ArchiveAboutContact

Archive

Browse by month

11304 stories

National News

གཞུང་ཚབ་ཚུ་གིས་ རང་སོའི་གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ ཨཱཛ་ཊེ་ལི་ཡ་དང་ ཡུ་རོ་པིན་ ཡུ་ནེ་ཡེན་ ཨ་ཟར་བཱ་ཡེ་ཇཱན་ ཤྲཱི་ལངྐ་ཚུ་འབདཝ་ད་ རྒྱལ་ཁབ་ཁག་ ༤ གི་ གཞུང་ཚབ་ཚུ་གིས་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ རང་སོའི་གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ འཚོགས་གནང་ནི་གི་ ཚེས་གྲངས་འགྱུར་བཅོས།

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་དེ་ སྤྱི་ཟླ་ ༦ པའི་ཚེས་ ༩ ལས་ འགོ་བཙུགས་ཏེ་ འཚོགས་གནང་ནི་ཨིན་པའི་ གསལ་བསྒྲགས་གནང་ཡོད་རུང་ དུས་ཚོད་དུམ་གྲ་ཅིག་ ཕར་ཕུད་རྐྱབ་ཡོད་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསལ་བསྒྲགས་ཅིག་ ཁྱབ་སྤེལ་གནང་མིའི་ནང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ འཚོགས་གནང་ནི་སྦེ་ གཏན་འཁེལ་སོང་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

འབྲུག་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་ འཚོགས་གནང་ནི།

སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་དེ་ འགོ་བཙུགས་གནང་ནི་དང་ དེ་བསྒང་ ཚོགས་བཞུགས་དེ་ནང་ སྲིད་བྱུས་བསྐྱར་ཞིབ་སྙན་ཞུ་དང་ བཅའ་ཁྲིམས་བསྐྱར་ཞིབ་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས།དེ་ཡང་ ས་སྟོང་དང་ གུང་སྟོང་གི་ བསྐྱར་ཞིབ་སྙན་ཞུ་དང་ དངུལ་རྩིས་བློན་པོ་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་སྙན་ཞུ། གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་གི་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ འབྲེལ་འཛིང་དང་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་མི་གུ་ རྒུད་འཐུས་སྤྲོད་ནི་གི་ སྲིད་བྱུས་བསྐྱར་ཞིབ་ མཛད་ནི་དང་།དེ་བཟུམ་སྦེ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་བཅའ་ཁྲིམས་ ༢༠༡༣ ཅན་མའི་ གནས་སྐབས་སྙན་ཞུ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། དབང་པོ་སྐྱོན་ཅན་གྱི་ མི་ངོམ་ཚུ་གི་ གནས་སྟངས་བསྐྱར་ཞིབ་སྙན་ཞུ། རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་ དེ་ལས་ རྩིས་ལོ་ ༢༠༢༣-༢༠༢༤ […]

