ArchiveAboutContact

Archive

Browse by month

11287 stories

World News

ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་ སི་ཀོཊ་ལེན་ལུ་ཕེབས་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་ སི་ཀོཊ་ལེན་ལུ་ ཕེབས་ཡོདཔ་ད་ དེ་ཡང་ གཱོལཕ་རྩེ་ནི་དང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་གཅིག་ཁར་ ཚོང་འབྲེལ་གྱི་ འགྲིག་ཆ་བཟོ་ཚུགས་པའི་ རེ་འདུན་ཐོག་ལུ་བྱོན་ནུག།སྲིད་འཛིན་ཊཱམ་གྱིས་ སི་ཀོཊ་ལེན་ལུ་ཡོད་མི་ ཁོ་རའི་གཱོལཕ་རྩེད་ཐང་ ༢ ཀྱི་ནང་སྦེ་ བི་རི་ཊེན་གྱི་བློན་ཆེན་ ཀེར་སི་ཊར་མར་དང་ ཡུ་རོབ་རྒྱལ་ཁབ་ལྷན་ཚོགས་ཀྱི་གཙོ་འཛིན་ ཨུར་སུ་ལ་ ཝཱོན་ཌེར་ ལེ་ཡེན་དང་གཅིག་ཁར་ མཇལ་ཕྲད་མཛད་ནི་སྦེ་ཨིན་པས།མ་གཞི་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་གཅིག་ཁར་ ཚོང་འབྲེལ་འགྲིག་ཆའི་ གོ་སྐབས་དེ་ བརྒྱ་ཆ་ ༥༠-༥༠ སྦེ་ཡོདཔ་ལས་ གལ་སྲིད་ ཁོ་རའི་རེ་འདུན་ལྟར་དུ་ མཐར་འཁྱོལ་འབྱུང་པ་ཅིན་ ཚོང་འབྲེལ་གྱི་ གྲུབ་འབྲས་སྦོམ་ཤོས་ཅིག་ འཐོན་ནི་ཨིནམ་སྦེ་བཀོད་ནུག།ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གཙོ་འཛིན་གྱིས་ སི་ཀོཊ་ལེན་ལུ་སྦེ་ ཌོ་ནཱལ་ཊཱམ་དང་གཅིག་ཁར་ རེས་གཟའ་ཟླཝ་ལུ་ མཆལ་ཕྲད་མཛད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

ཤྲཱི་ལངྐ་ལུ་ འབྲུག་གི་གཞུང་ཚབ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ཤྲཱི་ལངྐའི་ སྲིད་འཛིན་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཡིག་ཆ།

སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ཤྲཱི་ལངྐའི་སྲིད་འཛིན་ མི་རྗེ་ཨ་ནུ་ར་ ཀུ་མ་ར་ དི་ས་ན་ཡ་ཀ་མཆོག་ལུ་ འབྲུག་གི་གཞུང་ཚབ་ཀྱི་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།དེ་ཡང་ བངལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ གཞི་གནས་ཐོག་ལས་ ཤྲཱི་ལངྐ་ལུ་ཡང་ འབྲུག་གི་གཞུང་ཚབ་ཨིན་མི་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ཤྲཱི་ལངྐའི་ སྲིད་འཛིན་གྱི་ ཡིག་ཚང་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལུ་ཕུལ་ནུག།དེ་སྦེ་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཚར་བའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་ འབྲུག་གི་མི་སེར་ཚུ་གི་ཧོངས་ལས་ ཤྲཱི་ལངྐ་གིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ དམིགས་བསལ་གྱིས་ གསོ་རིག་སྦྱང་བརྩོན་ཚུ་ནང་ གཏོང་ཕོད་ཅན་གྱི་ རྒྱབ་སྐྱོར་མཛད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་བརྟན་མཐུན་ལམ་ གཏིང་ཟབ་བཟོ་ནི་གི་ ཁས་ལེན་ཡོད་ལུགས་ཡང་ ཞུ་ཡོདཔ་ཨིན་པས།དེ་མ་ཚད་ དྲག་ཤོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ཤྲཱི་ལངྐའི་ འགོ་དཔོན་ཚུ་དང་གཅིག་ཁར་ ཟུང་ཕྱོགས་ཀྱི་ གནད་དོན་དང་ མོས་མཐུན་ཅན་གྱི་ མཐའ་དོན་གསརཔ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ནི་ཨིན་པའི་གནས་ཚུལ།

