རྒྱ་གར་གྱི་ བློན་ཆེན་གྱི་ བཙག་འཐུའི་ནང་ལས་ མོ་དི་གིས་ རྒྱལ་ཁ་ཐོབ་ཡོདཔ།
ཨེན་ཌི་ཊི་ཝི། རྒྱ་གར་ལུ་ བློན་ཆེན་བཙག་འཐུའི་ནང་ལས་ བྷ་ར་ཏི་ཡ་ ཇ་ན་ཏ་ སྲིད་ཚོགས་ཀྱི་ འགོ་ཁྲིད་འབད་དེ་ཡོད་མི་ རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་ ནེ་ཤ་ནཱལ་ ཌེ་མོ་ཀེ་རི་ཊིག་ ཨེ་ལ་ཡེནཛ་གིས་ སྡོད་ཁྲི་ ༢༩༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག། དེ་འབདཝ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ གཞུང་གསར་བཙུགས་གནང་ནི་ཨིནམ་ད་ མོ་དི་གིས་ འཕྲོ་མཐུད་དེ་ར་ བློན་ཆེན་གྱི་ གོ་གནས་འཆང་མི་དེ་ གནས་ཡུན་ ༣ པ་ཨིན་པས། བློན་ཆེན་མོ་དི་དེ་ དམངས་གཙོ་མཐུན་ཚོགས་ཀྱི་ འགོ་ཁྲིད་ཐོག་ལས་ བློན་ཆེན་སྦེ་ གདམ་འཐུ་འབད་མི་དང་འབྲེལ་ཏེ་ རྒྱལ་ཁབ་ནང་ གོམ་པ་མདུན་སྤོའི་ ཕྱག་ལཱ་ལེགས་ཤོམ་སྦེ་ གནང་མི་ལུ་ བཀྲིས་ལེན་སྨོན་ཚུ་ ཕུལ་ཡོདཔ་མ་ཚད་ བརྩོན་ཤུགས་ཀྱི་སྒོ་ལས་ འཛམ་གླིང་ནང་ རྒྱལ་ཁབ་ཀྱི་ གནས་ཚད་ཡར་སེང་འབད་མི་ལུ་ཡང་ བསྔགས་བསྟོད་ཚུ་ཕུལ་ནུག། སྤྱི་ཟླ་ ༦ པའི་ཚེས་ ༦ གི་དྲོ་པར་ དམངས་གཙོ་མཐུན་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་གིས་ […]
