོད་དོ་ཡོདཔ་མ་ཚད་ རྒྱ་ནག་ལས་ ཀི་ལོ་མི་ཊར་ ༡,༠༠༠ ལྷགཔ་ཅིག་གི་ ས་ཁར་ཡོད་མི་ རྒྱ་མཚོའི་ནང་ མཚོ་འགྲམ་ཉེན་སྲུང་གི་ གྲུ་ཟིང་ཚུ་ཡང་ བཏང་སྟེ་ཡོདཔ་ཨིན་པས།འདས་པའི་ལོ་ནང་ རྒྱ་ནག་དང་ ཕི་ལི་པིན་གྱི་བར་ན་ རྒྱ་མཚོའི་ནང་ ཚར་ལེ་ཤ་ཅིག་ར་ གདོང་ཐུག་འབད་བའི་ཁར་ འདས་པའི་ཟླཝ་ནང་ཡང་ ཕི་ལི་པིན་གྱིས་ ལྷོ་རྒྱ་ནག་གི་ རྒྱ་མཚོའི་མཐའ་མར་ གནམ་གྲུ་ཅིག་ […]

Special News

རྒྱལ་ཡོངས་བཟོ་བཀོད་དང་ རིག་རྩལ་འགྲན་བསྡུར་ནང་ ཐེངས་ ༢༢ པའི་ནང་ གྲལ་གཏོགས་འབད་ཚུ་གི་གྲས་ལས་ འོས་འབབ་ཡོད་མི་ཚུ་ལུ་ ངེས་སྦྱོར་ལག་ཁྱེར་དང་ འགྲེམ་སྟོན་སྒོ་འབྱེད།

རྒྱལ་ཡོངས་བཟོ་བཀོད་དང་ རིག་རྩལ་འགྲན་བསྡུར་ ཐེངས་ ༢༢ པའི་ནང་ གྲལ་གཏོགས་འབད་མི་ཚུ་གི་གྲས་ལས་ འོས་འབབ་ཡོད་མི་ཚུ་ལུ་ ངེས་སྦྱོར་ལག་ཁྱེར་དང་ གསོལ་རས་ཚུ་ མཐར་འཁྱོལ་ཅན་སྦེ་ གནང་པའི་ཤུལ་ལས་ འགྲེམ་སྟོན་ཅིག་ཡང་ འགོ་འབྱེད་མཛད་གནང་ནུག།.དུས་སྟོན་དེ་ཁར་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་དང་ ཆེ་མཐོའི་སྐུ་མགྲོན་ཚུ་ཡང་ བྱོན་ཡོདཔ་ཨིན་པས།དེ་མ་ཚད་ རྒྱལ་ཁབ་མཐའ་དབུས་མེད་པའི་ རིག་རྩལཔ་དང་ དང་འདོད་ཅན་གྱི་ ལག་བཟོཔཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ད་ དུས་སྟོན་དེ་ནང་ འབྲུག་གི་ལམ་སྲོལ་སྣ་ཚོགས་དང་ ལག་བཟོཔ་ཚུ་གི་ ཁྱད་དུ་འཕགས་པའི་ རིག་རྩལ་དང་ མཁས་རྩལ་ཚུ་ལུ་ གཙོ་བོར་བཏོན་ནུག།རྒྱལ་ཡོངས་བཟོ་བཀོད་དང་ རིག་རྩལ་འགྲན་བསྡུར་གྱི་ འགྲེམ་སྟོན་དང་ ཚོང་སྒྱུར་དེ་ མི་མང་གི་དོན་ལུ་ སྤྱི་ཟླ་ ༤ པའི་ཚེས་ ༥ ལས་ ༢༠ གི་བར་ན་ རྒྱལ་འཛིན་ཐགས་རིགས་སྤེལ་ཁང་ནང་ སྒོ་ཕྱེ་སྟེ་ བཞག་ནི་ཨིན་པའི་གནས་ཚུལ།

World News

བློན་ཆེན་རི་ཤི་སུ་ནག་ལུ་ ཡུ་ཀེ་གིས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་ བཀག་དམ་འབད་དགོ་པའི་ནན་སྐུལ།