National News

མི་སེར་ཚུ་ལུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལས་ ཁས་བླངས་ཞབས་ཏོག་ཕུལ་ནིའི་ནང་ གྲལ་གཏོགས་ཀྱི་ནན་སྐུལ།

པདྨ་དབང་འདུས།སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་རྒྱལ་སྲས་ལྷན་རྒྱས་ཚུ་ དབུ་བཞུགས་ཐོག་ལས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་ བཟོ་བསྐྲུན་གྱི་ ཕྱག་ལཱ་ཚུ་ འགོ་བཙུགས་གནང་པའི་ཤུལ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྤྱི་འཛིན་ཡིག་ཚང་ལས་ རྒྱལ་ཁབ་མཐའ་དབུས་ཀྱི་ ཁས་བླངས་པ་ཚུ་གིས་ འབྱུང་རབས་ཅན་གྱི་ རྒྱལ་ཡོངས་བརྩོན་ཤུགས་དེ་ནང་ གྲལ་གཏོགས་འབད་དགོ་པའི་ ནན་སྐུལ་ གསལ་བསྒྲགས་ཅིག་ ཁྱབ་སྤེལ་གནང་ནུག།དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་བཟུམ་འབད་བ་ཅིན་ རྒྱལ་སྤྱི་གནམ་ཐང་ བཟོ་བསྐྲུན་གྱི་ ཕྱག་ལཱ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་སྐུ་འཁོར་ལྷན་རྒྱས་ཀྱིས་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་མི་དེ་གིས་ འབྲུག་མི་ཡོངས་ཀྱི་རྒྱུད་ལུ་ གཅིག་སྒྲིགལ་གྱི་དྲན་པ་དང་ དཔལ་ཉམས་གཏིང་ཟབ་སྦེ་ བསྐྱེད་དེ་ཡོད་ཟེར་ཨིནམ་ད་ ལས་འགུལ་དེ་ཡང་ མི་སེར་གྱི་ ལས་འགུལ་ཅིག་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་དེ་ མངོན་གསལ་ཅན་སྦེ་ འགྲུབ་ཐབས་ལུ་ མི་སེར་ཚུ་གིས་ སྤྲོ་ཤུགས་ཀྱི་སྒོ་ལས་ […]

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ཕྱད་མདའ་རྐྱབ་མིའི་ གནས་སྟངས་དུས་མཐུན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ རི་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ལོ་ངོ་ཕྱེད་དང ༤ ལང་མི་ ཕྱད་མདའི་སྐོར་ལས་ ཨིཛ་ཊཱན་བཱུལ་ལུ་ འགྲིག་ཆའི་གྲོས་བསྟུན་ མཐར་འཁྱོལ་འབྱུང་མ་ཚུགསཔ་ལས་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ གནོད་འཚུབ་ཚུ་ འཕྲོ་མཐུད་དེ་ར་ བཀལ་དོ་ཡོདཔ་ཨིན་པས། ཡུ་ཀེ་རེན་གྱི་ བློན་ཆེན་འོགམ་ ཨོ་ལེག་སི་ ཀུ་ལེ་བཱ་གིས་ ནུབམོ་ཅིག་ལུ་ར་ ར་ཤི་ཡ་གིས་ མཁའ་དམག་འཕྲུལ་ཆས་ཌྲཱོན་ ༡༠༣ དང་ མི་ཛ་ཡེལ་ ༤ གི་ཐོག་ལས་ ཞི་བའི་གཞི་རྟེན་མཁོ་ཆས་དང་ མཚོ་གྲུ་དང་ སྐྱེལ་འདྲེན་གྱི་ འཐོན་འཛུལ་ས་གོ་ དེ་ལས་ སྡོད་གནས་ས་ཁོངས་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ་སྦེ་ གསལ་བཤད་འབད་ནུག། གནོད་འཚུབ་དེ་ནང་ ཡུ་ཀེ་རེན་གྱི་ མཚོ་གྲུའི་འཐོན་འཛུལ་ས་གོ་ ཨོ་དེ་ས་ལུ་ མི་ ༡ དམར་བསད་དང་ གཞན་མི་ ༤ ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ ཁར་ཀིབ་ལུ་འབད་བ་ཅིན་ མི་ ༢ དམར་བསད་དང་ ༣༣ […]

