ArchiveAboutContact

Archive

Browse by month

11304 stories

National News

སོ་ནམ་དང་ སྒོ་ནོར་ལྷན་ཁག་ལས་ ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ནང་ གྲལ་གཏོགས་བསྐྱར་གསོ་གཞི་སྒྱུར།

ཚེ་རིང་ལྷ་མོ། སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༡༢ པའི་ནང་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ སོ་ནམ་གྱི་ལཱ་ནང་ ན་གཞོན་ཚུ་གིས་ གྲལ་གཏོགས་ཡར་སེང་གི་དོན་ལུ་ གཞི་སྒྱུར་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡི།དེ་ཡང་ སོ་ནམ་གྱི་ལཱ་ཚུ་ དེང་དུས་ཀྱི་ ལམ་ལུགས་ཚུ་དང་ ཚུལ་མཐུན་བཟོ་ནི་དང་ དོ་འགྲན་ཚུ་བསལ་ནི་ དེ་ལས་ གོ་སྐབས་གསརཔ་ཚུ་བཏོན་ཏེ་ སོ་ནམ་གྱི་ལཱ་དེ་ ཡུན་བརྟན་ཅན་ བཟོ་ནི་ཨིན་པའི་ཁར་ ན་གཞོན་ཚུ་གི་དོན་ལུ་ སེམས་ཁར་འཐད་པའི་ ཚེ་གཡོག་སྦེ་ཡང་ གསར་བཏོད་འབད་ནི་གི་ ཐབས་བྱུས་ཚུ་ཨིན་པས།ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་ཞན་མི་དེ་ སོ་ནམ་གྱི་ ལཱ་འབད་བ་ལུ་ སྦུང་སྒུལ་གྱི་ དགོས་མཁོ་དང་ ལོ་ཐོག་ལུ་ རི་དྭགས་སེམས་ཅན་གྱི་གནོད་པ་ དེ་ལས་ ཞིང་ཆུ་མ་ལང་པའི་ དཀའ་ངལ་དང་ ཚོང་ལམ་གྱི་ གོ་སྐབས་དཀོན་དྲགས་འབད་བའི་ཁར་ དངུལ་འབྲེལ་གྱི་ དཀའ་ངལ་ཚུ་ལུ་བརྟེན་ཏེ་ཨིན་པས།བློན་པོ་གིས་ དེ་བཟུམ་མའི་ གནས་སྟངས་ནང་ དོ་འགྲན་ཚུ་ བསལ་ཐབས་ཀྱི་སྒོ་ལས་ སོ་ནམ་གྱི་ལཱ་དེ་ འོས་འབབ་དང་ལྡན་པའི་ དེང་དུས་ཀྱི་ […]

National News

བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ བཀོད་ཚོགས་ཆོས་རྒྱུགས་ཀྱི་གྲངས་སུ་ བསྐྱར་འཛུགས་འབད་ནི།

པདྨ་བཟངམོ། གཞུང་གི་ཁ་ཐུག་ལས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ སློབ་རིམ་ ༡༢ པའི་ བཀོད་ཚོགས་ཆོས་རྒྱུགས་ནང་ བསྐྱར་འཛུགས་འབད་ནི་གི་ གྲོས་ཆོད་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ གནས་ཚུལ་ཞལ་འཛོམས་ནང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ གསལ་བསྒྲགས་གནང་ཡོདཔ་ད་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ བློ་གསར་སློབ་རིམ་ལས་ སློབ་རིམ་ ༡༢ པ་ཚུན་གྱི་བར་ན་ ངེས་པར་དུ་ ལྷབ་སྦྱང་འབད་དགོ་པའི་ ཆོས་ཚན་ཅིག་ཨིན་རུང་ སློབ་རིམ་ ༡༢ པའི་ བཀོད་ཚོགས་ཆོས་རྒྱུགས་ནང་ལས་ བཏོན་ཡོདཔ་སྦེ་ཨིན་པས།བློན་པོ་གིས་ ཤེས་རིག་གི་ འབྱུང་རབས་ནང་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ ཆོས་རྒྱུགས་བཀལ་མ་དགོ་པའི་ ཆོས་ཚན་ཅིག་སྦེ་ བཞག་ནི་གི་ གྲོས་ཆོད་དེ་ཡང་ སློབ་ཕྲུག་ཚུ་ལུ་ དགོས་མཁོ་ཡོད་པའི་ འཕྲུལ་རིག་གི་ཉམས་མྱོང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ ལུགས་མཐུན་གྱི་ ཨེབ་ཤུགས་མེད་པར་ འཐོབ་ཐབས་ལུ་ཨིན་ ཟེར་གསུངས་ཡི།ད་རེས་འབདཝ་ད་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ ཨང་གནས་ཅན་གྱི་ འཛམ་གླིང་ནང་ མ་འོངས་པའི་ ཚེ་གཡོག་གི་དོན་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ འཕྲུལ་རིག་གི་ […]