ཨཱལ་ཇ་ཟི་ར། པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མིའི་ནང་ ཡུ་ཀེའི་མི་ཁུངས་ ༣ གྱིས་གཙོས་པའི་ གྲོགས་རམ་གྱི་ ལཱ་འབད་མི་ ༧ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་ལུ་ ཡུ་ཀེའི་ཁ་ཐུག་ལས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་དེ་ བཀག་དམ་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།དེ་ཡང་ ལི་བཱ་རཱལ་ ཌེ་མོ་ཏེར་ཊིག་ སྲིད་ཚོགས་དང་ སི་ཀོ་ཊིཤ་ རྒྱལ་ཡོངས་སྲིད་ཚོགས་ཀྱིས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་ མཚམས་འཇོག་འབད་ནིའི་དོན་ལས་ ད་རེས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ཨིཛ་ཊར་དུས་སྟོན་གྱི་ ངལ་གསོ་ནང་ཨིན་རུང་ ལོག་འབོ་ཞིནམ་ལས་ གསུང་གྲོས་གནང་དགོཔ་སྦེ་ཞུ་ནུག།ཡུ་ཀེ་ལུ་ དུས་ཅི་ ལོ་མཇུག་ཁམས་ཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་ནི་བཟུམ་ཅིག་ཡོད་མི་ ལྡོག་ཕྱོགས་ཚོགས་པ་ ལེ་བཱར་གྱིས་འབད་བ་ཅིན་ ཨིཛ་རེལ་གྱིས་ རྒྱལ་སྤྱི་ཁྲིམས་ལུགས་ལས་ འགལ་བ་ཡོད་པ་ཅིན་ ཡུ་ཀེ་གཞུང་གིས་ མཚོན་ཆ་བཙོང་ནི་དེ་ མཚམས་འཇོག་འབད་དགོ་ཟེར་ཨིན་པས།བར་སྐབས་ཅིག་ཁར་ ཡུ་ཀེའི་ཁྲིམས་རྩོདཔ་དང་ ཁྲིམས་དོན་མཁས་མཆོག་ ཆེ་མཐོའི་དྲང་དཔོན་བགྲེསཔ་ ༦༠༠ ལྷགཔ་ཅིག་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བགྲེསཔ་ […]

World News

ཏ་ཡེ་ཝཱན་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་པ་ལུ་བརྟེན་ཏེ་ མིའི་ཚེ་སྲོག་དང་ རྒྱུ་དངོས་ལུ་གནོད་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༤ གི་དྲོ་པ་ ཏ་ཡེ་ཝཱན་ལུ་ ས་ཡོམ་ཤུགས་ཚད་ ༧.༢ འབད་མི་ཅིག་ རྐྱབ་ཡོད་མི་དེ་ ད་ཚུན་ ལོ་ངོ་ ༢༥ གི་ ནང་འཁོད་ལུ་ འགོ་དང་པ་ཨིནམ་ད་ ས་ཡོམ་དེ་ནང་ གནོད་སྐྱོན་བྱུང་མི་དང་ བྱང་སྟོར་ཤོར་མི་ཚུ་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབདཝ་ཨིན་པས།སྤྱི་ཟླ་ ༤ པའི་ཚེས་ ༤ ཚུན་ལུ་ རྐྱེན་ངན་དེ་ནང་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ མི་གྲངས་ ༡,༠༣༨ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༥༢ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ད་ ས་ཡོམ་དེ་ཡང་ ཏ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་ཀྱི་ ཤར་ཁ་ཐུག་ལུ་རྐྱབ་ནུག།ས་ཡོམ་དེ་གིས་ སྒྲིང་ཁྱིམ་གྱི་རྩ་བོ་ཚུ་ ཧྲམ་བཏང་པའི་ཁར་ ཟམ་དང་ ས་དོང་གི་ འགྲུལ་ལམ་ཚུ་ཡང་ མེདཔ་བཏང་ཡོདཔ་ད་ སྒྲིང་ཁྱིམ་ལེ་ཤ་ཅིག་གི་ འོག་ཐོག་ཚུ་ རམ་ཡར་སོངཔ་ལས་ ས་ཁར་འགྱེལ་སག་ས་སྦེ་ཡོདཔ་ཨིན་པས།དེ་ལས་ གཞན་ཡང་ རྡོ་ཕོང་དང་ […]