World News

མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་བར་ན་ ཕྱད་མདའ་འགོ་བཙུགས་ཡོདཔ།

རོའི་ཊརཛ། མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ ས་མཚམས་ཁར་ ས་འོག་རྫས་བམ་གས་ཏེ་ མཐའ་ཡས་ལེན་གྱི་ ས་སྲུང་དམག་མི་ ༡ ལུ་ རྨ་སྐྱོན་བྱུང་པའི་ཤུལ་ལས་ ཕྱད་མདའ་འགོ་བཙུགས་ཏེ་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཉིནམ་ ༢ སོང་ཡོདཔ་ད་ ཕྱད་མདའ་དེ་ནང་ ཉུང་ཤོས་ར་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། མཐའ་ཡས་ལེན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཨུ་བཱོན་ རེཊ་ཅ་ཐ་ནི་དང་ སུ་རིན་ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་གི་བར་ན་ བྱེལཝ་ལངམ་ད་ ཀམ་བོ་ཌི་ཡའི་ཁ་ཐུག་ལས་ སྒྱོགས་མཚོན་དང་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་ཡོདཔ་ལས་ ས་ཁོངས་དེ་ཚུའི་ནང་ལས་ མི་སེར་འབུམ་ ༡ དེ་ཅིག་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས། དེ་བསྒང་ མཐའ་ཡས་ལེན་གྱི་ ཁ་ཐུག་ལས་ཡང་ དྲག་པོའི་དམག་མི་ཚུ་གིས་ དམག་འཐབ་ཀྱི་ གནས་སྟངས་དང་བསྟུན་ཏེ་ འོས་འབབ་ཡོད་པའི་ དགྲ་ལན་འཇལ་ཡོདཔ་སྦེ་བཀོད་ནུག། […]

World News

ར་ཤི་ཡའི་ ནགས་ཚལ་ནང་ གནམ་གྲུ་ཅིག་ བུད་སོངཔ་ལས་ འགྲུལ་པ་ཚུ་ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ ར་ཤི་ཡ་དེ་ སོ་ཝིད་ཡུ་ནི་ཡཱན་སྦེ་ སྡོད་པའི་སྐབས་ཀྱི་ གནམ་གྲུ་ཅིག་ ར་ཤི་ཡའི་ ཤར་ཕྱོགས་ལུང་ཕྱོགས་ ཨ་མུར་ཟེར་མི་ ནགས་ཚལ་ནང་ བུད་སོངཔ་ལས་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་ཨེན་ཊོ་ནོབ་-༢༤ འབད་མི་དེ་ ལུང་ཕྱོགས་ཀྱི་ མཁའ་ལམ་བདའ་སྟེ་ ཁ་བཱ་རོབ་ཟེར་ས་ལས་ བལ་གོ་བེཤ་ཤེང་ཟེར་སར་ འཕུར་འགྲུལ་འབད་བའི་བར་ན་ གནམ་གྲུ་ཤུལ་བལྟའི་ འཕྲུལ་ཆ་གུ་ལས་ ཡོལ་ཡར་སོ་ཡི་ཟེར་ཨིན་པས།ཞི་བའི་སྲུང་སྐྱོབ་དང་ མེ་རྐྱེན་ཉེན་སྲུང་གྲོགས་རམ་ལྟེ་བ་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ཐོག་ལས་ འཚོལ་ཞིབ་འབད་བའི་སྐབས་ལུ་ གནམ་གྲུ་དེ་ གངས་རི་ཅིག་གི་ གད་པ་གུ་ མཐོང་ཡོད་རུང་ མི་གསོན་པོ་སྦེ་ ༡ མ་མཐོང་ཟེར་ཨིནམ་ད་ གནམ་གྲུ་དེ་ བུད་བའི་ཤུལ་ལས་ མེ་འབར་ཡོདཔ་སྦེ་བཀོད་ནུག།གནམ་གྲུ་དེ་ཡང་ སྤྱི་ལོ་ ༡༩༧༦ ལུ་ བཟོ་བསྐྲུན་འབད་ཡོདཔ་ད་ གནམ་གྲུ་དེ་ནང་ ཨ་ལོ་ ༥ གིས་གཙོས་པའི་ འགྲུལ་པ་ ༤༣ དང་ གནམ་གྲུའི་ལས་གཡོགཔ […]

Online now: 7 Today: 679 Total visitors: 20810