World News

པ་ཀིཛ་ཏཱན་ལུ་ སྐྱབས་བཅོལ་བ་སྦེ་སྡོད་མི་ ཨཱཕ་ག་ནིཛ་ཏཱན་ན་གྱི་ མི་སེར་ཚུ་ ལོག་གཏང་ནི།

སི་ཨེན་ཨེན། སྤྱི་ལོ་ ༢༠༢༡ ལུ་ ཨཱཕ་ག་ནིཛ་ཏཱན་ལུ་ ཏ་ལི་བཱན་གྱི་ གཞུང་བཙུགས་པའི་ཤུལ་ལས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་དང་ ཡུ་ཨེཛ་གི་ དམག་སྡེ་ཚུ་ནང་ ཕྱག་ཞུ་མི་ ཨཱཕ་ག་ནིཛ་ཏཱན་གྱི་ མི་སེར་ཚུ་ ཏ་ལི་བཱན་གཞུང་ལུ་ འཚེར་སྣང་བསྐྱེད་དེ་ པ་ཀིཛ་ཏཱན་ལུ་ བྲོས་ཟུར་ཐོག་ལས་ ཡུ་ཨེཛ་ལུ་ འགྱོ་ནི་གི་ རེ་བ་བསྐྱེད་དེ་སྡོད་ནུག།ཨིན་རུང་ ད་རེས་ ཡུ་ཨེཛ་གིས་ སྐྱབས་བཅོལ་བ་ཚུ་ ནང་བསྐྱོད་འབད་མ་ཆོགཔ་སྦེ་བཟོཝ་ལས་ པ་ཀིཛ་ཏཱན་གྱིས་ ཁོང་རའི་རྒྱལ་ཁབ་ནང་ ལོག་གཏང་ནི་གི་ འཆར་གཞི་ཡོདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་སྲིད་འཛིན་གྱིས་ སྐྱབས་བཅོལ་བ་ཚུ་ ནང་བསྐྱོད་འབད་མ་ཆོག་པའི་ བཀོད་ཁྱབ་བཀའ་རྒྱ་ བཏོན་པའི་ཤུལ་ལུ་ པ་ཀིཛ་ཏཱན་གྱི་ བློན་ཆེན་ཡིག་ཚང་ལས་ ཨཱཕ་གྷན་གྱི་ མི་སེར་ཚུ་ སྤྱི་ཟླ་ ༣ པའི་ཚེས་ ༣༡ གི་ ནང་འཁོད་ལུ་ ལོག་སྟེ་ར་ ཁོང་རའི་རྒྱབ་ནང་ བསྐྱལ་ནི་ཨིན་པའི་ གོ་བརྡ་སྤྲོད་ནུག།འཛམ་གླིང་སྤྱི་ཚོགས་ སྐྱབས་བཅོལ་ལས་སྡེ་དང་ རྒྱལ་སྤྱི་གཞིས་སྤོ་ལས་ཚོགས་ ༢ ཀྱིས་ ཨཱཕ་ག་ནིཛ་ཏཱན་གྱི་ མི་སེར་ཚུ་ ཁོང་རའི་རྒྱལ་ཁབ་ནང་ […]