World News

ར་ཤི་ཡའི་ དམག་འཛིང་གནམ་གྲུ་ཆུང་བ་ ཌཱོན་ཚུ་གིས་ ཡུ་ཀེ་རེན་གྱི་ ས་གནས་ཁར་ཀིབ་ལུ་ མི་གྲངས་ ༤ དམར་བསད།

ཨཱལ་ཇ་ཟི་ར། ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ ༢ པ་ ཁར་ཀིབ་ལུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཏེ་ ཉུང་ཤོས་ར་ མི་གྲངས་ ༤ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ ༡༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་ཡང་ དམག་འཛིང་གནམ་གྲུ་ཆུང་བ་ ཌཱོན་ཤ་ཧིད་ཟེར་མི་ཚུ་གིས་ ར་ཤི་ཡའི་ ས་མཚམས་ཁར་ཡོད་མི་ ཁྲོམ་ཚོགས་ཁར་ཀིབ་ཀྱི་ སྒྲིང་ཁྱིམ་ ༢ ལུ་ ཕོག་ཡོདཔ་ད་ ར་ཤི་ཡ་གིས་ ས་གནས་དེ་ཁར་ འཕྲལ་འཕྲལ་སྦེ་ར་ དམིགས་གཏད་བསྐྱེད་ཐོག་ལས་ གནོད་འཚུབ་བཀལ་དོ་ཡོདཔ་ཨིན་པས།སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ ཁྲོམ་དཔོན་ཨི་གོར་ ཏེ་རེ་ཁོབ་ཀྱིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཐོག་ཚད་ལེ་ཤ་འབད་མི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་ལན་ཐེངས་ ༢ བཀལ་མིའི་ནང་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ ༢ ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ ཁར་ཀིབ་མངའ་སྡེའི་ནང་ སྒྲིང་ཁྱིམ་དེ་ མི་རློབས་ལེ་ཤ་ཅིག་གི་ སྡོད་གནས་ཨིན་ཟེར་བཀོད་ནུག།ཡུ་ཀེ་རེན་གྱི་ […]

World News

ཡུ་ཨེཛ་གི་མངའ་སྡེ་ ཕོ་ལོ་རི་ཌ་ལུ་ བཟོ་བསྐྲུན་གྱི་ ལཱ་འབད་མི་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ ཡུ་ཨེཛ་ཕོ་ལོ་རི་ཌ་ མངའ་སྡེའི་ཁྲོམ་སྡེ་ ལའུ་ཌར་ཌ་ལེ་ཟེར་སར་ སྒྲིང་ཁྱིམ་ཅིག་གི་གུ་ལས་ འཕྲུལ་འཁོར་སྐེ་རིང་གི་ ཆ་ཤས་ཅིག་ ས་ཁར་བུད་བའི་ རྐྱེན་ངན་ནང་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༣ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ རྩལ་གཡོག་སྡེ་ཚན་གྱིས་ འཕྲུལ་འཁོར་སྐེ་རིང་དེ་གི་ མཐོ་ཚད་ཡར་སེང་འབད་བའི་སྐབས་ལུ་ ཆ་ཤས་ཅིག་ལུ་ ལྷོད་ཞུགས་ཏེ་ ས་ཁར་བུད་ནུག་ཟེར་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་བསྒང་ ཟམ་གུ་ལས་ཕར་ འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་ཀར་ཅིག་གི་ གདོང་ཕྱོགས་ལུ་ཕོག་སྟེ་ ཆག་དཀྲུམ་འབད་ཡོདཔ་ད་ ཤི་རྐྱེན་བྱུང་མི་དེ་ཡང་ སྐེ་རིང་གི་ཆ་ཤས་དང་སྦྲགས་ཏེ་ ས་ཁར་བུད་མི་ བཟོ་བསྐྲུན་གྱི་ ལས་གཡོགཔ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 10 Today: 85 Total visitors: 22281