World News

རྒྱ་ནག་རྒྱལ་ཁབ་ནང་ གཟུགས་ཀྱི་ལྗིད་ཚད་ཕབ་ནི་གི་ སྨན་རྫས་ཚོང་སྒྱུར་རྒྱ་སྐྱེད།

ཨཱལ་ཇ་ཟི་ར། རྒྱ་ནག་ལུ་ སྨན་རྫས་ཨོ་ཟེམ་པིག་ཟེར་མི་དེ་ སྤྱི་ལོ་ ༢༠༢༡ ལུ་ གུ་རམ་ནད་གཞིའི་སྨན་སྦེ་ གནང་བ་གྲུབ་ཡོད་རུང་ ད་རེས་འབདཝ་ད་ སྨན་རྫས་དེ་ནང་ གཟུགས་ཀྱི་ལྗིད་ཚད་ཕབ་ནི་གི་ རྫས་སྦྱོར་ཡོདཔ་ལས་ སྨན་རྫས་དེ་ དགོས་མཁོ་བཀོད་མི་ ཡར་སེང་སོང་ནུག།དེ་ཡང་ རྒྱ་ནག་ལུ་ སྨན་རྫས་ཚོང་སྒྱུར་འཐབ་མི་ཚུ་གིས་ སྨན་རྫས་ཨོ་ཟེམ་པིག་གི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལུ་ ཚོང་བསྒྲགས་འབད་དོ་ཡོདཔ་ཨིན་པས།ཨཱཛ་ཊེ་ལི་ཡ་ལུ་ཡོད་མི་ རྒྱ་ནག་དང་ ཨེ་ཤི་ཡའི་ ཞིབ་འཇུག་གཙུག་ལག་སློབ་སྡེའི་ནང་ལས་ ལེགས་སྦྱར་བ་ པཱན་ཝང་གིས་ སྤྱིར་བཏང་ལུ་ གཟུགས་གཞི་ཕྱ་སི་སི་དེ་ རྒྱ་ནག་གི་ ཨམ་སྲུ་ཚུ་གི་ མོ་ལེགས་ཀྱི་ ཚད་གཞི་ཅིག་སྦེ་ བརྩི་སྲོལ་ཡོད་ལུགས་དང་ ཨམ་སྲུ་ལ་ལོ་ཅིག་གིས་ རང་གི་གཟུགས་ཁམས་ཀྱི་ གནས་སྟངས་ཚུ་ རྒྱབ་ཁར་བསྐྱུར་ཏེ་ གཟུགས་ཀྱི་ལྗིད་ཚད་ཕབ་ཐབས་ལུ་ བརྩོན་དོ་ཡོདཔ་སྦེ་བཤད་ནུག།ད་རེས་ནངས་པར་ རྒྱ་ནག་ལུ་ རང་སོའི་གཟུགས་ཀྱི་ལྗིད་ཚད་ ཕབ་ནིའི་དོན་ལས་ ཐབས་ཤེས་སྣ་ཚོགས་ ལག་ལེན་འཐབ་མི་དེ་ཡང་ རྒྱ་ནག་གི་ མི་རློབས་བརྒྱ་ཆ་ ༥༠ དེ་ཅིག་ལུ་ ཚད་ལས་རྒལ་བའི་ ལྗིད་ཚད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སུ་དཱན་རྒྱལ་ཁབ་ནང་ ངོ་ལོགཔ་དམག་མི་ཚུ་གིས་ མི་གྲངས་ ༡༥༠ དམར་བསད།

སི་ཨེན་ཨེན། སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ སུ་དཱན་རྒྱལ་ཁབ་ནང་ ངོ་ལོགཔ་དམག་མི་ཚུ་གིས་ མི་གྲངས་ ༡༥༠ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ ༢༠༠ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་ཡང་ ངོ་ལོགཔ་དམག་མི་ཚུ་ མཚོན་ཆ་འབག་སྟེ་ སྣུམ་འཁོར་ ༤༠ ལྷགཔ་ཅིག་གི་ནང་སྦེ་ གཡུས་ཚན་ནང་འོང་སྟེ་ ས་གནས་ཀྱི་ ཞི་བའི་མི་སེར་ཚུ་ དམར་བསད་དང་ རྨ་བཏོན་ཁྲག་བཏོན་འབད་མིའི་གྲས་ཁར་ ཨམ་སྲུ་དང་ ཨ་ལོ་ཚུ་ཡང་ ལེ་ཤ་ཅིག་ཡོདཔ་སྦེ་ཨིན་པས།ད་རེས་ སུ་དཱན་གྱི་ དྲག་པོའི་དམག་མི་དང་ ངོ་ལོགཔ་དམག་མི་ཚུ་གི་བར་ན་ ཕྱད་མདའ་རྐྱབ་རྐྱབ་སར་ཡོདཔ་ལས་ མི་སེར་ཚུ་ འདྲོག་བྱེལ་འཐབ་སྟེ་ སྡོད་དོ་ཡོདཔ་ད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ནང་ལས་ འགོ་བཟུང་སྟེ་ ནང་འཁྲུག་ལང་མི་ལུ་བརྟེན་ཏེ་ མི་སེར་ས་ཡ་ ༧ ལྷགཔ་ཅིག་ རང་སོའི་སྡོད་གནས་ སྤོ་དགོཔ་ཐོན་ནུག།སུ་དཱན་ལུ་ དེ་སྦེ་ ནང་འཁྲུག་ལང་ནི་ འགོ་བཙུགས་པའི་ཤུལ་ལས་ དྲག་པོའི་དམག་སྡེ་དང་ ངོ་ལོགཔ་དམག་སྡེ་གཉིས་ཆ་ར་གིས་ ཞི་བའི་མི་སེར་ཚུ་ གར་ལྷོད་སྦེ་ དམར་བསད་འབད་དོ་ཡོད་པའི་ […]