World News

ཨི་རཱན་གྱིས་ ཡུ་ཨེཛ་དང་གཅིག་ཁར་ གསུང་གྲོས་གནང་ནི་གི་ ལས་རིམ་ཆ་མེད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ ཡུ་ཨེཛ་གིས་ ཨི་རཱན་གྱི་ ས་སྣུམ་བཟོ་གྲྭའི་ རྒྱབ་འགལ་ལུ་ བཀག་དམ་གསརཔ་ཚུ་ ལག་ལེན་འཐབ་ཡོདཔ་ལས་ ཨི་རཱན་གྱི་ མངོན་མཐོའི་དབུ་ཁྲིད་ ཨ་ཡ་ཏོ་ལ་ ཨ་ལི་ ཁ་མེ་ནི་གིས་ ཡུ་ཨེཛ་དང་གཅིག་ཁར་ གསུང་གྲོས་གནང་ནི་ ལས་རིམ་རོད་མི་དེ་ ཆ་མེད་བཏང་ནུག།ཨི་རཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ ཨི་རཱན་གྱི་ རྒྱབ་འགལ་ལུ་ ཡུ་ཨེཛ་གིས་ གསལ་བསྒྲགས་འབད་མི་ བཀག་ཆ་ཚུ་ ཁྲིམས་འགལ་ཨིན་མི་དེ་ཡང་ ཡུ་ཨེཛ་གཞུང་གསརཔ་གིས་ ཨི་རཱན་གྱི་ མི་སེར་ཚུ་གི་ དཔལ་འབྱོར་མཉམ་རོགས་ཚུ་དང་གཅིག་ཁར་ ཁྲིམས་མཐུན་གྱི་ ཚོང་འབྲེལ་ཚུ་ བཀག་ཆ་འབད་ནི་དེ་ ཁྲིམས་འགལ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།ཡུ་ཨེཛ་གིས་ ཨི་རཱན་གྱི་ ས་སྣུམ་ཕྱིར་ཚོང་དེ་ བཀག་དམ་འབད་དེ་ ཚད་གཞི་ཀླད་ཀོར་གུ་ བཀལ་ནི་ཨིནམ་ད་ དེ་ཡང་ ཨི་རཱན་གྱི་ ཚོང་སྡེ་དང་ གྲུ་ཟིང་ དེ་ལས་ ས་སྣུམ་ཚོང་སྡེ་དང་འབྲེལ་བའི་ མི་ངོམ་ཡོངས་རྫོགས་ བཀག་ཆ་འབད་མི་ལུ་བརྟེན་ཏེ་ རྒྱ་ནག་ལུ་ ལོ་བསྟར་ས་སྣུམ་རྒྱ་ཛི་ས་ཡ་ལས་བཅད་དེ་ ཕྱིར་ཚོང་འཐབ་ནི་ལུ་ ཐོ་ཕོག་ནུག་ཟེར་ […]

National News

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཝང་ཕུག་རྒེད་འོག་གི་ ལོ་བསྟར་ཚེས་བཅུ།

འཇམ་དབྱངས་ཆོས་སྒྲོན། རང་ཟླ ༡༢ པའི་ཚེས་ ༡༠ སྤྱི་ཟླ ༢ པའི་ཚེས་ ༧ ལུ་ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་གི་ ལོ་བསྟར་ཚེས་བཅུ་དེ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་དང་བཅསཔ་སྦེ་ གྲོལ་ཡོདཔ་ད་ དེ་བསྒང་ ཚེས་བཅུ་མཇལ་བར་ མི་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།དེ་ཡང་ ཉིན་གྲངས་ ༤ གི་ ཝང་ཕུག་ཚེས་བཅུ་དེ་ རང་ཟླ་ ༡༢ པའི་ཚེས་ ༧ ལས་ རྒེད་འོག་གི་ རྟེན་འབྲེལ་ཐག་ནང་སྦེ་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ སྐུ་འཆམ་གཙོ་བོ་ ཕུར་འཆམ་དང་ དགྲ་མེད་རྩེའི་རྔ་འཆམ་ རཀྵ་དམངས་འཆམ་ཚུ་གི་ མཇལ་ཁ་གནང་ནུག།ཚེས་བཅུ་དེ་ སྤྱི་ལོ་ ༢༠༡༥ ལུ་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་ཐོག་ལས་ གོང་འཕེལ་བཏང་ཐབས་ལུ་ རྒེད་འོག་བདག་སྐྱོང་གིས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ ཚེས་བཅུ་དེ་ ཨོམ་ཟོར་དགོན་པའི་ ཏིང་འཛིན་འདྲ་བ་ཆོས་ཚོགས་དང་ རྒེད་འོག་བདག་སྐྱོང་ ༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།ཚེས་བཅུའི་སྐབས་ལུ་ ཉིན་བསྟར་བཞིན་དུ་ […]

National News

འབྲུག་རྒྱལ་ཡོངས་གློག་བརྙན་གྱི་ ལོ་བསྟར་དུས་སྟོན་གྱི་དོན་ལུ་ ལས་རྟགས་དང་ རྒྱལ་རྟགས་འགོ་འབྱེད།

འབྲུག་རྒྱལ་ཡོངས་གློག་བརྙན་གྱི་ ལོ་བསྟར་དུས་སྟོན་དེ་ དུས་ཅི་ལས་ འགོ་བཙུགས་ཏེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ འབྲུག་གློག་བརྙན་ཚོགས་པ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།དེ་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུཝ་དང་འབྲེལ་དེ་ འགོ་འདྲེན་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་མདོ་ཆེན་ འཇིགས་མེད་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གསོལ་རས་ཀྱི་ རྗེས་ཤུལ་དམིགས་ཡུལ་དེ་ གཙོ་བོ་ར་ དྭངས་གསལ་དང་ དྲང་བདེན་ འགན་འཁྲི་ཅན་སྦེ་ བཟོ་ཐབས་ལུ་ཨིནམ་ལས་ དུས་སྟོན་དེ་གི་ ཟད་འགྲོ་ཚུ་ཡང་ གཞུང་གི་ཁ་ཐུག་ལས་བཏང་ཏེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།དེ་སྦེ་ གཞུང་གི་ཁ་ཐུག་ལས་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ འདས་པའི་ལོ་ཚུ་ནང་ འབྲུག་གློག་བརྙན་ཚོགས་པ་གིས་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཕྱོགས་ལྷུང་དང་ ངན་ལྷད་ བྲེལ་ཟིང་ཚུ་ ལེ་ཤ་ཅིག་ ཐོན་པ་ལུ་བརྟེན་ཏེ་ཨིན་པས།སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༩ བཞེས་པའི་ […]