World News

མ་ཡན་མར་ རྒྱལ་ཁབ་ནང་ དམག་མི་ཚུ་གིས་ གཡུས་ཚན་གྱི་ མི་སེར་ ༥༠ དེ་ཅིག་དམར་བསད།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ མ་ཡན་མར་གྱི་ ར་ཁི་ནེ་མངའ་སྡེའི་ གཡུས་ཚན་ཅིག་ནང་ དམག་མི་ཚུ་གིས་ དབང་བཙོང་ཐོག་ལས་ མི་སེར་ ༥༠ དེ་ཅིག་ དམར་བསད་འབད་ནུག།དེ་ཡང་ མཐོང་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དམག་མི་ཚུ་གིས་ མི་སེར་ཚུ་ མིག་ཏོ་བསྡམས་ཏེ་ བརྡུང་རྫོབ་འབད་བའི་ཤུལ་ལས་ ས་སྣུམ་པེ་ཊཱོལ་བླུགས་ཏེ་ པགས་ཀོ་འཚིག་བཅུག་པའི་ཁར་ རང་གི་ཆབ་གསང་ཡང་ འཐུང་བཅུག་སྟེ་ དུས་ཡུན་ཆུ་ཚོད་ ༣ གྱི་རིང་ལུ་ སྡུག་སྦྱོང་བཏང་ཡི་ཟེར་ཨིན་པས།མ་གཞི་ དམག་མི་ཚུ་ མ་ཡན་མར་ལུ་ དོན་སྨིན་ཅན་སྦེ་ དམག་འཐབ་འབད་མི་ ཨ་ར་ཀཱན་དམག་སྡེ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ འཚོལ་དོ་ཡོདཔ་ད་ དེ་བསྒང་ སྐྱེས་ལོ་ ༡༥ ལས་ ༧༠ གི་བར་ན་འབད་མི་ མི་གྲངས་ ༥༡ ལུ་ རྩུབ་སྤྱོད་འབད་བའི་ཁར་ དམར་བསད་ཡང་འབད་ནུག།གནད་དོན་དེ་གི་སྐོར་ལས་ གཞུང་སྐྱོང་དམག་སྡེ་ལྷན་ཚོགས་ཀྱིས་ ཁ་བཟེད་མ་བཏུབ་པར་ཡོདཔ་ད་ རྩུབ་སྤྱོད་དེ་ཡང་ མ་ཡན་མར་ལུ་ ནང་འཁྲུག་ལང་སྟེ་ ལོ་ངོ་ ༣ གྱི་ […]

World News

ཡུ་ཨེཛ་གཞུང་གིས་ ཏ་ཡེ་ཝཱན་ལུ་ མཁའ་དམག་གནམ་གྲུའི་ ཡན་ལག་ཅ་ཆས་ཚུ་བཙོང་ནི།

རོའི་ཊརཛ། ཡུ་ཨེཛ་གཞུང་གིས་ ཏ་ཡེ་ཝཱན་ལུ་ མཁའ་དམག་གནམ་གྲུ་ཨེཕ་-༡༦ ཉམས་བཅོས་འབད་ནི་ལུ་མཁོ་བའི་ ཡན་ལག་ཅ་ཆས་ཚུ་ ཌོ་ལར་ས་ཡ་ ༨༠ སྦེ་ བཙོང་ཆོག་པའི་ གནང་བ་བྱིན་ནུག།དེ་སྦེ་ མཁའ་དམག་གནམ་གྲུའི་ ཡན་ལག་ཅ་ཆས་ཚུ་ བཙོང་ཆོག་མི་ལུ་བརྟེན་ཏེ་ ཏ་ཡེ་ཝཱན་གྱི་ སྲིད་འབྲེལ་བརྟན་གཞི་དང་ དྲག་དམག་དོ་མཉམ་ དེ་ལས་ དཔལ་འབྱོར་གོང་འཕེལ་ཚུ་ལུ་ ལེགས་སྒྱུར་འཐོན་འོང་ཟེར་ ཡུ་ཨེཛ་སྲུང་སྐྱོབ་མཉམ་འབྲེལ་ལས་སྡེ་གིས་ བཀོད་ཡོདཔ་ཨིན་པས།ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ དེ་བཟུམ་མའི་ ཡན་ལག་ཅ་ཆས་ཚུ་ ང་བཅས་ལུ་ བཙོང་ཆོག་པའི་ གནང་བ་གནང་མི་ལུ་བརྟེན་ཏེ་ ཏ་ཡེ་ཝཱན་གྱི་ མཁའ་དམག་ལྕོགས་གྲུབ་དང་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ དགོས་མཁོ་ཚུ་ འགྲུབ་ཚུགས་ནི་ཨིན་པའི་ གསལ་བཤད་འབད་ནུག།རྒྱ་ནག་གི་ཧོངས་ལས་ ཏ་ཡེ་ཝཱན་གྱི་ རྒྱ་མཚོ་དང་ མཁའ་དབྱིངས་ཀྱི་ ས་ཁོངས་ཚུ་ནང་ ཧམ་འཛུལ་འབད་དེ་ སྦྱོང་བརྡར་གྱི་ ས་གོ་མེདཔ་ བཟོ་ཡོདཔ་མ་ཚད་ སྲུང་སྐྱོབ་གི་ ཐོབ་དབང་དེ་ཡང་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ནང་ གངས་རི་ཨི་བུ་ལས་ མེ་རི་ཐོན་པའི་དཀའ་ངལ།

ཨེ་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ ཨིན་ཌོ་ནེ་ཤི་ཡའི་ གངས་རི་ཨི་བུ་ཟེར་ས་ལས་ མེ་རི་ལན་ཐེངས་ ༢ ཐོན་མིའི་ ལྕགས་ཞུན་ཚུ་ གནམ་ཁར་གཏོརཝ་ལས་ ནུབ་མོ་ཡང་ གློག་ཀེམ་དོ་བཟུམ་མའི་ འོད་ཀྱིས་གངམ་ཨིན་པས།གངས་རི་དེ་ཡང་ ཧཱལ་མ་ཧེ་ར་ཟེར་སའི་ ཤར་ཕྱོགས་མཚོ་གླིང་ལུ་ མཐོ་ཚད་མི་ཊར་ ༡,༣༢༥ གི་ ས་ཁར་ཡོདཔ་ད་ མེ་རི་ཐེངས་དང་པ་དེ་ ནུབ་མོའི་ཆུ་ཚོད་ ༡.༣༠ ལུ་དང་ ཐེངས་གཉིས་པ་དེ་ དྲོ་པ་ཆུ་ཚོད་ ༧.༤༦ ལུ་ཐོན་ནུག།སྤྱི་ཟླ་ ༥ པའི་ཚེས་ ༡༦ ལས་ཚུར་ མེ་རིའི་གནོད་ཉེན་བཟློག་ཐབས་ལུ་ ཉེ་འདབས་ཀྱི་ གཡུས་ཚན་ཁག་ ༧ ལས་ མི་སེར་ཚུ་ སྡོད་གནས་སྤོ་བཤུད་འབད་ཡོདཔ་ད་ འདས་པའི་ཟླཝ་ནང་ རུ་ཨང་ཟེར་མི་ མེ་རི་ལུ་བརྟེན་ཏེ་ མི་གྲངས་ ༡༢,༠༠༠ ལྷགཔ་གཅིག་ སྡོད་གནས་སྤོ་དགོཔ་ བྱུང་ཡོདཔ་ཨིན་པས།དེ་མ་ཚད་ འདས་པའི་ཟླཝ་ནང་ཡང་ གངས་རི་མ་ར་པི་ཟེར་ས་ལས་ ལྕགས་ཞུན་བབས་མི་དང་ ས་རུད་དང་ ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ […]

Online now: 7 Today: 1727 Total visitors: 23923