World News

ཡུ་ཨེཛ་གིས་ ད་ཚུནགྱི་བར་ན་ མེག་སི་ཀོ་ལས་ ནང་བསྐྱོད་འབད་མི་ མི་གྲངས་ ༡༡,༠༠༠ དེ་ཅིག་ ལོག་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༢༠ ལས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གཞུང་སྐྱོང་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ མེག་སི་ཀོ་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་མི་ མི་གྲངས་ ༡༡,༠༠༠ དེ་ཅིག་ མེག་སི་ཀོ་ལུ་ ལོག་བསྐྱལ་ནུག།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ མེག་སི་ཀོའི་སྲིད་འཛིན་ ཨམ་ཀོ་ལོ་ཌི་ཡ་ ཤིན་བཱམ་གྱིས་ བཤད་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཡུ་ཨེཛ་གིས་ དེ་སྦེ་ ལོག་བཏང་མི་ཚུ་གི་གྲས་ལས་ མི་གྲངས་ ༢,༥༠༠ དེ་ཅིག་ མེག་སི་ཀོའི་ མི་སེར་མིན་པས་ཟེར་ཨིན་པས།འདས་པའི་བདུན་ཕྲག་ནང་ ཨམ་ཤིན་བཱམ་དང་ ཊཱམ་གྱི་བར་ན་ མེག་སི་ཀོའི་ ཅ་དངོས་ཚུ་གུ་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་འབད་ནི་ལུ་ ཉེན་ཁ་བཀལ་མི་དེ་ མཚམས་འཇོག་འབད་དེ་ བཞག་ནི་དང་ དེ་གི་ཚབ་ལུ་ མེག་སི་ཀོའི་ཁ་ཐུག་ལས་ ཡུ་ཨེཛ་དང་སྦྱེལ་ཏེ་ཡོད་མི་ བྱང་ཕྱོགས་ས་མཚམས་ཁར་ མེག་སི་ཀོའི་ མི་སེར་ཚུ་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་ནི་ལས་ བཀག་ཐབས་ལུ་ རྒྱལ་ཡོངས་ས་སྲུང་དམག་མི་ […]

World News

བཱ་ར་ཟིལ་གྱི་ ས་གནས་ས་ཨོ་པའུ་ལོ་ལུ་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༢ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༢ པའི་ཚེས་ ༧ གྱི་དྲོ་པ་ ས་གནས་ཀྱི་ཆུ་ཚོད་ ༧.༢༠ དེ་ཅིག་ཁར་ བཱ་ར་ཟིལ་གྱི་ ལྷོ་ཕྱོགས་ས་གནས་ ས་ཨོ་པའུ་ལོ་ཟེར་སར་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་བྱུང་ནུག།དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ འུར་བྱེལ་ཅན་གྱི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་གུ་ བུད་སོངཔ་ལས་ སྣུམ་འཁོར་བཱཛ་དེ་ནང་སྦེ་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་ ༦ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།འཕྲུལ་ཨམ་ ༢ འབད་མི་ ཀིང་ཨེ་ཡར་གྱི་ གནམ་གྲུ་ཆུང་ཀུ་དེ་ ཀེམ་པོ་ཌི་མར་ཊི་ གནམ་ཐང་ལས་ འཕུར་འགྲུལ་འབད་བའི་ཤུལ་ལུ་ ཐུག་རྐྱེན་མ་བྱུང་པའི་ སྐར་མ་དག་པ་ཅིག་གི་ཧེ་མར་ ཚད་འཛིན་ཀ་ཁྱིམ་དང་ འབྲེལ་བ་འཐབ་མ་ཚུགས་པའི་བར་ན་ མེ་འབར་ཡོདཔ་ལས་ གནམ་གྲུ་དེ་ནང་གི་ མི་ ༢ པོ་དེ་ མེ་གིས་འཚིགས་ཏེ་ ཤི་རྐྱེན་བྱུང་ནུག།ཐུག་རྐྱེན་དེ་གི་སྐོར་ལས་ དབང་འཛིན་ཚུ་གིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 13 Today: 2402 Total visitors: 24598